首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
走进自然怀抱,刻画多彩家乡
来源:    时间:2018年09月15日    

རྫ་སྟོད་ལ་དགའ་བའི་བརྗོད་དོན་སློབ་གསོའི་སློབ་སྒྲུབ་འདུ་ཤེས་སྔར་ལས་ལྷག་པའི་སྒོ་ནས་ལག་ལེན་དོན་འཁྱོལ་བྱས་ཏེ། རང་བྱུང་ཁམས་དང་ཉེ་བར་བཅར་ནས་མཚར་སྡུག་ལྡན་པའི་ཕ་ཡུལ་གྱི་སྣང་བརྙན་བཞེངས་པའི་འདུ་ཤེས་གཙོ་ཡིན་པའི་བརྐོས་རིས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་བྱ་འགུལ་སྤེལ་ཆེད།   ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་གྱི་ཉིན་གུང་། བྱ་ཕུག་ཐང་གྲོང་རྡལ་དཀྱིལ་སྙིང་བཅའ་སྡོད་སློབ་གྲྭའི་ལོ་རིམ་མཐོ་གྲས་ཁྲོད་ཀྱི་མཛེས་རྩལ་ལ་སྤྲོ་བ་ཡོད་པའི་སློབ་མ་བཅུ་དྲུག་ལ་མཛུབ་སྟོན་དགེ་རྒན་གྱི་སྣེ་ཁྲིད་འོག་པ་མེ་གྲོག་རོང་ཆེན་མོ་སོང་སྟེ་དངོས་གཟུགས་འབྲི་བཞེངས་དང་པར་ལེན་བྱ་འགུལ་སྤེལ།

      为进一步贯彻落实“爱我杂多”主题教育的办学理念,更好地开展“走进自然怀抱,刻画多彩家乡”为核心理念的版画特色教学,9月13日中午,萨呼腾镇中心寄校高年级16名美术兴趣爱好学生在指导老师的带领下到巴眉峡写生及拍摄。


དངོས་གཟུགས་འབྲི་བཞེངས་ཀྱི་སྐབས་སུ་སློབ་གྲོགས་ཚོས་བློ་རིག་གཅིག་ཏུ་སྒྲིམ་སྟེ་སློབ་སྦྱོང་ཞིབ་མོ་བྱས་པ་དང་། དངོས་གཟུགས་བྲིས་ནས་རང་ཉིད་ཀྱི་རི་མོ་འབྲི་བཞེངས་ཀྱི་རྩལ་ནུས་མཐོར་འདེགས་སུ་གཏོང་ཅི་ཐུབ་བྱས་པ་དང་བསྟུན་ནས་དེའི་གོ་རིམ་ཁྲོད་འཕྲད་ཡོང་པའི་གནད་དོན་དང་དཀའ་ཁག་གི་སྐོར་ནས་མཛུབ་སྟོན་དགེ་རྒན་ལ་བློ་དྲིས་ལ།  དགེ་རྒན་ཚོས་ཀྱང་རང་ཉིད་ཀྱི་ཉམས་མྱོང་དངོས་དང་གཞུང་ལུགས་ཤེས་བྱ་ཟུང་དུ་སྦྲེལ་ནས་ནུས་པ་གང་ཡོད་སྒོས་སློབ་མ་ཚོར་ཡུལ་དངོས་ནས་འགྲེལ་བཤད་ཞིབ་རྒྱས་གནང་། དངོས་གཟུགས་འབྲི་བཞེངས་སློབ་ཁྲིད་བྱེད་པ་དེ་ནི་སློབ་མ་ཚོར་སློབ་ཁང་ནས་སྒོ་ཕྱི་རུ་བསྐྱོད་སྟེ་རང་བྱུང་ཁམས་དང་ཉེ་བར་བཅར་ཞིང་། མཛེས་རྩལ་གྱི་སྤྲོ་བ་སྐྱེད་སྲིང་དང་རི་མོ་འབྲི་བཞེངས་ཀྱི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་གོ་སྐབས་ལེགས་ཤོས་ཤིག་ཡིན་པ་མ་ཟད་སློབ་མའི་རི་མོ་འབྲི་བཞེངས་ཀྱི་མིང་རྒྱང་ཡང་བསྐྱེད་ཐུབ་པ་རེད།

      写生期间,同学们用心观察,认真学习,在努力提高绘画水平的同时,对户外写生中遇到的问题随时向指导老师请教。老师们也把自己的实践经验和理论知识结合在一起,因材施教地给学生做现场讲解。写生教学不仅为学生提供了一个走出教室、亲近自然、激发美术学习热情、提高绘画水平的机会,而且开拓了学生的绘画眼界。



ཐེངས་འདིའི་དངོས་གཟུགས་འབྲི་བཞེངས་དང་པར་ལེན་བྱ་འགུལ་གྱིས་སློབ་མ་ཚོར་སྒྱུ་རྩལ་ལག་ལེན་གྱི་སྟེགས་བུ་ཞིག་བསྐྲུན་པ་མ་ཟད། སློབ་མར་ཕ་ཡུལ་གྱི་རི་ཆུ་དང་སྲོག་ཆགས་རྩི་ཤིང་ལ་སྔར་ལས་རྒྱུས་ལོན་ཡོད་པར་བྱས་ཤིང་སློབ་མ་ཚོར་ཡུལ་ལྗོངས་ཀྱི་དངོས་གཟུགས་འབྲི་བཞེངས་ལ་སྤྲོ་བ་ལྡན་པར་བྱས་པ་དང་། དེས་སྔར་ལས་ལྷག་པའི་སྒོ་ནས་སློབ་གྲྭའི་བསྐོས་རིས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་བྱེད་སྟངས་དེ་ཕན་ནུས་ལྡན་པའི་སྒོ་ནས་སྤེལ་བར་སྐུལ་འདེད་བཏང་།

      此次写生及摄影活动为学生搭建了艺术实践的平台,加深了学生对家乡山水及动植物的认识,激起了孩子们对风景写生的兴趣,进一步促进了学校版画特色教学的有效开展。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网