首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 部门动态
杂多县第一民族中学首届文化艺术节 暨庆“五一、五四”田径运动会隆重举行
杂多县政府网站:http://www.zaduo.gov.cn    来源:    创建时间:2018/5/5 10:21:13    

 ཟླ་ལྔ་བའི་ཚེས་གསུམ་ཉིན་གྱི་སྔ་དྲོར།  སློབ་རའི་ཁོར་ཡུག་ཀུན་ཏུ་དར་མཚོན་རླུང་གིས་བསྐྱོན་ཞིང་མི་ཚོགས་ཀྱི་ཡོ་ལང་རྒྱས་ནས་དུས་ཆེན་གྱི་རྣམ་པ་ཀུན་ནས་མངོན་འདུག  རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དང་པོའི་སྐབས་ཐོག་མའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་། ལྔ་གཅིག་དང་ལྔ་བཞིར་རྟེན་འབྲེལ་ཞུ་བའི་ལུས་རྩལ་འགྲན་ཚོགས་ཀྱི་མགོ་རྩོམ་མཛད་སྒོ་སློབ་གྲྭའི་ལུས་རྩལ་ཐང་ཆེན་དུ་གཟབ་རྒྱས་ངང་བསྡུས། རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་འགྲུབ་དང་རྫོང་དཔོན་སའོ་ཧི། ཡུས་ཧྲུའུ་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་ཟུར་པ་དར་རྒྱས། ཁུལ་རིག་གནས་ཡུལ་སྐོར་ཅུའུ་ཡི་ཀྲུན་རིན་ཟུར་པ་ངག་དབང་དགེ་ལེགས།  རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཚེ་མགོན་དང་རྫོང་ཏང་ཨུའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དཀོན་མཆོག་ཆོས་དབང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མགོན་ཟླ་བ་དང་རྫོང་དཔོན་གཞོན་པ་བསོད་ནམས་ཚེ་རིང་སོགས་མགོ་ཁྲིད་རྣམས་ཐེངས་འདིའི་མགོ་རྩོམ་མཛད་སྒོར་ཞུགས།

    5月3日上午,杂多县第一民族中学校园里人头攒动,彩旗飘扬,整个校园内洋溢着一派欢乐的气氛。 杂多县第一民族中学首届校园文化艺术节暨庆“五一、五四”田径运动会开幕式在学校运动场隆重召开。杂多县委书记才旦周、县长索河、县委副书记才公、县纪委书记公却求旺、原州教育局局长达杰、原州文化局主任昂文格来、县政府副县长公达哇、县政府副县长索南才仁等领导参加了本次开幕式。


དུས་ཚོད་དགུ་དང་ཕྱེད་ཀའི་སྟེང་མགོ་རྩོམ་མཛད་སྒོ་མགོ་བརྩམས་ཤིང་ལུས་རྩལ་པ་རྣམས་ལུས་རྩལ་ར་བར་བསྐྱོད་མགོ་བརྩམས་ལ།  མི་སེམས་ལ་ཡར་བསྐྱེད་ཐེབས་པའི་ལུས་རྩལ་སྒྲ་དབྱངས་ཁྲོད་རྒྱལ་དར་རུ་ཁག་དང་རྔ་ཆེན་རུ་ཁག དར་མཚོན་རུ་ཁག གེ་སེར་རྒྱལ་བོའི་རུ་ཁག་དང་མི་རིགས་ཞབས་བྲོའི་རུ་ཁག དགེ་བཟོ་བཟོ་བའི་རུ་ཁག་སོགས་གྲལ་མཉམ་པའི་སྒོ་ནས་མདུན་དུ་བསྐྱོད་ཅིང་འབོད་ཚིག་སྒྲོག་བཞིན་ཀྲུའུ་ཞི་སྟེགས་བུའི་མདུན་ནས་བརྒྱུད་སྟེ་མགོ་ཁྲིད་རྣམས་པར་གཟིགས་ཞིབ་དུ་ཕུལ་བ་དང་། དེས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་མཐུན་སྒྲིལ་ཡར་ཐོན་དང་དཀའ་སྤྱད་འབད་འབུངས་ཀྱི་སྙིང་སྟོབས་མངོན་པར་མཚོན། བརྗིད་ཉམས་ལྡན་པའི་རྒྱལ་དར་བསྒྲེངས་བའི་མཛད་སྒོ་མཇུག་རྫོགས་རྗེས་གུང་གཞོན་ཚོགས་པར་ཞུགས་པའི་མཛད་སྒོ་སྤེལ་བ་དང་། གུང་གཞོན་ཚོགས་པའི་ཚོགས་མི་རྒན་པས་ཚོགས་མི་གསར་བར་ཚོགས་རྟགས་བཏགས་ཤིང་ངར་ཤུགས་དང་བཅས་པའི་ཁོ་ཚོའི་དམ་བཅའ་འཇོག་པའི་སྐད་སྒྲ་ང་ཚོའི་རྣ་ལམ་དུ་འཁོར་ཡོང་ལ། དེ་ལས་སྤྱི་ཚོགས་རིང་ལུགས་ཀྱི་རྒྱུན་འཛིན་པའི་རྣམ་པ་གསར་བ་གསལ་བོར་མངོན་ཡོང་། དེའི་རྗེས་སློབ་གཙོ་གཞོན་པ་མ་ཀྲན་མིན་གྱིས་མགོ་རྩོམ་པའི་གཏམ་བཤད། ཁོས་བཤད་རྒྱུར། སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་ལུས་རྩལ་འགྲན་ཚོགས་ནི་སློབ་གྲྭས་སྤུས་ཚད་སློབ་གསོ་སྤེལ་བའི་མངོན་སྟངས་གལ་ཆེན་གལ་ཆེན་ཞིག་ཡིན་པ་མ་ཟད་སློབ་གྲྭའི་བསམ་པའི་དཔལ་ཡོན་དང་སློབ་རའི་རིག་གནས་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ཟེར།  དེ་མིན་ཁོས་སློབ་གྲྭའི་དགེ་སློབ་ཡོངས་ལུས་རྩལ་དང་རིག་གནས་སྒྱུ་རྩལ་གྱི་བྱ་འགུལ་ཁྲོད་ཧུར་ཐག་སྒོས་ཞུགས་ནས་མཐུན་སྒྲིལ་རོགས་འདེགས་དང་དཀའ་སྤྱད་ཡར་ཐོན། བདེ་ཐང་སྤྲོ་དགའི་མི་ཞིག་དུ་འགྱུར་བར་བརྩོན་ལེན་བྱེད་དགོས་པའི་རེ་བ་བཏོན།  ལུས་རྩལ་པའི་འཐུས་མི་དང་ཤན་འབྱེད་པའི་འཐུས་མིས་སྔ་གཞུག་དུ་དམ་བཅའ་བཞག་རྗེས། སློབ་གཙོ་ཅི་ཀྲན་ཡོན་གྱིས་སྐབས་ཐོག་མའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་།  ལྔ་གཅིག་དང་ལྔ་བཞི་བསུ་བའི་ལུས་རྩལ་འགྲན་ཚོགས་དངོས་སུ་མགོ་བརྩམས་པ་ཁྱབ་བསྒྲགས་བྱས།  

   9:30分,开幕式开始。运动员开始进场,在催人奋进的运动员进行曲中,国旗方队、鼓号方队、彩旗方队、国学方队、格萨尔王方队、民族舞方队、棋类方队、各球类方方队、教职工方队等迈着整齐的步伐、喊着响亮的口号,精神抖擞地从主席台前走过,展示了杂多县一民中师生团结进取、奋力拼搏的精神风貌。

   副校长马占明致开幕词。他说,校文化节和田径运动会是学校开展素质教育的重要表现形式, 也是学校精神文明和校园文化建设的重要组成部分。全校师生要通过积极参加体艺活动,争做一个团结协作、奋发向上、健康快乐的一中人。接着运动员代表和裁判员代表分别进行宣誓后, 校长巨占元宣布首届校园文化艺术节暨庆“五一、五四”田径运动会开幕!


 མགོ་རྩོམ་མཛད་སྒོའི་རྗེས་སུ་རྣམ་པ་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་འབུར་དུ་ཐོན་པའི་རིག་གནས་ལུས་རྩལ་གྱི་འཁབ་སྟོན་མགོ་བརྩམས།  སློབ་གླུ་མཉམ་ལེན་དང་གེ་སེར་སྒྲུང་བཤད་པ། མི་རིགས་ཀྱི་ཞབས་བྲོ་འཁྲབ་སྟོན་སོགས་རེ་རེ་བཞིན་སྤེལ་བར་ཀུན་གྱིས་དགའ་བསུ་ཐོབ་ཅིང་ཐལ་མོ་རྡལ་སྒྲ་རྒྱུན་མ་ཆད།

   开幕式之后, 进行了精彩的、各具特色的文体节目表演。校歌大合唱、格萨尔王说唱、经典国学传唱、琴棋书画及手工制作展、民族舞、健美操、武术等精彩纷呈的表演赢得了阵阵掌声。


རྣམ་པ་ཕུན་སུམ་ཚོགས་ཤིང་ཁྱད་ཆོས་འབུར་དུ་ཐོན་པའི་རིག་རྩལ་འཁྲབ་སྟོན་གྱིས་རྒྱ་ཆེའི་དགེ་སློབ་ཡོངས་ལ་བག་ཆགས་ཟབ་མོ་བཞག་པ་དང་། ནང་སྒོས་སུ་ཡིག་གཟུགས་འགྲེམས་སྟོན་དང་ཡུལ་དངོས་ཀྱི་ལག་ཤེས་མངོན་པའི་བྱ་འགུལ་སྤེལ་དུས། བྱ་འགུལ་ཁྲོད་ཞུགས་པའི་མགོ་ཁྲིད་དང་ཁྱིམ་བདག་རྣམས་མཉམ་དུ་འགྲེམས་སྟོན་ཡུལ་དངོས་སུ་ཡོང་སྟེ་སློབ་མ་ཚོའི་འཁྲབ་སྟོན་ལ་བལྟས་པ་མ་ཟད་གཟེངས་བསྟོད་གནང་། རིག་རྩལ་འཁྲབ་སྟོན་མཇུག་རྫོགས་རྗེས་སློབ་གྲྭའི་དགེ་སློབ་ཡོངས་ཀྱི་སྐོར་བྲོ་འཁྲབ་ལ་གཞི་རྒྱ་ཆེ་བའི་རྣམ་པ་དེས་མི་སེམས་ལ་སྤྲོ་བ་མཚམས་མེད་དུ་སྦྱིན་ལ།  དེ་ནི་སློབ་གྲྭར་སྤུས་ཚད་སློབ་གསོ་དང་དགའ་ཕྱོགས་སློབ་གསོ་སྤེལ་བའི་ཐད་ཀྱི་གྲུབ་འབྲས་མངོན་ཐེངས་ཤིག་ཡིན་པ་རེད།  

 ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་གསུམ་ལ་ཐག་བཅད་ཡོད་ཅིང་། དེ་ནི་རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དང་པོས་སྒྲུབ་པའི་བྱ་འགུལ་ཆེ་གྲས་ཤིག་ཡིན་ལ།  བསམ་པའི་དགའ་སྟོན་ཐེངས་ཤིག་དང་དགའ་ཕྱོགས་བསླབ་ཚན་ཞིག་གི་གྲུབ་འབྲས་ཀྱི་ཞིབ་དཔྱད་ཀྱང་ཡིན་པ་དང་། དེ་མིན་སྤུས་ཚད་སློབ་གསོའི་གྲུབ་འབྲས་ཀྱི་མངོན་སྟངས་ལེགས་ཤོས་ཀྱང་ཡིན་པས།  རྫ་སྟོད་རྫོང་མི་རིགས་སློབ་འབྲིང་དང་པོས་རྒྱབ་ཁབ་ཀྱི་མིང་རྒྱང་ལྡན་ཞིང་སྤུས་ཚད་མཐོན་པོ་ལྡན་པ། བྱམས་བརྩེའི་སློབ་གསོ་ཁྱད་ཆོས་སུ་བཟུང་ཞིང་རྒྱུན་འཐུད་འཕེལ་རྒྱས་ཀྱི་སྤུས་ལེགས་སློབ་གྲྭ་སྒྲུབ་པའི་སློབ་སྒྲུབ་འདུ་ཤེས་མངོན་པར་མཚོན་ཡོད།   དེ་བསྟུན་སྒོས་སློབ་གྲྭའི་དགེ་སློབ་ཡོངས་ལ་སྤྲོ་སེམས་འཁོལ་བའི་ངང་བྱ་བ་དང་སློབ་སྦྱོང་གི་ཁྲོད་ཞུགས་སྟེ་སློབ་གྲྭ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པར་སྐུལ་མ་བཏང་།

   各具特色,体现青春风采的文艺节目,给广大师生留下了深刻印象。特别是琴棋书画及手工制作现场展演时,与会的领导及家长一齐走进展演场地,观看学生们的表演,各位领导及家长对学生们的表现赞不绝口。文艺汇演结束后,全校师生齐跳锅庄,宏大的场面震撼着人心。
   本次艺术节暨田径运动会为期三天,这是杂多县第一民族中学举办的一次巨大盛会,是一场精神大餐,是一场兴趣课的成果检验,是一次素质教育成果的良好展示。充分展示了杂多县第一民族中学,“创办具有国家视野、高品质、以博爱教育为特色、可持续发展的优质学校。”的办学理念。同时也将激发全校师生以更饱满的热情投入到工作和学习中去,促进学校更快更强的发展!



 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网