首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 招商引资 > 招商动态
杂多县“汇青春·展担当”青年专场招聘会成功举办
来源:    时间:2018年09月01日    

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཡིག་ཚགས་བཀོད་པའི་དབུལ་ཕོང་ཁྱིམ་ཚང་ལ་སྔར་ལས་ལྷག་པའི་སྒོ་ནས་ལས་སྐྲུན་ལས་ཞུགས་ཀྱི་གོ་སྐབས་སྐྲུན་པ་དང་། ལས་གནས་འཚོལ་མཁན་དང་ལས་མི་བསྡུ་བའི་ཁེ་ལས་བར་འབྲེལ་འདྲིས་ཀྱི་སྟེགས་བུ་སྐྲུན་པ། དེ་མིན་ངེས་པ་དོན་གྱིས་རྫོང་ཡོངས་ཀྱི་ན་གཞོན་རྣམས་ལ་ལས་ཞུགས་བྱ་བ་ལེགས་པོར་སྒྲུབ་པ་དང་། ཀུན་གྱིས་གསར་གཏོད་བྱེད་པ་དང་དམངས་ཀྱིས་བྱ་བཞག་སྐྲུན་པའི་སྤྱི་ཚོགས་ཀྱི་གནས་བབས་ལ་བསྟུན་ནས་ཟླ་བདུན་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུའུ་དང་གུང་གཞོན་ཚོགས་པ་རྫ་སྟོད་རྫོང་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཀྲུང་གོའི་བརྡ་སྐྱེལ་རྫ་སྟོད་རྫོང་ཡན་ལག་ཀུང་ཟི་དང་གངས་ཏི་སེ་སྨྱན་སྦྱོར་ཚད་ཡོད་ཀུང་ཟི།  འབྱུང་ཡུལ་སྡེ་བའི་རོལ་དབྱངས་གསོལ་ཁང་བཅས་ལས་ཁུངས་ལ་མཉམ་འབྲེལ་སྒོས་དབྱར་རྩྭ་ཐང་ཆེན་དུ་ན་གཞོན་པའི་ཆེད་དོན་བྱ་བའི་ལས་མི་གདན་ཞུའི་བྱ་འགུལ་སྤེལ། རྫོང་དཔོན་གཞོན་པ་ཀྲུང་པོད་ཅེ་བྱ་འགུལ་ཡུལ་དངོས་སུ་ཡོང་སྟེ་བྱ་བར་མཛུབ་སྟོན་གནང་། 

      为进一步做好高校毕业生和建档立卡贫困户创业就业工作,为求职者和用人企业搭建良好的双向沟通平台,切实做好全县各类青年群体的就业工作。结合当前政府推动“大众创业,万众创新”的社会形势,7月8日上午,县人社局、县团委联合中国联通杂多县分公司、岗迪斯传媒有限公司、源头村音乐餐厅等3家单位在虫草广场成功举办了“汇青春•展担当”青年专场招聘会。县人民政府副县长钟保杰到会指导。


ཐེངས་འདིའི་ཆེད་དོན་བྱ་བའི་ལས་མིའི་གདན་ཞུའི་བྱ་འགུལ་ལས་མཐར་ཕྱིན་སློབ་མ་དང་ད་ལོའི་མཐར་ཕྱིན་སློབ་མ། དེ་མིན་ལས་སྒུག་ན་གཞོན་སོགས་གཙོ་བོར་བཟུང་ཏེ་སྤེལ་བའི་ཆེད་དོན་གདན་ཞུའི་བྱ་འགུལ་ཞིག་ཡིན་པ་དང་།   སྤྱི་བསྡོམས་པའི་ཀྲུང་གོ་བརྡ་སྐྱེལ་རྫ་སྟོད་རྫོང་ཡན་ལག་ཀུང་ཟི་དང་གངས་ཏི་སེ་སྨྱན་སྦྱོར་ཚད་ཡོད་ཀུང་ཟི། འབྱུང་ཡུལ་སྡེ་བའི་རོལ་དབྱངས་གསོལ་ཁང་བཅས་ལས་མི་བསྡུ་བའི་ལས་ཁུངས་གསུམ་གྱིས་ཡུལ་དངོས་ནས་ལས་མི་བསྡུ་ལེན་བྱས།  དེ་ལས་ལས་གནས་སོ་གཅིག་ལྷག་མཁོ་འདོན་བྱས་པར་སྤྱི་བསྡོམས་པའི་ན་གཞོན་མི་བརྒྱ་ལྷག་ལས་གནས་འཚོལ་བར་ཡུལ་དངོས་སུ་ཡོང་ཡོད། དེའི་ཁྲོད་བརྡ་སྐྱེལ་ལས་སྒོའི་མི་སྣ་དང་ཁྲོམ་རའི་ཚོང་གཉེར་བ། ཚོང་ལས་ཞབས་ཕྱི་སོགས་ལས་རིགས་གང་མང་ལ་ཁེབས་ཡོད་པ་དང་།  མི་བཅུ་དགུ་ཡིས་ལས་མི་བསྡུ་བའི་ལས་ཁུངས་བར་ཐོག་མའི་སེམས་འདུན་མཚོན་པའི་རེ་ཞུ་རྒྱབ།   བྱ་འགུལ་ཡུལ་དངོས་སུ་སྲིད་ཇུས་དྲིལ་བསྒྲགས་ཀྱི་བློ་འདྲི་སྟེགས་བུ་དང་ལས་ཞུགས་ལས་སྐྲུན་གྱི་གསོ་སྦྱོང་ཞབས་ཕྱིའི་སྟེགས་བུ་བཀོད་སྒྲིག་བྱས་ཡོད་པ་མ་ཟད། རིན་མེད་སྒོས་ལག་དེབ་དང་གཙང་ཤོག  ཤོག་ཕོར། དེ་མིན་ལས་ཞུགས་དང་རྒན་གསོ། སྨན་བཅོས་བཅས་ཐད་ལ་འབྲེལ་བའི་སྲིད་ཇུས་དྲིལ་སྒྲོག་གི་རྒྱུ་ཆ་དེབ་དྲུག་བརྒྱ་ལྷག་སྦྱིན་པ་དང་། ལས་བྱེད་མི་སྣས་ལས་ཞུགས་ལས་སྐྲུན་དང་སྤྱི་ཚོགས་འགན་སྲུང་སོགས་ཐད་ཀྱི་སྲིད་ཇུས་གསལ་འགྲེལ་བྱས་ཤིང་ལས་ཞུགས་ལས་སྐྲུན་ཐད་ནས་མི་གསུམ་གྱི་བློ་འདྲི་དང་ལེན་བྱས། 

      此次青年专场招聘会主要针对应往届毕业生、待业青年及社会未就业青年的专场招聘活动。共有中国联通杂多县分公司、岗迪斯传媒有限公司、源头村音乐餐厅等3家用人单位参与现场招聘,提供就业岗位31余个,共吸引各类青年100余人前来求职,涵盖了联通业务员、市场营销、商业服务等行业。19人与用人单位达成了初步就业意向。


  活动现场设有政策宣传咨询台和就业创业培训服务台,免费发放手提袋、抽纸、纸杯及就业、养老、医保政策宣传资料各600余份,工作人员详细讲解了就业创业、社会保障等政策,接受就业创业咨询3人。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网