首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
代办协办:让社区服务更加“零距离”
来源:    时间:2018年11月23日    


ཁ་པར་གཏོང་ཐེངས་གཅིག་གིས་དང་བླངས་པ་སྒོ་ཁར་ཐོན་ནས་ཞབས་ཕྱི་བྱེད་ལ། སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུ་མ་དངུལ་ཐད་ཀར་དངུལ་བྱུང་སྟེང་འཇོག་པ་དང་། འཚོ་བའི་མཁོ་ཆས་སོགས་ཉོ་དགོས་པའི་ཚེ་ནའང་ཚབ་སྒྲུབ་དང་ལས་སྒྲུབ་ཀྱི་དང་བླངས་པ་ཡོད་པ་རེད། ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་བྱ་ཕུག་ཐང་གྲོང་རྡལ་ཞབས་སྒུར་ཐང་མཁར་སྡེའི་སྡོད་དམངས་རྒན་མོ་ཨོཾ་བདེ་ལགས་ལ་སྨན་བཅོས་འགན་སྲུང་གི་འགྲོ་སོང་རྩིས་ཞུ་མ་དངུལ་འབྱོར་བའི་འཕྲིན་ཐུང་འབྱོར་ཡོད་ལ། ཁོ་རང་ཡིད་སེམས་ཚིམས་ཡོད་པ་རེད།

དེའི་སྔོན་དུ་དགུང་ལོ་བདུན་ཅུ་དོན་ལྔར་བུད་པའི་ཁོ་མོ་རྒན་བཀུར་ཁང་ནས་སྟབས་མ་ལེགས་པར་ཐང་ལ་འགྱེལ་བ་དང་། མཁར་སྡེའི་ཚབ་སྒྲུབ་རོགས་སྒྲུབ་དང་བླངས་པར་ཁ་པར་བཏང་རྗེས་དང་བླངས་པ་རྣམས་ཀྱིས་ནད་བརྟག་སྨན་བཅོས་དང་འཚོ་བའི་རོགས་རམ། ལྔ་སྐྱོང་ཁྱིམ་ཚང་གི་སྨན་བཅོས་འགན་སྲུང་གི་འགྲོ་སོང་གི་རྩིས་ཞུའི་ལས་རིམ་ཐ་དག་ཡོངས་སུ་བསྒྲུབས་པ་དང་། ཁོ་མོ་སྒོ་ཕྱིར་ཐེངས་གཅིག་ཀྱང་འགྲོ་མ་དགོས་པར་ཕན་ཁེ་མི་ཉུང་བ་རེག

     “一个电话就有志愿者上门服务,医保报销款项直接打进银行卡,即使是生活用品的购置,也有‘代办协办’志愿者帮忙跑腿!”玉树藏族自治州杂多县萨呼腾镇夏果滩社区居民俄代老人收到医疗款项入账的短信,感慨不已。

      此前,75岁高龄的她,在敬老院不慎摔伤后,通过电话联系到社区的“代办协办”志愿者,别说看病就诊,照顾自己生活起居,就连五保户的医疗报销的手续,自己一趟也没跑就办成了事。




བྱ་ཕུག་ཐང་གྲོང་རྡལ་ནི་རྫ་སྟོད་རྫོང་གི་མང་ཚོགས་འདུས་སྡོད་ཆེ་བའི་ས་ཁུལ་ཞིག་ཡིན་ལ། མཁར་སྡེའི་བདག་སྐྱོང་དཀའ་ཁག་ཀྱང་དེ་བས་ཀྱང་བཤད་མ་དགོས་པ་ཞིག་ཡིན། ཉིས་སྟོང་བཅུ་དྲུག་ལོ་ནས་བཟུང་། མངའ་ཁུལ་གྱི་ཏང་ཀྲི་པུའུ་བཅུ་བཞི་ཡིས་བློ་སྤོབས་ཆེན་པོས་ཏང་འཛུགས་ཀྱི་བསམ་ཕྱོགས་གསར་བ་འཚོལ་ཞིང་བྱས་ཤིང་། སྡེ་བ་དང་མཁར་སྡེའི་ཏང་རྩ་འཛུགས་ཀྱི་ཏང་འཛུགས་གཡུལ་ས་འཛུགས་སྐྲུན་དང་། ཏང་ཡོན་བྱམས་སྐྱོང་དང་ཏང་འཛུགས་ཤེས་བྱའི་ཁྱམས་རིང་འཛུགས་སྐྲུན་སོགས་ཀྱི་དྲིལ་སྒྲོག་ལ་ཐོད་བརྒལ་ཆེན་པོ་བསྐྲུན་པ་མ་ཟད། ཏང་དར་རྫ་ཆུའི་འབྱུང་ཡུལ་ན་ལྷབ་ལྷུབ་བསྐྱོད་པའི་བྱེད་ཕྱོགས་ཀྱིས་ཏང་འཛུགས་ཀྱི་ལས་དོན་སོ་སོ་འཕེལ་རྒྱས་ཕྱིན་པའི་ཏང་འཛུགས་ཀྱི་ཁྱད་ལྡན་ཟོང་རྟགས་དགུ་རིམ་པ་བཞིན་བསྐྲུན།

དྲ་རྒྱ་ལ་བརྟེན་ནས་དཔུང་སྒྲིག་རྣམ་པའི་ཞབས་ཕྱི་མ་ལག་འཛུགས་པ་དང་། འཆམ་མཐུན་གྱི་ཁྱིམ་གཞིས་འཛུགས་པ་ནི་ཞབས་སྒུར་ཐང་མཁར་སྡེའི་ཏང་འཛུགས་ཀྱི་ཟོང་རྟགས་ཤིག་ཡིན། མཁར་སྡེའི་སྡོད་དམངས་དག་ནི་གནས་སྤོར་དུད་ཁྱིམ་གཙོ་བོ་ཡིན་ལ། ཕྱི་ཡུལ་ནས་ཞོར་ལས་བྱེད་པའི་ན་གཞོན་ངལ་རྩོལ་པས་གྲངས་འབོར་ཆེན་པོ་ཟིན་པ་དང་། རྒ་རྒས་དབང་སྐྱོན་སོགས་ཀྱི་གྲངས་འབོར་ཡང་ལོ་རེར་ཇེ་མང་དུ་འགྲོ་བཞིན་ཡོད་ཐོག   རྫོང་མཁར་གསར་རྙིང་གི་བར་ཐག་རིང་བས་སྨན་བཅོས་འཕྲོད་སྟེན་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་མུ་མཐུད་འཐུས་ཚང་དུ་གཏོང་བའི་སྐབས་ཡིན་པས། མཁར་སྡེའི་སྡོད་དམངས་ཀྱིས་འགྲོ་རིམ་གང་རུང་ཞིག་སྒྲུབ་པ་ལའང་རྐང་ཐང་དུ་སྤྱི་ལེ་ཁ་ཤས་འགྲོ་དགོས་པ་རེད། དེར་བརྟེན།

 དྲ་རྒྱ་ལ་བརྟེན་ནས་དཔུང་སྒྲིག་རྣམ་པའི་ཞབས་ཕྱི་མ་ལག་འཛུགས་པའི་དགེ་མཚན་ལ་བརྟེན་ནས་མཁར་སྡེའི་ཏང་ཡོན་དང་དང་བླངས་པར་སྐུལ་སློང་དང་། སྔར་ཡོད་ཀྱི་ཞབས་ཕྱི་སྒྲིག་སྲོལ་སྟེང་ཚབ་སྒྲུབ་དང་རོགས་སྒྲུབ་ལམ་ལུགས་བཏོན་པ་དང་། མངའ་ཁུལ་གྱི་ལྔ་སྐྱོང་ཁྱིམ་ཚང་དང་རྒན་པོ་ཁེར་འདུག དབང་སྐྱོན་མི་སྣ་སོགས་ལ་ཚགས་ཡིག་བཟོས།

      萨呼腾镇是杂多县城人口最集聚的地方,社会治理难度不言而喻。自2016年开始,管辖的14个党支部大胆探索特色党建新思路,力求村社(社区)党组织党建阵地建设、党员关爱及党建长廊建设等方面的宣传有突破,以“澜沧江源党旗红”统领党的建设各项事业蓬勃发展的9个党建品牌应运而生。

      互联网+建立组团式服务体系,建设和谐家园,这是夏果滩社区的党建品牌。因社区居民以易地搬迁户为主,外出务工的年轻劳动力占据多数,老弱病残人数逐年增加,加之新老县城距离远,医疗、卫生方面的配套设施正在不断完善阶段,社区居民办事经常需要徒步好几公里。

ཞབས་ཕྱི་བྱེད་ཡུལ་གྱི་ཞབས་ཕྱི་དགོས་མཁོ་ལྟར་རང་རྟོགས་སྒོས་མངའ་ཁུལ་གྱི་མང་ཚོགས་ལ་ཚབ་སྒྲུབ་དང་རོགས་སྒྲུབ་ཞབས་ཕྱི་བསྒྲུབས། ཁོང་ཚོའི་རྒྱུན་ལྡན་གྱི་འཚོ་བར་རྗེས་འདེད་ཞབས་ཕྱི་སྒྲུབ་བཞིན་ཡོད་དེ། དཔེར་ན་སྔོ་ཚལ་ཉོ་བ་དང་ཆུ་གློག་གི་རིན་པ་སྤྲོད་པ། ཐམ་ག་རྒྱག་པ། ཤ་ཉེར་འཚམས་འདྲི་སོགས་རྒྱུན་མཐོང་གི་དོན་དག་སྒྲུབ་པར་རོགས་རམ་གང་ནུས་བྱེད་པ་དང་། ཚབ་སྒྲུབ་དང་རོགས་སྒྲུབ་ཞབས་ཕྱི་དང་རིན་མེད་སྐྱེལ་ལེན་ཞབས་ཕྱི་བྱ་བའང་སྒྲུབ་བཞིན་ཡོད་པ་རེད།

 ཞབས་སྒུར་ཐང་མཁར་སྡེའི་ཚབ་སྒྲུབ་རོགས་སྒྲུབ་ཀྱི་ལས་རེས་ཁང་དུ་ཚབ་སྒྲུབ་རོགས་སྒྲུབ་ཀྱི་བྱ་བ་སོ་སོ་ཞིབ་ཐོར་བཀོད་ཡོད་ལ། དོན་དག་རྙོག་འཛིང་གི་རིགས་ལ་གསལ་བཤད་ཀྱང་བྲིས་ཡོད་པ་རེད། མཁར་སྡེའི་ཞབས་ཕྱི་ཚོམས་ཆེན་གྱི་བསྒྲགས་བྱང་དུ་མཁར་སྡེ་སྡོད་དམངས་ཀྱིས་དོ་ཁུར་བྱེད་བཞིན་པའི་དོན་དག་ཆེ་མ་ཆུང་གསུམ་རེ་རེ་ཟིན་ཐོར་བཀོད་ཡོད་པ་མ་ཟད། བྱ་བའི་འཕེལ་རིམ་ཀྱང་གསལ་བཤད་བྱས་ཡོད། དང་བླངས་པས་སྟོད་ཀོར་དམར་པོ་གྱོན་ཞིང་དེ་མཐུན་གྱི་ཞྭ་མོ་དམར་པོའི་ཆ་སྒྲིག་ཡོད་པས་ཞི་མཐུན་དང་བྱམས་བརྩེ་ཞིག་ངང་ངམ་ཤུགས་ཀྱིས་མངོན་ཡོད།

      根据服务对象的不同服务需求,积极主动为辖区内的群众提供“代办协办”服务。对他们日常生活进行跟踪式,对上街买菜难、缴费难、单位办事盖章难、走亲访友难等一系列常见难事,开展相关“代办协办”服务和免费接送服务工作。

      走进夏果滩社区“代办协办”值班点,所有可“代办协办”的服务事项被一一列出,材料复杂的办事事项还配有详细说明。旁边的社区服务大厅的展示栏里社区居民所关心的大事小事都被逐一记录,并标注了目前的进展,“代办协办”志愿者穿着统一的红色马甲,配发醒目的红色帽子,一切都显得格外和谐、温暖。








རྒན་མོ་ཨོཾ་བདེ་ལགས་ཀྱི་ཁེ་ཕན་རེག་བཞིན་པ་ཏག་ཏག་ཞབས་སྒུར་ཐང་མཁར་སྡེའི་ཚབ་སྒྲུབ་རོགས་སྒྲུབ་ཀྱི་བསྡུས་གཟུགས་ཤིག་ཡིན། ཁོ་མོ་སྨན་ཁང་ནས་ཞག་སྡོད་སྨན་བཅོས་བྱས་པའི་ཉིན་ཞག་ལྔའི་ནང་དུ་དང་བླངས་པས་བདག་སྐྱོང་གནང་ཡོད་པ་རེད། ནད་གཞི་ཇེ་ལེགས་སུ་སོང་རྗེས་རྒན་མོ་ཨོཾ་བདེའི་ཡིད་སེམས་ཁེངས་ཡོད། ཁོ་མོས་མཁར་སྡེ་ཡི་ཞབས་ཕྱི་དངོས་ནས་ལེགས་པོ་འདུག  ཤ་ཚ་ཞིང་སྙིང་ཉེ་བས་གཟིགས་སྐྱོང་བྱེད་ལ། རང་ཉིད་ཀྱི་བུ་ཚ་ཡིན་ཡང་འདི་ལས་ལྷག་པ་མི་ཡོང་ཟེར།

མཁར་སྡེ་དོ་དམ་ནི་ཐད་ཀར་སྡོད་དམངས་ལ་དམིགས་ཤིང་། རྣམ་པ་ཀུན་ཏུ་མང་ཚོགས་ལ་ཁེ་ཕན་སྒྲུབ་པའི་རྩ་དོན་རྒྱུན་འཁྱོངས་བྱེད་བཞིན་ཡོད། ད་ལྟ་ཤྭ་རྒོད་ཐང་མཁར་སྡེ་ཡི་ཚབ་སྒྲུབ་རོགས་སྒྲུབ་ཞབས་ཕྱི་སྔར་ལས་འཐུས་ཚང་དུ་སོང་ཡོད་ལ། ལས་བྱེད་མང་ཚོགས་ སྔར་ལས་མང་པོ་ཞིག་གི་ཁས་ལེན་ཐོབ་ཡོད། ཚབ་སྒྲུབ་རོགས་སྒྲུབ་ཀྱི་ལས་ཀའི་གྲངས་འབོར་ཡང་དག་ཅིག་མེད་མོད། ཡིན་ཡང་གང་དུ་དཀའ་ཁག་བྱུང་ཚེ་དེ་རུ་ཚབ་སྒྲུབ་རོགས་སྒྲུབ་ཀྱི་དང་བླངས་པ་ཡོད་ལ། དེ་ནི་མཁར་སྡེའི་ཞབས་ཕྱི་ཡི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་གྲུབ་ཡོད།

འདི་ལྟ་བུའི་གྲུབ་འབྲས་ཡོད་ཚད་ནི་དཔུང་སྒྲིག་རྣམ་པའི་ཞབས་ཕྱི་མ་ལག་འཛུགས་སྐྲུན་གྱི་རྒྱབ་འདེགས་དང་ཁ་འབྲལ་ཐབས་མེད་ལ། རྒྱབ་འདེགས་འདི་ཡང་ཆེད་ལས་ཀྱི་ཚབ་སྒྲུབ་རོགས་སྒྲུབ་དང་བླངས་ཞབས་ཕྱི་ལས་ཐོན་པ་དང་། དེ་ལས་ཀྱང་རྫ་སྟོད་རྫོང་ཡོངས་སུ་ཁྱབ་པའི་དཔུང་སྒྲིག་ཞབས་ཕྱིའི་ཚན་གཙོ་དང་འབྲེལ་བ་དམ་ཟབ་ཡོད་པ་རེད། 

      俄代老人的经历,只是夏果滩社区“代办协办”志愿服务的一个缩影。在老人住院就诊的5天5夜里,都是志愿者在照看。病情稳定后,老人感慨不已。“社区的服务真的太好了,这样贴着心、连着肉地照看,就算自己的亲人也不容易做到。”

      社区管理就是最直接面对居民的,就要始终坚持群众利益无小事的原则。如今,夏果滩社区的“代办协办”服务已经更加成熟化,越来越得到干部群众的认可,虽然没有准确的“代办协办”数量统计,但哪里有困难哪里就有“代办协办”志愿者,已经成为社区服务管理的常态。

      这种成熟和认可离不开“组团式”新兴服务体系建设的推力,这种推力不仅来自于专业“代办协办”志愿服务,更来自于遍布杂多县基层的组团式服务的组团长。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网