首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 部门动态
杂多县圆满完成村(社区)“两委”换届选举工作
杂多县政府网站:http://www.zaduo.gov.cn    来源:    创建时间:2017/12/24 15:15:10    

རྫ་སྟོད་རྫོང་གིས་བྱ་བ་སྒྲུབ་པར་ནུས་པ་ལྡན་ཞིང་མང་ཚོགས་ཀྱིས་རེ་བསྙེགས་བྱེད་བཞིན་པའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་ལེགས་པོ་གདམས་པ་དམིགས་ཡུལ་དུ་བཟུང་ཞིང་། ཁུལ་ཡོངས་ཀྱི་སྡེ་བ་དང་མཁར་སྡེ་ཡི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པའི་སྐབས་བརྗེ་འདེམས་བསྐོ་བྱ་བའི་སྐུལ་སློང་ཚོགས་ཆེན་གྱི་བླང་བྱ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་ནམ་ཡང་རང་རྟོགས་རྒྱུན་འཁྱོངས་བྱེད་པའི་བྱ་བའི་སྤྱོད་སྟངས་ལྟར། ཟླ་བཅུ་གཉིས་པའི་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོར་སྡེ་བ་དང་མཁར་སྡེ་ཡི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བ་བདེ་བླག་ངང་ཡོངས་འགྲུབས་བྱས།
  杂多县以“换出坚强有力的村“两委”班子,换出民心所向”为目标,按照全州村(社区)“两委”班子换届选举工作动员大会要求,以及各级党组织始终坚持主动作为,于12月22日下午,圆满完成村(社区)“两委”换届选举工作。

  སྡེ་བ་དང་མཁར་སྡེ་ཡི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བ་ནི་གཞི་རིམ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཡིན་པས། གཞི་རིམ་མང་ཚོགས་ཀྱི་དམངས་གཙོ་དང་ཁྲིམས་སྐྱོང་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་སྐྱོང་བའི་རྨང་གཞི་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན། ངེས་པ་དོན་ནས་སྐབས་བརྗེ་འདེམས་བསྐོ་བྱ་བ་ལེགས་པོར་སྒྲུབ་ཆེད། རྫ་སྟོད་རྫོང་གིས་འདེམས་བསྐོ་བྱ་བའི་མགོ་མཇུག་བར་གསུམ་གང་ནས་ཀྱང་ཕྱོགས་ལྔའི་ཚད་གཞི་བཟུང་སྟེ་ནན་མོར་སྤེལ་ཡོད་སྟེ། གཅིག་ནས་མི་སྣའི་འདེམས་བསྐོ་བྱ་བའི་ཚད་གཞི་ནན་སྲུང་བྱས་ཡོད། འདེམས་དགོས་པ་བདུན་དང་འདེམས་མི་རུང་བ་བརྒྱད་ཀྱི་བླང་བྱ་དང་ཁུལ་ཨུའི་ཧྲུའུ་ཅི་བུའུ་ཏུག་ཅིན་གྱིས་ཐེངས་མང་ལ་ནན་གྱིས་བསྟན་མྱོང་བའི་ཏང་གི་བཀོད་སྒྲིག་ལ་ཉན་པ་དང་ཏང་གི་རྗེས་བསྙེགས་པ། རྩ་འཛུགས་ཀྱིས་འཁས་ལེན་ཐོབ་ཅིང་མང་ཚོགས་ཀྱིས་དགའ་བསུ་བྱེད་པའི་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པ་འདེམས་དགོས་པའི་བླང་བྱའི་ཚད་གཞི་ལྟར་དུ་འདེམས་སྒུག་པའི་ཐོབ་ཐང་ནན་སྲུང་བྱས་པ་དང་། གཉིས་ནས་ཐོབ་ཐང་ཞིབ་བཤེར་བྱ་བ་ནན་མོར་བསྒྲུབས་པ། ཞིང་ཆེན་རིམ་པ་ནས་བཏོན་པའི་སྣ་གསུམ་གཙང་བཤེར་བྱེད་དགོས་པ་དང་སྣ་གསུམ་མེད་པར་བཟོ་དགོས་པ། སྣ་གསུམ་ནས་ཡིད་འཚིམ་དུ་འཇུག་དགོས་པའི་དམིགས་འབེན་ལྟར་དུ་ཐོབ་ཐང་ཞིབ་བཤེར་གྱི་གོ་རིམ་ཡོངས་ནས་ཧ་ཅང་གཟབ་ནན་བྱས་ཡོད་པ་དང་། སྡེ་བ་དང་མཁར་སྡེའི་ཏང་རྩ་འཛུགས་ཀྱི་ཁོངས་མིའི་འདེམས་སྒུག་པ་ཞིག་ཡིན་པའི་ངོས་ཐད་ནས་ཤང་དང་གྲོང་རྡལ་ཏང་ཨུས་རྫོང་རིམ་པའི་འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཐོབ་ཐང་ཞིབ་བཤེར་བྱས་པ་དང་། སྡེ་བའི་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་འདེམས་སྒུག་པའི་ངོས་ཐད་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཐོབ་ཐང་ལ་ཐོག་མའི་ཞིབ་བཤེར་བྱས་པ་དང་། དེ་ནས་ཤང་དང་གྲོང་རྡལ་རིམ་པར་བསྐྱར་ཞིབ་དུ་ཕུལ་བ། གནས་ཚུལ་སྙོག་འཛིང་ལྡན་པར་ཤང་གྲོང་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་མཉམ་དུ་ཞིབ་བཤེར་བྱས་ཡོད། གསུམ་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་དུ་འདེམས་བསྐོ་བྱས་ཡོད། སྲིད་ཇུས་དང་ཁྲིམས་སྲོལ་ལྟར་དུ་སྐབས་བརྗེ་འདེམས་བསྐོ་བྱ་བར་རྩ་འཛུགས་བྱས་ཏེ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་ནང་དོན་དང་གོ་རིམ་གཅིག་ཀྱང་ཇེ་ཉུང་དུ་མི་གཏོང་བ་དང་ཐག་བཅད་གོ་རིམ་གཅིག་ཀྱང་མི་ལུས་པར་བྱས་ནས་ཁྲིམས་མཐུན་ལུགས་མཐུན་ཡིན་པར་ཁག་ཐེག་བྱས་ཡོད་ལ། སྒྲིག་རིམ་ཁྲོད་ནོར་སྐྱོན་ཕྲན་ཙམ་ཡང་མི་ཤོར་བར་བྱས་ཡོད། བཞི་ནས་སྐབས་བརྗེ་སྒྲིག་སྲོལ་ནན་ཏན་སྒོས་ལག་བསྟར་བྱས་ཡོད། དུས་ནམ་ཡང་ཏང་གི་སྣེ་ཁྲིད་སྐབས་བརྗེ་འདེམས་བསྐོ་བྱ་བའི་གོ་རིམ་ཡོངས་སུ་ཁེབས་པར་བྱས་ཏེ་སྒྲིག་སྲོལ་དམ་འཛིན་བྱས་ལ། ཞིང་ཆེན་རིམ་པས་བཏོན་པའི་གཏན་འགོག་བཅུ་དང་ཁུལ་རིམ་པས་བཏོན་པའི་སྒྲུབ་མི་ཆོག་པ་བཅུའི་སྐབས་བརྗེ་སྒྲིག་སྲོལ་བླང་བྱ་ལྟར་དུ་བསྒྲུབས་ཡོད། ལྔ་ནས་དྲང་ཕྱོགས་དྲིལ་བསྒྲགས་དང་གླེང་ཕྱོགས་ཕྱོགས་སྟོན་རྒྱུན་འཁྱོངས་བྱས་ཏེ་ཤང་གྲོང་དང་འབྲེལ་ཡོད་ལས་ཁུངས་སོ་སོས་དྲང་ཕྱོགས་སློབ་གསོ་དང་ཟློག་ཕྱོགས་ཉེན་བརྡ་གཉིས་ཟུང་དུ་སྦྲེལ་བའི་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་བསྡུས་སྒོས་སྐད་འཕྲིན་དང་བརྙན་འཕྲིན་སོགས་གསར་འགྱུར་སྨྱན་བྱད་དང་སྡེ་དོན་ཡོངས་བསྒྲགས་བྱང་བུ། དྲིལ་བསྒྲགས་སྦྱོར་བྱང་དང་དྲིལ་བསྒྲགས་ལག་དེབ་སོགས་མང་ཚོགས་སྤྲོ་བ་ཡོད་པའི་ཐབས་ལམ་ལ་བརྟེན་ནས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོ་བྱ་བའི་དོན་སྙིང་གལ་ཆེན་དང་ཁྲིམས་ལུགས་སྒྲིག་སྲོལ། བྱ་བའི་སྒྲིག་རིམ། འདེམས་མིའི་ཚད་གཞི་སོགས་ཁྱབ་རྒྱ་ཆེན་པོའི་སྒོ་ནས་ཁྱབ་བསྒྲགས་བྱས་ཡོད།
  村(社区)“两委”换届选举工作是基层政治生活中的一件大事,对于强化基层群众的民主意识和法治观念,巩固党在民族地区的执政基础等方面都具有十分重要的意义。为了切切实实把换届工作做好,杂多县整个选举过程自始至终严格按照五方面进行:一是选人用人标准。即“七选八不选”要求,以及吴德军书记多次强调的“选出一批听党话、跟党走,组织认可、群众拥护的村“两委”班子”标准严把候选人资格条件。二是严格资格审查。根据省上提出的“三清三零三满意”的目标,资格审查环节十分严格,作为村(社区)党组织成员候选人的,由乡镇党委会同县级有关部门进行资格审查;作为村(居)民委员会成员候选人的,由村(居)民选举委员会进行资格初审,报乡镇复审,情况复杂的由乡镇会同县级有关部门联合审查。三是依法依规选举。严格按照政策、法规组织换届选举工作,做到法定的程序一个不减,规定环节一个不漏,确保合法合规,没有程序上的瑕疵。四是严格执行换届纪律。始终坚持把党的领导贯穿换届选举全过程,牢牢把纪律和规矩挺在前面,严格按照省上提出的“十严禁”、州上提出的“十不准”换届纪律要求。五是坚持正面宣传和舆论引导。乡镇和各有关单位坚持正面教育和反面警示相结合的方法,综合运用微信、电视等新闻媒体以及村务公开栏、宣传标语、宣传手册等群众喜闻乐见的形式和载体,广泛宣传村 “两委”换届选举的重要意义、法律法规、工作程序、选人标准和纪律要求。

འདེམས་བསྐོའི་ཁྲོད་མཁར་སྡེ་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་རེ་གསུམ་གདམས་ཐོན་བྱུང་ཞིང་ཆ་བསྙོམས་ཀྱི་ལོ་གྲངས་སོ་དྲུག་དང་གྲངས་ཆུང་དགུ་ཡིན་པ་དང་། དེའི་ཁྲོད་ལོ་ན་སོ་ལྔའི་མན་གྱི་ཁོངས་མི་ཞེ་བཞི་ཡོད། མཁར་སྡེའི་ཀྲི་པུའུ་ཧྲུའུ་ཅི་དགུ་ཡོད་པར་ཆ་བསྙོམས་ཀྱི་ལོ་གྲངས་ལོ་ན་སོ་དྲུག་དང་གྲངས་ཆུང་བཞི་ཡིན། ཆེད་ཚན་སློབ་རིམ་ཡན་གྱི་མི་དྲུག་ཡོད་པས་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་དྲུག་བདུན་ཟིན་ཡོད། དམའ་འབྲིང་རིམ་པ་གསུམ་ཡོད་པས་བརྒྱ་ཆའི་སོ་གསུམ་དང་གྲངས་ཆུང་གསུམ་གསུམ་ཟིན་ཡོད། མཁར་སྡེའི་སྡོད་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དགུ་ཡོད་པ་དང་ཆ་བསྙོམས་ཀྱི་ལོ་གྲངས་སོ་གཅིག་ཡིན། ཆེད་ཚན་སློབ་རིམ་ཡན་གྱི་མི་བདུན་ཡོད་པས་བརྒྱ་ཆའི་དོན་བདུན་དང་གྲངས་ཆུང་བདུན་བརྒྱད་ཟིན་ཡོད། མཐོ་འབྲིང་རིམ་པ་མན་གྱི་མི་གཉིས་ཡོད་པས་བརྒྱ་ཆའི་ཉེར་གཉིས་དང་གཉིས་གཉིས་ཟིན་ཡོད། རྫོང་ཡོངས་ནས་ཀྲི་པུ་ཧྲུའུ་ཅི་དང་ཀྲུའུ་རིན་གཉིས་ཀྱི་ལས་འགན་མི་གཅིག་གིས་ཁུར་དགོས་པར་བྱས།
   经过层层把关,全县共完成换届40个(村31个,社区9个),选举产生村“两委”成员250名,平均年龄为44.25岁,比上一届减少了2.85岁。其中35岁以下成员37人;支部书记31名,平均年龄为48.6岁;主任31名,平均年龄为 47.4岁,比上届减少了 2.3岁;妇女干部29人,比上届增加18人。高中以上学历的29人,占 11.6%,比上一届增加64.7% ;初中学历的14人,占5.6%。从州县“三基”后备干部中选拔29名进入村“两委”领导班子,同时村“两委”配备了妇女干部,达到了省州委关于村“两委”换届的有关要求。
   选举产生社区“两委”成员63名,平均年龄为36.9岁。其中35岁以下成员44人;社区支部书记9名,平均年龄36.4岁;大专以上学历6名,占66.67%;初中学历3名,占33.33%。社区居委主任9名,平均年龄31岁,大专以上学历7名,占77.78%;高中以下学历2名,占22.22%。全县支书主任“一肩挑”1人。
གཞི་གྲངས་ལས་མངོན་པ་ལྟར་ན། རྫ་སྟོད་རྫོང་གིས་ངེས་པ་དོན་ནས་ཆབ་སྲིད་སྟེང་ཡིད་ཆེས་ཆོག་པ་དང་བྱ་བར་ནུས་པ་ལྡན་པ། སྤྱོད་སྟངས་བཟང་ཞིང་མི་དམངས་མང་ཚོགས་བློ་བདེ་བའི་ཕུལ་བྱུང་མི་སྣ་དག་སྡེ་བ་དང་མཁར་སྡེ་ཡི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མགོ་ཁྲིད་པར་གདམས་ནས། མགོ་ཁྲིད་སྒྲིག་ཁོངས་སྔར་ལས་ཇེ་ལེགས་སུ་བཏང་ཞིང་སྤྱིའི་ནུས་པ་སྔར་ལས་མཐོར་འདེགས་སུ་བཏང་ཡོད་ལ། གསར་དུ་གདམས་ཐོན་བྱུང་བའི་སྡེ་བ་དང་མཁར་སྡེ་ཡི་ཏང་ཨུའི་མགོ་ཁྲིད་ཁོངས་མིས་བསྟན་དོན། རྗེས་ཕྱོགས་སྔར་ལས་ལྷག་པའི་སྒོ་ནས་འགན་འཁྲི་འདུ་ཤེས་ཤུགས་དྲགས་དུ་བཏང་སྟེ་དུས་ནམ་ཡང་བློ་སེམས་རྩེ་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཏང་རྩ་འཛུགས་ཀྱི་རོང་འབྲོག་ཁུལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་ངེས་པ་དང་། རྒྱ་ཆེའི་ཏང་ཡོན་མང་ཚོགས་ལ་མཐུན་སྒྲིལ་དམ་ཟབ་དང་སྣེ་ཁྲིད་སྒོས་སྔ་མོ་ནས་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལས་རྣམ་པར་རྒྱལ་བར་འབད་པ་བྱེད་ངེས་པར་བསྟན།
  通过数据显示,杂多县真正选拔了一批“政治上靠得住、工作上有本事、作风上过得硬、人民群众信得过”的优秀人员进入到村(社区)“两委”领导班子,使班子结构进一步优化,班子整体功能进一步提升。新当选的村(社区)党委班子成员纷纷表示,将进一步增强责任感和使命感,始终继续牢记“全心全意为人民服务”的宗旨,充分发挥党组织在农牧区的领导核心作用,带领和团结广大党员群众广大党员群众早日打赢脱贫攻坚战。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网