首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 部门动态
杂多县市场监督管理局 开展“两节”、“两会”期间市场监管专项整治
杂多县政府网站:http://www.zaduo.gov.cn    来源:    创建时间:2017/12/31 11:09:06    
ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་།  ལུགས་གསར་རྙིང་གཉིས་ཀྱི་ལོ་སར་དང་། དམངས་ཆེན་དང་སྲིད་གྲོས་ཀྱི་ཚོགས་ཆེན་གཉིས་ཀྱི་དུས་སྐབས་སུ་རྫོང་ཡོངས་ཀྱི་ཁྲོམ་ར་བདེ་འཇགས་དང་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་པ། རྫོང་ཡོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་སྤྲོ་སྐྱིད་ལྡན་ཞིང་འཆམ་མཐུན་གྱི་དུས་ཆེན་ལ་རོལ་བར་ཁག་ཐེག་བྱེད་པ་དང་། ནང་མཐུན་ཞི་འཇགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་པའི་ཐད་ལ་རྫ་སྟོད་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་མཐོང་ཆེན་གནང་ཞིང་དུས་སྔོན་དུ་བྱ་བར་བཀོད་སྒྲིག་ཞིབ་ཚགས་མཛད་པ་མ་ཟད། དུས་ཆེན་གཉིས་སྐབས་ཀྱི་ཁྲོམ་རའི་ཕྱོགས་བསྡུས་བཅོས་སྐྱོང་དང་བརྟན་སྲུང་བྱ་བ་ཞིབ་མོར་བསྒྲུབས།

   为了认真贯彻落实“党的十九大”会议精神,保障元旦、春节“两节”和人大、政协“两会”期间全县市场安全有序、和谐稳定。确保全县广大人民群众度过一个愉快、喜庆、祥和的节日,创造内和外顺安全稳定的环境,杂多县市场监督管理局高度重视、提前部署,扎实做好两节期间市场综治维稳工作。

ཐེངས་འདིའི་ཆེད་དོན་ཞིབ་བཤེར་འགུལ་བསྐྱོད་ནི་དུས་ཆེན་གཉིས་དང་ཚོགས་ཆེན་གཉིས་ཀྱི་སྔོན་དུ་སྤེལ་ཞིང་། རྫ་སྟོད་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་རྫོང་ཡོངས་ཀྱི་གནས་ཚུལ་དངོས་ལ་གཞིགས་ནས་གཅིག་བསྡུས་ཞིབ་བཤེར་ཚོགས་ཆུང་གཉིས་སུ་བགོས་ཡོད་པ་དང་། ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ནས་བཟུང་རྫོང་ཁོངས་ཀྱི་ཟས་རིགས་དང་སྨན་རྫས། སྨན་བཅོས་སྒྲིག་ཆས་དང་བདེ་སྲུང་ཟས་རིགས། མཛེས་འཆོས་བྱུག་རྫས་དང་ཤོག་སྦག  དམིག་བསལ་སྒྲིག་ཆས་དང་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས། དྲ་ལམ་ཉོ་ཚོང་དང་བརྒྱུད་ཚོང་། གློག་སྐུད་དང་འཛུགས་སྐྲུན་རྒྱུ་ཆ་སོགས་བདེ་འཇགས་ཐོན་བསྐྱེད་དང་འབྲེལ་ཡོད་ཀྱི་གཙོ་གནད་ཚོང་རྫས་དང་། དེ་མིན་ཁྱབ་ཁོངས་གཙོ་ཤོས་དང་ཁྲོམ་ར་གཙོ་ཤོས་ཀྱི་ཐོན་བསྐྱེད་བདག་གཉེར་པར་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ལ།  ཐོན་རྫས་ནང་འདྲེན་གྱི་ཡོང་ཁུངས་དང་འགན་ལེན་དུས་ཚོད། ཚོང་རྟགས།  བཟའ་བཏུང་དང་ལས་བྱེད་མི་སྣའི་བདེ་ཐང་དཔང་ཡིག་སོགས་འབྲེལ་ཡོད་དཔང་ཡིག་དང་ཚོང་རྟགས་ཆེད་སྤྱོད་བདག་དབང་སོགས་ཀྱི་གནས་ཚུལ་གཙོ་བོར་བཟུང་ནས་ཞིབ་བཤེར་བྱས་པ་དང་། ཟས་རིགས་ཕྱིར་ཚོང་མཁན་ལ་འགན་ལེན་དུས་ཚོད་ཐོན་ལ་ཉེ་བའི་ཚོང་རྫས་དག་སོ་སོར་དུས་ཚོད་ཀྱི་གོ་རིམ་ལྟར་རིགས་བགར་ནས་འཛད་སྤྱོད་པར་གསལ་བོར་ཤེས་སུ་འཇུག་དགོས་པ་མ་ཟད། ཚོང་རྫས་བདེ་འཇགས་ཀྱི་ཚད་གཞི་མི་ལོན་པའི་ཚོང་རྫས་ཕྱིར་ཚོང་མི་ཆོག་པ་དང་ཁྲོམ་རའི་ཚོང་རྫས་ནང་འཇུག་གི་སྒོ་མོ་ནན་སྲུང་བྱེད་དགོས་པ། གནད་དོན་གང་ཡོད་མྱུར་དུ་རྟོགས་དགོས་ཤིང་མྱུར་དུ་ཐག་གཅོད་བྱས་ཏེ་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་གཏོང་དགོས་པ་དང་།  སྤྱི་ཚོགས་ཀྱིས་དོ་སྣང་བྱེད་ཡུལ་གྱི་གནད་དོན་ལ་མྱུར་ལན་སྤྲད་སྟེ་ངེས་པ་དོན་ནས་དུས་ཆེན་གཉིས་དང་ཚོགས་ཆེན་གཉིས་སྐབས་ཀྱི་ཁྲོམ་རའི་བདེ་འཇགས་ཁག་ཐེག་བྱས་ཏེ་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ཡུལ་དངོས་ཀྱི་ཞིབ་བཤེར་བྱ་བ་དང་ཟུང་འབྲེལ་སྒོས་ཁྲོམ་རའི་སྒྲིག་གཞི་ཐོན་བསྐྱེད་དང་བདག་གཉེར་བ། རྒྱ་ཆེའི་འཛད་སྤྱོད་པའི་ཁྲིམས་ལུགས་ཤེས་བྱ་དང་ཚན་རིག་ཁྱབ་བརྡལ་རྒྱུན་ཤེས་ཀྱི་དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ནས་ཁྲིམས་ལྟར་ཡིད་རྟོན་བདག་གཉེར་བྱེད་པའི་འདུ་ཤེས་དང་སྤྱི་ཚོགས་ཀྱི་ཟས་རིགས་སྨན་རྫས་བདེ་འཇགས་ཐད་ཀྱི་འགོག་སྲུང་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་།

   本次专项检查行动于“两节”、“两会”前开展。结合我县实际,市场监督管理局组成2个集中检查组,从12月20日起对县域内涉及食品(校园周边)、药品、医疗器械、保健食品、化妆品、烟花爆竹、特种设备、计量器具、危险化学品、网络交易、传销、电线电缆、建筑材料、农资,以及与安全生产有关的重点商品、重点领域、重点市场生产经营主体进行全面检查。主要检查了商品进货渠道、保质期、标签标识、餐饮、从业人员健康证、三无商品、台账、索证索票以及商标专用权等情况,并要求食品经营者对临近保质期食品设专区或专柜进行消费提示,对不符合食品安全标准的商品一律下架,严把市场准入关,及时发现和处置安全隐患,严打违法行为,积极回应社会关切,切实保障“两节”、“两会”期间市场安全,维护社会和谐稳定。并结合现场检查,强化对市场主体生产、经营者和广大消费者法规知识和科普常识的宣传教育,进一步提高依法诚信经营的意识和社会公众对食品药品安全的防范能力。
ད་རག་བར་དུ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་སྤྱི་བསྡོམས་པའི་ཁྲིམས་བསྟར་མི་སྣ་གྱ་ལྔ་དང་རླངས་འཁོར་བཅུ་བཀོལ་སྟེ་རིགས་མི་འདྲ་བའི་བདག་གཉེར་ཁྱིམ་ཚང་བདུན་བརྒྱ་དང་གོ་གསུམ་ལ་ཞིབ་བཤེར་བྱས་ཤིང་། དེའི་ཁྲོད་འགན་ལེན་དུས་ཚོད་བརྒལ་བའི་ཟས་རིགས་ཚོང་རྫས་སྣ་བཅུ་གསུམ་དང་མཛེས་འཆོས་བྱུག་རྫས་དམ་བུ་བཅོ་ལྔ།བཀྲག་རྩི་རྫ་མ་སུམ་བརྒྱ་དང་བཅུ་གཉིས།ཆོག་མཆན་དཔང་ཡིག་མེད་པར་བདག་གཉེར་བྱེད་མཁན་གཅིག་རྩད་ཆོད་པ་མ་ཟད།  དུས་བཅད་ལྟར་གནད་དོན་ཐག་གཅོད་བྱེད་དགོས་པའི་བརྡ་སྦྱོར་ཡི་གེ་ཉེར་གཅིག་བཏང་ཞིང་བདག་གཉེར་ཁྱིམ་ཚང་ལྔ་ཡིས་ལས་མཚམས་བཞག་སྟེ་བཅོས་བསྒྱུར་བྱེད་དགོས་པར་ཐག་བཅད་པ་དང་།  དུས་མཉམ་དུ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ཆེད་དུ་དུས་ཆེན་གཉིས་དང་ཚོགས་ཆེན་གཉིས་ཀྱི་དུས་སྐབས་སུ་ལས་རེས་མི་སྣ་བཀོད་སྒྲིག་བྱས་ཏེ་དུས་ཚོད་ཉེར་བཞི་ནང་ཁ་པར་བརྡ་འཕྲོད་ཐུབ་པར་བྱས་ནས་ཟས་རིགས་བདེ་འཇགས་ཐད་ཀྱི་གནད་དོན་མེད་པར་བཟོས་པ་དང་། གལ་ཏེ་གནད་དོན་གང་རུང་བྱུང་ཚེ་མྱུར་དུ་འགན་ཁུར་མགོ་ཁྲིད་པར་སྙན་ཞུ་བྱས་ཏེ་གང་མགྱོགས་སྒོས་གནད་དོན་ཐག་གཅོད་བྱས་ནས་དུས་ཆེན་གཉིས་དང་ཚོགས་ཆེན་གཉིས་སྐབས་ཀྱི་ཟས་རིགས་འཛད་སྤྱོད་དང་བདེ་འཇགས་བྱ་བར་ཁག་ཐེག་བྱས་ཏེ་ཁྲོམ་རའི་སྒྲིག་གཞི་ལ་སྲུང་སྐྱོང་བྱས།  

  截至目前,市场监督管理局共出动执法人员85人次,执法车辆10台次,检查各类经营户793户次。其中,查获超过保质期食品13品种(各种饮料230余件、各类食品180余公斤)、超过保质期化妆品15瓶、超过保质期油漆312桶、无照经营1家,下发限期整改通知书21份,停业整顿5家。同时,市场监督管理局派出执法人员在“两节”、“两会”期间专人值班,保持24小时通讯畅通,消除食品安全隐患,一旦发现任何问题,立即向领导负责人报告,将及时处理,确保“两节”“两会”期间食品消费安全,维护市场稳定。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网