首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 应急管理 > 工作动态
杂多县开展法治政府宣传月活动
来源:    时间:2018年08月10日    

ཟླ་བརྒྱད་པའི་ཚེས་བརྒྱད་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་བསྟར་རྩ་གནད་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མཚོ་སྔོན་ཞིང་ཆེན་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལག་བསྟར་འཆར་གཞི་སྔར་ལས་ལྷག་པའི་སྒོ་ནས་ལག་བསྟར་དངོས་འབེབས་བྱེད་པ་དང་། རྫ་སྟོད་རྫོང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། རྫ་སྟོད་རྫོང་གི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་གཅིག་བསྡུས་དྲིལ་སྒྲོག་བྱ་འགུལ་སྐོར་གྱི་བརྡ་སྦྱོར་ནང་དོན་ལྟར་དུ་རྫ་སྟོད་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་སྲིད་ཁྲིམས་ལས་ཁུངས་ཀྱིས་སྣེ་ཁྲིད་ཅིང་རྫོང་སྤྱི་བདེ་ཅུའུ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ།  མཁར་གྲོང་དོ་དམ་ཅུའུ། རྒྱལ་ཁབ་སྤྱི་གླིང་དང་འགྲིམ་འགྲུལ་ཅུའུ་སོགས་རྫོང་ཐད་གཏོགས་ལས་ཁུངས་ཉི་ཤུ་ལྷག་མཉམ་ཞུགས་སྒོས་ཁྲིམས་སྐྱོང་སྲིད་འཛིན་ལ་ནན་སྐུལ་དང་གང་མགྱོགས་སྒོས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པ་བརྗོད་གཞི་ཡིན་པའི་དྲིལ་སྒྲོག་ཟླ་ཡི་བྱ་འགུལ་སྤེལ་བ་མ་ཟད། དབྱར་རྩྭ་ཐང་ཆེན་དུ་བརྗོད་གཞིའི་འཕྲེད་བྱང་འགལ་བ་དང་ཉེན་བརྡའི་སློབ་གསོའི་འགྲེམ་བྱང་འཇོག་པ། བློ་འདྲི་སྟེགས་བུ་འཛུགས་པ་དང་དྲིལ་སྒྲོག་རྒྱུ་ཆ་འགྲེམ་པ་སོགས་མང་ཚོགས་སྤྲོ་བ་ཡོད་པའི་བྱེད་ཐབས་ལ་བརྟེན་ནས་དྲིལ་བསྒྲགས་བྱས།

      8月8日,为进一步贯彻落实中共中央国务院《法治政府建设实施纲要(2015 - 2020年)》、省委省政府《青海省法治政府建设实施方案》,加快我县法治政府建设步伐,按照杂多县《关于开展法治政府建设集中宣传活动的通知》,由县委宣传部、县政府法制办牵头,县公安局、市场监管局、城管局、国家公园、交通局等二十几家县直有关单位参与并开展了以“深入推进依法行政、加快建设法治政府”为主题的宣传活动,并在虫草广场通过悬挂标语横幅、摆放警示教育展板、设立咨询台、发放宣传资料、现场解答等群众喜闻乐见的形式,进行了宣传。


ལས་ཁུངས་སོ་སོས་སུས་ཁྲིམས་འཛིན་པ་དང་སུས་ཁྲིམས་ཁྱབ་བརྡལ་དུ་གཏོང་བའི་རྩ་དོན་ལྟར་ལས་ཁུངས་ཀྱི་བྱ་བཞག་གཙོ་བོ་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོར་འབྲེལ་ཏེ། ཚགས་དམ་པོའི་སྒོ་ནས་དྲིལ་བསྒྲགས་ནང་དོན་ལ་ཇུས་འགོད་བྱས་ནས་རྩ་ཁྲིམས་སློབ་སྦྱོང་གི་དྲིལ་སྒྲོག་དང་ལས་རིགས་བཅའ་ཁྲིམས་ཀྱི་དྲིལ་སྒྲོག་ནང་དོན་འབུར་དུ་ཐོན་པར་བྱས་ཏེ། མི་དམངས་མང་ཚོགས་ལ་རྩ་ཁྲིམས་དང་མི་དམངས་འདུམ་འགྲིག་བཅའ་ཁྲིམས། འབྲོག་དམངས་ཁྲིམས་ལུགས་ཤེས་བྱའི་ཀློག་དེབ། ཞོས་ལས་པའི་ཁྲིམས་སློབ་པའི་རྒྱུ་ཆ། གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས།ཟས་རིགས་བདེ་འཇགས་བཅའ་ཁྲིམས། ནར་མ་སོན་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་སོགས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བར་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པའི་ཁྲིམས་ལུགས་ཁྲིམས་སྲོལ་དྲིལ་བསྒྲགས་བྱས།

      各单位按照“谁执法、谁普法”的原则,结合单位中心工作及广大人民群众的需求,精心设计宣传内容,突出了宪法学习宣传和行业法宣传,向群众宣传了《宪法》、《人民调解法》、《牧民法律知识读本》、《务工人员学法资料》、《道路交通安全法》、《食品安全法》、《未成年人保护法》等与广大人民群众生产生活密切相关的法律法规。



ཐེངས་འདིའི་དྲིལ་བསྒྲགས་བྱ་འགུལ་བརྒྱུད་ནས་སྤྱི་བསྡོམས་པའི་དྲིལ་སྒྲོག་རྒྱུ་ཆ་དེབ་སྟོང་བཞི་བཀྲམ་ཞིང་འགྲེམ་བྱང་བརྒྱ་དང་ཉི་ཤུ་འགྲེམ་སྟོན་བྱས་ལ་འཕྲེད་བྱང་ཉེར་དྲུག་བཀལ་བ་མ་ཟད། ཡུལ་དངོས་ནས་མང་ཚོགས་མི་ཐེངས་བརྒྱ་ཡི་ཁྲིམས་ལུགས་ཤེས་བྱའི་བློ་འདྲི་སྣེ་ལེན་བྱས་པར། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཚད་མེད་ཐོབ། རྩ་ཁྲིམས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་དགོངས་པ་དར་སྤེལ་དུ་གཏོང་བ་དང་དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲགས་སུ་གཏོང་བ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ སྤྱི་ཚོགས་ཀྱི་ཁོར་ཡུག་དང་ཁྲིམས་སྐྱོང་གི་ཁོར་ཡུག་ལེགས་པོ་བསྐྲུན། 

        通过此次宣传活动,共计发放宣传资料4000余份,制作宣传展板120块,悬挂横幅26条,现场接受群众法律咨询100余人次,受到了广大群众的欢迎,为弘扬宪法和社会主义法治精神,增强全民法治观念、推进法治政府建设营造了良好的社会氛围和法治环境。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网