首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 部门动态
老党员十九大宣讲团走进 “生态民兵”、走进社区
杂多县政府网站:http://www.zaduo.gov.cn    来源:    创建时间:2017/12/23 15:36:16    

ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན། རྫ་སྟོད་རྫོང་ཁོངས་ཀྱི་ཤང་བདུན་དང་གྲོང་རྡལ་གཅིག་ནས་ཡོང་བའི་སྐྱེ་ཁམས་དམངས་དམག་བརྒྱ་དང་དོན་གཉིས། མཁར་སྡེའི་སྡོད་དམངས་བརྒྱ་ལྷག་གིས་རྫ་སྟོད་རྫོང་མཁར་དུ་ཡོད་པའི་བྱ་ཕུག་ཐང་མཁར་སྡེ་རུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོང་དོན་སྒྲོག་བཤད་ཀྱི་སློབ་ཁྲིད་ཐེངས་ཤིག་ལ་སེམས་ཞིབ་མོས་ཉན་པ་དང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་པ། ལས་འཁྱུར་ངལ་གསོ་བྱས་པའི་ཏང་ཡོན་རྒན་པ་ཐུང་གུང་གིས་མང་ཚོགས་ཀྱི་གོ་བདེ་བའི་སྐད་ཆའི་ལམ་ནས་སྒྲོག་བཤད་སྤེལ་བར་ཚང་མས་དགའ་བསུ་ཆེན་པོ་ཐོབ།
  12月22日,在杂多县府所在地萨呼腾社区来自于七乡一镇的172名“生态民兵”和100多名社区群众认真听取了一堂生动翔实的十九大精神宣讲课,原县政协主席、退休老党员同共,用深入浅出地群众语言进行了讲解,宣讲气氛十分热烈。
རྫོང་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བང་ཙིག་ཡུན་དང་རྫོང་དྲག་ཆས་པུའུ་ཡི་པུའུ་ཀྲང་ཏུའུ་ཅིན། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧིག་ཅོད་ཡ་སོགས་ཐེངས་འདིའི་སྒྲོག་བཤད་བྱ་འགུལ་ཁྲོད་ཞུགས། མཁར་སྡེའི་ཕྱོགས་བསྡུས་གཞུང་ལས་ཁང་གི་ཀྲུའུ་རིན་མཚོ་སྒྲོན་གྱིས་སྒྲོག་བཤད་བྱ་འགུལ་ལ་མགོ་འཛིན་བྱས།
  县委常委、宣传部长王泽云,县武装部部长杜军,县政协副主席贺娇雅等参加了宣讲活动。活动由社区综合办公室主任措忠主持。
ཏང་ཡོན་རྒན་པ་ཐུང་གུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་སྒྲོག་བཤད་གཙོ་བོར་བཟུང་ནས་མཁར་སྡེའི་སྐབས་ཐོག་མའི་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེ་འདེམས་བསྐོའི་འབྲེལ་ཡོད་སྲིད་ཇུས་དང་སྒྲིག་རིམ་སོགས་ནང་དོན་ཟུང་འབྲེལ་སྒོས་སྒྲོག་བཤད་བྱས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་ལྔའི་ནང་གི་རྫ་སྟོད་རྫོང་གི་འགྱུར་ལྡོག་དང་འཕེལ་རྒྱས་ཀྱི་གྲུབ་འབྲས། ཏང་གི་སྲིད་ཇུས་ལེགས་པོ་སོགས་དངོས་ཐོག་བདེན་འཚོལ་གྱིས་འབྲོག་པ་མང་ཚོགས་ལ་གསལ་འགྲེལ་ཞིབ་མོ་བྱས། སྒྲོག་བཤད་ཁྲོད་མང་ཚོགས་ཀྱིས་གོ་བདེ་ལ་མང་ཚོགས་དང་ཉེ་བར་བཅར་ཞིང་འཚོ་བར་ཉེ་བར་བཅར་པའི་ཁྱད་ཆོས་ལྡན་པ་དང་། ཁོས་བསྟན་དོན། ཏང་གི་ཚོགས་ཆེན་བཅུ་དགུ་བ་ནི་འཛམ་གླིང་ཡོངས་ནས་མཐོང་ཆེན་གནང་བཞིན་པའི་མཐོ་རིམ་གྲོས་ཚོགས་ཤིག་ཡིན་ལ། ང་ཚོ་ཏང་དང་རྒྱལ་ཁབ། ཀྲུང་ཧྭ་མི་རིགས་ཡར་ལངས་པ་ནས་འབྱོར་ཕྱུག་ཅན་དུ་བསྐྱོད་པ། དེ་ནས་སྟོབས་ལྡན་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕུར་བསྐྱོད་ཐེངས་ཤིག་ཡིན། ང་ཚོ་རིགས་སོ་སོའི་མི་དམངས་ཀྱིས་ངེས་པར་དུ་མཐུན་སྒྲིལ་སྒོས་དཀའ་སྤྱད་མདུན་སྐྱོད་བྱས་ཏེ་རྫ་སྟོད་ཀྱི་མ་འོངས་པའི་མཛེས་སྡུག་མཉམ་སྐྲུན་བྱེད་དགོས་ཟེར།
  老党员同共以党的十九大精神宣讲为主线,结合社区第一届民委员会换届选举工作相关政策,相关程序等内容展开宣讲,将十八大以来的五年,我县发生的重大变化、取得的成绩、党的好政策等等,实事求是地向牧民群众进行了讲解。宣讲语言生动朴实,贴近群众,贴近生活,他指出,党的十九大是举世瞩目的一次盛会。我们的党、国家、中华民族实现了从站起来到富起来再到强起来的历史性飞跃。我们各个民族一定要团结一心,砥砺前进、共同开创杂多新的美好的篇章。
སྐྱེ་ཁམས་དམངས་དམག་དཔལ་ལྡན་གྱིས་བཤད་རྒྱུར།  ཐེངས་འདིའི་སྒྲོག་བཤད་ཀྱི་ནང་དོན་ལ་གོ་བ་ལོན་ཐུབ་སོང་། རྫ་སྟོད་རྫོང་ལ་མཚོན་ན་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུ་མགོ་ཁུངས་གླིང་ཁུལ་གྱི་དཀྱིལ་སྙིང་ཁུལ་ཟིན་ཡོད་ལ། ཏང་གི་སྲིད་ཇུས་ལེགས་པོའི་འོག་སྟབས་ལེགས་པ་ཞིག་ལ་ངའང་སྐྱེ་ཁམས་དམངས་དམག་ཞིག་ལ་གདམས་ཐོན་བྱུང་སོང་། འདི་ནི་ངའི་གཟིད་བརྗིད་ཡིན་ལ་ངས་གོ་སྐབས་འདི་གཅེས་སྤྲས་བྱེད་ཁོ་ཐེག་ཡིན་ཟེར། ཚང་མས་སྐྱེ་ཁམས་དམངས་དམག་ནི་ཧ་ཅང་གཟིད་བརྗིད་ལྡན་པའི་མཚན་སྙན་ཞིག་ཡིན་པ་དང་། དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མངག་བཅོལ་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྨོན་འདུན་བཏེགས་ཡོད་སྟབས། ངེས་པར་དུ་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་ཞིབ་མོ་བྱས་ཏེ་གཟིད་བརྗིད་ལྡན་པའི་སྐྱེ་ཁམས་དམངས་དམག་བྱེད་དགོས་པར་བསམ་བཞིན་ཡོད་པ་རེད།
  生态民兵巴丁说,这次宣讲听得懂、能领会,杂多县作为国家公园澜沧江源区的核心区,在党的好政策下,我有幸被选中成为一名“生态民兵”,这是我莫大的荣幸,我一定会百倍珍惜。大家一致表示,“生态民兵”是一个十分光荣的称号,凝聚了习总书记的美好嘱托和全国各族人民的美好祝愿。下一步,一定认真学习领会十九大精神,当好光荣的生态民兵。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网