首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县2019年 “春运“期间两公布一提示
来源:    时间:2019年02月04日    

ལོ་སར་སྐབས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་བདེ་འཇགས་དོ་དམ་བྱ་བ་ལེགས་པར་སྒྲུབ་པ་དང་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་བྱ་བ་ལེགས་པོར་སྒྲུབ་པ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འགྲིམ་འགྲུལ་དཔལ་ཡོན་འདུ་ཤེས་མཐོར་འདེགས་སུ་གཏོང་བ།ལོ་སར་སྐབས་སུ་འགྲིམ་འགྲུལ་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཆེད།རྫ་སྟོད་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ས་གནས་ཀྱི་འགྲིམ་འགྲུལ་གནས་ཚུལ་དངོས་ལ་གཞིགས་ནས་ཐབས་ལམ་མང་པོ་དང་བཀོད་སྒྲིག་ཞིབ་མོ་གནང་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་སྒྲོག་བྱ་བ་ལེགས་པར་སྒྲུབ་ཏེ།རླངས་འཁོར་ཁ་ལོ་བ་སོགས་ལ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་སློབ་གསོ་བཏང་ནས་ཁྱབ་བསྒྲགས་གཉིས་དང་གསལ་འདེབས་གཉིས་ཀྱི་བྱ་བ་ཞིབ་མོར་སྒྲུབ་པ་དང་།བདེ་འཇགས་དང་གོ་རིམ་ལྡན་པའི་འགྲིམ་འགྲུལ་ཁོར་ཡུག་ལེགས་པོ་ཞིག་ཧུར་ཐག་སྒོས་སྐྲུན་ནས།དུས་ཆེན་སྐབས་སུ་ས་གནས་མང་ཚོགས་ལ་བདེ་འཇགས་ངང་ཕྱིར་བསྐྱོད་པར་ཁག་ཐེག་བྱས། 

  为深入做好春运假期道路交通安全管理工作,进一步深化交通安全宣传攻势战,提升广大群众的文明交通意识,为春运期间创造良好的道路交通环境,杂多县公安局交警大队根据辖区交通实际,精心安排部署,多渠道、多方式开展交通安全宣传工作,重点突出“两客一危一货”重点车辆驾驶人等群体开展交通安全教育,扎实做好“两公布一提示”,积极营造安全有序畅通的交通环境,确保辖区群众节日期间安全出行。


             གཅིག ངལ་གསོའི་དུས་སྐབས་ནང་རྫ་སྟོད་རྫོང་གི་ས་གནས་གནམ་གཤིས་གནས་ཚུལ།


 一、假期期间杂多县地区天气情况


གཉིས། འགྲིམ་འགྲུལ་གནས་ཚུལ།
 二、交通形势预判


ལོ་སྔོན་མ་དག་གི་རླངས་འཁོར་རྒྱུག་ཚད་ཀྱི་དབྱེ་ཞིབ་ལས་སྔོན་དཔག་བྱས་པ་ལྟར་ན།ཟླ་དང་པོའི་ཚེས་སུམ་བཅུ་ནས་ཟླ་གཉིས་པའི་ཚེས་བཅུ་བཞི་བར་རླངས་འཁོར་ཆེས་མང་དུས་ཡིན་པ་དང་།ནང་སྒོས་སུ་སྔ་དྲོའི་དུས་ཚོད་དགུ་ནས་ཕྱི་དྲོའི་དུས་ཚོད་བཞི་བར་རླངས་འཁོར་འཚང་འགག་ཚད་ཆེས་དུས་ཡིན་ཞིང་གཞུང་ལམ་སྟེང་རླངས་རྒྱུག་ཚད་ཆེས་མང་དུས་རེད།ཡིན་ཡང་དགོང་མོར་རླངས་འཁོར་མངོན་གསལ་སྒོས་ཇེ་ཉུང་དུ་འགྲོ་ཞིང་དེ་ལས་རླངས་འཁོར་མང་ཤོས་གནས་སྐོར་བའི་རླངས་འཁོར་རེད། 

    从往年期间车流量来分析,预计在1月30日及2月14日车流高峰,尤其是在上午9时至下午16时易出现交通拥堵。路面车流量将达到峰值,夜间车流量将明显回落,路面上呈现探亲、自驾游车流重叠为主。



三、雪天路公布易发生交通事故的安全隐患路段


ཞིང་ཆེན་གཞུང་ལམ་309ཡི་ཁྲང་ལ་རི་བོ་དང་ཁྲ་ནེད་རི་བོ།ཧྲིས་ཧྥུའུ་ལུང་བ།ཞང་ཆེན་གཞུང་ལམ་309ཡི་སྤྱི་ལེ་དོན་བརྒྱད་ཀྱི་མཚམས་སོགས་སུ་གཞུང་ལམ་ངོས་སུ་དར་ཆགས་ཡོད་པ་མ་ཟད་ཁོད་དོག་པས་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་ཞིང་གནས་དེ་དག་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བའི་ས་གནས་སུ་གཏོགས་ལ།གནས་དེར་བརྒྱུད་པའི་ཁ་ལོ་བ་ཚོས་རླངས་འཁོར་གྱི་མྱུར་ཚད་ལ་ཚོད་འཛིན་བྱས་ནས་དལ་མོར་བསྐྱོད་དགོས་པ་མ་ཟད་གྲལ་སྒྲིག་ནས་རེ་རེ་བཞིན་བསྐྱོད་དགོས། 

   省道309线长拉山、查乃山、石佛沟、省道309线78公里处等路段冬季路面结冰,路窄、会车易发生交通事故,路段实属为事故隐患路段,提醒途经此路段驾驶人减速慢行,注意道路发生交通拥堵时请耐心等待,依次排队通行,切莫加塞抢行,以免延长拥堵时间。



四、安全行车提示


༡ ལོ་སར་སྐྱེལ་འདྲེན་གྱི་སྐབས་སུ་སྨུག་པ་འཐིབ་པའི་ནམ་ཟླར་འཕྲད་དུས་ལམ་ལ་མ་ཞུགས་སྔོན་དུ་འགྲིམ་འགྲུལ་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་ཡོད་དགོས་པ་མ་ཟད།གང་ནུས་སྒོས་སྨུག་པ་འཐིབ་པའི་དུས་ཚོད་སྟེ་སྔ་མོ་དང་དགོང་མོའི་དུས་ཚོད་ལ་གཡོལ་དགོས་ཤིང་།སྨུག་པ་འཐིབ་པའི་ནམ་གནམ་གཤིས་ལ་འཕྲད་དུས་གློག་འོད་ཡང་དག་སྒོས་བཀོལ་སྤྱོད་གཏོང་དགོས་པ་མ་ཟད་མྱུར་ཚད་ལ་ཚོད་འཛིན་དགོས་ཤིང་རླངས་འཁོར་ཕན་ཚུན་བར་བར་ཐག་བཟུང་ནས་དལ་མོར་བསྐྱོད་དགོས།

  1、春运期间,如有雾霾天气。出行前请提前了解沿途天气和道路交通状况,尽量避开早晨和午夜雾气多发时段,雾霾天气驾驶车辆,要正确使用灯光、降低车速、保持车距,谨慎驾驶。
༢ཆང་འཐུང་པ་ལས་མིའི་རྣམ་རིག་མི་གསལ་བར་འགྱུར་ངེས་པས་དོན་རྐྱེན་འབྱུང་སླ།ལོ་སར་སྐབས་སུ་ནང་མི་སྤུན་ཟླ་མཉམ་འཛོམས་བྱེད་པའི་དུས་སྐབས་ཡིན་སྟབས་ཁྱེད་ཀྱིས་ཆང་འཐུང་རྗེས། ཁྱེད་རང་ཉིད་དང་ཚང་མའི་བདེ་སྐྱིད་ཀྱི་ཆེད་དུ་རླངས་འཁོར་མི་གཏོང་བར་མཁྱེན། 
   2、饮酒导致人反应迟钝、行动迟缓,判断失准。春节团圆亲朋好友聚会多,请您谨记,酒后驾驶害人害己,为了您和大家的安全幸福,请您酒后莫开车,开车莫饮酒。
༣བསྡོམས་རྩིས་བྱས་པ་ལྟར་ན།གཞུང་ལམ་གྱི་དཀྱོགས་མཚམས་སུ་ཁྲིམས་འགལ་སྒོས་རླངས་འཁོར་ལས་བརྒལ་རྒྱུག་བྱེད་པ་སོགས་ཀྱིས་འགྲིམ་འགྲུལ་དོན་རྐྱེན་འབྱུང་སླ་བ་དང་།དུས་ཆེན་སྐབས་སུ་སྒོ་ཕྱིར་བསྐྱོད་དུས་བདེ་འཇགས་ནི་ཨང་དང་པོར་བརྩི་དགོས།དཀྱོགས་ལམ་བརྒྱུད་དུས་ཁྲིམས་འགལ་སྒོས་རླངས་འཁོར་ལས་བརྒལ་རེས་མི་བྱེད་པར་མིག་གི་མཐོང་ཚད་ནས་དུང་བརྡ་རྒྱག་དགོས་པ་དང་། མྱུར་ཚད་ལ་ཚོད་འཛིན་བྱས་ཏེ་དལ་མོར་ཕན་ཚུན་ལ་ལམ་ཕྱེས་ནས་བདེ་འཇགས་ངང་བསྐྱོད་དགོས། 
   3、据统计,弯坡路段因违法超车、争道抢行导致的碰撞事故多发。节日出行,安全第一!行经弯坡路段,请不要违法超车,不要占用对向车道逆向行驶,在视距不良路段要及时鸣喇叭,减速慢行,做好避让停车准备。
༤དགུན་དུས་ནམ་ཟླ་འཁྱགས་སྟབས་རླངས་འཁོར་ཞིག་གསོ་དང་གཅེས་སྐྱོང་ལེགས་པོ་བྱེད་དགོས།  ལམ་ལ་མ་ཞུགས་སྔོན་དུ་རླངས་འཁོར་གྱི་འགྱིག་འཁོར་ལ་ཞིབ་བཤེར་བྱེད་དགོས་ཤིང་དར་ཆགས་ཡོད་པའི་ས་གནས་སུ་བསྐྱོད་དགོས་ཚེ་དུས་ནམ་ཡང་རླངས་འཁོར་ལ་ཤུད་འདྲེད་ལྕགས་ཐག་གྲ་སྒྲིག་བྱེད་དགོས།སྐྱེལ་འདྲེན་རླངས་འཁོར་གྱིས་ངེས་པར་དུ་བདེ་འཇགས་ཞིབ་བཤེར་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། 
   4、冬季天气寒冷,请注意加强车辆安全保养。出行前,要注意检查车辆轮胎,行经冰雪地区要随车携带防滑链等安全装备。营运客车一定要进行安全例检,确保行车安全。
༥བདེ་འཇགས་སྐེ་རེགས་ནི་ཚེ་སྲོག་གི་སྐེ་རེགས་ཡིན་སྟབས་ཚད་ལྡན་སྒོས་བདེ་འཇགས་སྐེ་རེགས་བེད་སྤྱོད་གཏོང་དགོས་ཤིང་།དེས་འགྲིམ་འགྲུལ་དོན་རྐྱེན་བྱུང་དུས་ཉུང་མཐའ་ཡང་བརྒྱ་ཆའི་བཞི་བཅུ་ཡི་གནོད་པ་འགོག་ཐུབ།རྒྱ་ཆེའི་ཁ་ལོ་བ་ཚོས་རང་ཉིད་ཀྱིས་བདེ་འཇགས་སྐེ་རེགས་བཀོལ་བ་དང་བསྟུན་ནས་རླངས་འཁོར་ལ་སྡོད་པའི་མགྲོན་པོར་ཡང་བདེ་འཇགས་སྐེ་རེགས་བཀོལ་བར་གསལ་བརྡ་གཏོང་དགོས། 
   5、安全带是生命带!规范使用安全带,可以在发生交通事故时至少降低40%的伤害。请广大驾驶人在自身系好安全带的同时,提醒乘客系好安全带。一路同行,一路平安!

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网