首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 部门动态
杂多县市场监督管理局对杂多县药品、化妆品经营户进行综合考评
杂多县政府网站:http://www.zaduo.gov.cn    来源:    创建时间:2018/1/11 0:20:15    

ཚོགས་ཆེན་གཉིས་སྐབས་སུ་སྨན་རྫས་དང་མཛེས་འཆོས་བྱུག་རྫས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣོན་པ་དང་།ངེས་པ་དོན་ནས་སྨན་རྫས་དང་མཛེས་འཆོས་བྱུག་རྫས་ཁྲོམ་རའི་བདག་གཉེར་སྒྲིག་རིམ་ལ་སྲུང་སྐྱོང་བྱེད་པ། དེ་དག་གི་སྤུས་ཚད་བདེ་འཇགས་དང་འཛད་སྤྱོད་པའི་མི་ཚེའི་བདེ་འཇགས། ཁྲིམས་མཐུན་ཁེ་དབང་བཅས་ལ་ཁག་ཐེག་བྱ་ཆེད། ཟླ་དང་པོའི་ཚེས་གསུམ་ཉིན། རྫ་སྟོད་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྨན་རྫས་དང་མཛེས་འཆོས་བྱུག་རྫས་བདག་གཉེར་མཁན་རྣམས་ལ་ཕྱོགས་བསྡུས་དཔྱད་ཞིབ་ཀྱི་ཚོགས་འདུ་བསྡུས་པ་དང་། རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་འན་ཡུག་བུན་གྱིས་ཚོགས་འདུ་ལ་མགོ་འཛིན་བྱས།
  为加强“两会”期间,药品、化妆品安全监管工作,切实维护药品、化妆品市场经营秩序,保障药品、化妆品质量安全和消费者人身安全及合法权益。1月3日,杂多县市场监督管理局召开药品、化妆品经营户综合考评会,会议由市场监督管理局副局长安有文主持。

ཐེངས་འདིའི་དཔྱད་ཞིབ་ལ་དྲང་བདེན་དང་ཡོངས་བསྒྲགས་ཡོང་ཆེད་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཟླ་བཅུ་གཉིས་པའི་ཟླ་མཇུག་ནས་བཟུང་ཁྱིམ་ཚང་རེ་རེ་བྱས་ཏེ་སྨན་རྫས་དང་མཛེས་འཆོས་བྱུག་རྫས་བདག་གཉེར་ཁྱིམ་ཚང་ལ་ཞིབ་བཤེར་བྱས་ཤིང་། དུས་མཉམ་དུ་བདག་གཉེར་མཁན་ཕྱོགས་ཀྱི་འཐུས་མི་ལྔ་རྩ་འཛུགས་བྱས་ཏེ་མཉམ་དུ་ལྟ་སྦྱོང་ཁྲོད་ཞུགས་ལ། ཚོང་རྫས་ཀྱི་ཡོང་ཁུངས་དང་བཀོལ་སྤྱོད་གནས་ཚུལ། ཚོང་རྫས་ནང་འདྲེན་གྱི་འཛིན་ཡིག  ཕྱིར་ཚོང་གི་རྩིས་ཐོ་སོགས་གཙོ་བོར་བཟུང་ནས་ཞིབ་བཤེར་བྱས་པ་དང་། དེ་མིན་ཆོག་མཆན་དཔང་ཡིག་དང་འཛིན་ཡིག ཐོན་རྫས་ཀྱི་ཁྲིམས་མཐུན་རང་བཞིན། ཚོང་རྟགས་སོགས་ལ་ཞིབ་བཤེར་བྱས་པ་མ་ཟད་ཁྲིམས་ལུགས་ཀྱིས་ཐག་བཅད་ལྟར་དུ་བདག་གཉེར་པར་དྲིལ་བསྒྲགས་མཛུབ་སྟོན་གནང་ལ། ཞིབ་བཤེར་གོ་རིམ་ཁྲོད་རྩད་ཆོད་པའི་གནད་དོན་ཀྱི་ཐད་ནས་བདག་གཉེར་པར་མྱུར་དུ་ལས་མཚམས་བཞག་སྟེ་ལེགས་བསྒྱུར་བྱེད་དགོས་པའི་རེ་བ་བཏོན་པ་མ་ཟད། ཁྲིམས་འགལ་ལུགས་འགལ་གྱི་བདག་གཉེར་བྱེད་སྟངས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས།
  为了保证此次考评的公正、公开,杂多县市场监督管理局于2017年12月底逐户对药品、化妆品经营户进行了检查,同时组织了5名经营户代表随行观摩,重点检查了购进渠道和使用情况、药物购进票据、出售台账的建立,索证索票、产品合法性、标签与标识和渠道与来源等,并严格按照法规规定对经营者进行宣传指导,对检查过程中发现的问题,要求经营者立即停业整改,严查违法违规经营行为。
དཔྱད་ཞིབ་ཚོགས་འདུའི་སྟེང་ཞིབ་དཔྱད་ཚོགས་ཆུང་གིས་ཐེངས་འདིའི་བྱ་འགུལ་གྱི་ཁྱད་ཆོས་དང་མི་འདང་སའི་ཐད་ནས་རང་རང་སོ་སོའི་ལྟ་ཚུལ་བརྗོད་པ་དང་། སྨན་རྫས་དང་མཛེས་འཆོས་བྱུག་རྫས་ཀྱི་བདག་གཉེར་མཁན་ཕྱོགས་ལ་ཚོང་རྫས་མཁོ་འདོན་བྱེད་མཁན་ཕྱོགས་ཀྱི་ཆོག་མཆན་གྱི་འབྲེལ་ཡོད་དཔང་ཡིག་འཐུས་ཚང་མིན་པ་དང་། ཚོང་རྫས་ཀྱི་ནང་འདྲེན་འཛིན་ཡིག་དོ་དམ་བྱེད་ཐབས་ཚད་ལྡན་མིན་པ། སྨན་རྫས་དང་མཛེས་འཆོས་བྱུག་རྫས་ཀྱི་བདག་གཉེར་དོ་དམ་སྒྲིག་ལུགས་དངོས་འབེབས་བྱས་ཚད་མི་བཟང་བ། འཛིན་ཡིག་སོགས་ཀྱི་ཟིན་བྲིས་འཐུས་ཚང་མིན་པ་སོགས་འབུར་དུ་ཐོན་པའི་གནད་དོན་དག་གི་ཐད་ནས་དཔྱད་བརྗོད་ཞིབ་མོ་གནང་།
  在考评会上,评审小组就此次活动中的亮点、不足提出自己的见解和意见。主要针对药品、化妆品经营单位存在的供货方资质不齐全、购进票据管理不规范、药品、化妆品经营管理制度落实不到位、索证索票和验收记录不全等突出问题,进行了详细的点评。

ཐེངས་འདིའི་དཔྱད་ཞིབ་བྱ་འགུལ་ཁྲོད།  རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྣེ་ཁྲིད་འོག་རང་ཕྱོགས་འོས་སྦྱོར་དང་འོས་སྦྱོར་གྱི་ཐབས་ལམ་ལ་བརྟེན་ནས་ཡིག་ཐོག་སྙན་ཞུ་ཕུལ་བ་དང་། ཞིབ་དཔྱད་ཚོགས་ཆུང་གིས་དངོས་ཐོག་བདེན་འཚོལ་དང་དྲང་བདེན་དྲང་བཞག ལེགས་པོའི་ཁྲོད་བཟང་ཤོས་འདེམས་པའི་རྩ་དོན་ལྟར་དུ་དཔྱད་ཞིབ་ནན་མོ་བྱས་པ་དང་། ཞིབ་དཔྱད་སྐར་གྲངས་ཀྱི་མཇུག་འབྲས་ལྟར་དུ་འབྲེལ་ཡོད་ལས་ཁུངས་ཀྱི་བསམ་ཚུལ་ལ་ཉན་པ་མ་ཟད། འཛད་སྤྱོད་པའི་བསམ་ཚུལ་བསྡུ་ལེན་བྱས་ཏེ་ལེགས་པོའི་ཁྲོད་བཟང་ཤོས་འདེམས་པའི་རྩ་དོན་ལྟར་སྨན་རྫས་ཚོང་ཁང་གསུམ་དང་མཛེས་འཆོས་བྱུག་རྫས་ཚོང་ཁང་གསུམ་བཅས་བདམས་ཐོན་བྱུང་སྟེ་འགུལ་བསྐྱོད་གཟེངས་བསྟོད་རྟགས་མ་གནང་།
  本次考评活动,由县市场监督管理局牵头,通过自荐和推荐的方式申报,评审小组严格按照实事求是、公平公正、好中选优、宁缺勿滥的原则,逐一量化评分,根据评分结果,充分听取相关单位的建议,并广泛征求消费者的意见,按照优中选优的原则,评选出3家药品和3家化妆品经营户单位,并颁发流动奖牌。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网