首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县举办首届民族语言文字专干培训班
来源:    时间:2018年09月14日    

སྔར་ལས་ལྷག་པའི་སྒོ་ནས་རང་རྫོང་གི་མི་རིགས་སྐད་ཡིག་ཆེད་གཉེར་ལས་བྱེད་པའི་ལོ་ཙཱའི་ལས་གཉེར་ཆུ་ཚད་ཇེ་མཐོང་བ་དང་། མི་རིགས་སྐད་ཡིག་ཆེད་གཉེར་ལས་བྱེད་པའི་ལས་དོན་སྤྱོད་ཚུལ་ལ་བསྒྱུར་བཅོས་བྱེད་པ། བྱ་བའི་ལས་ཆོད་མཐོ་རུ་གཏོང་བ་དང་། རང་རྫོང་གི་མི་རིགས་སྐད་ཡིག་ལས་དོན་ལོ་སྔོན་མའི་རྨང་གཞི་ཐོག་སྐས་རིམ་གསར་པ་ཞིག་གི་ཐོག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། ཟླ་དགུ་པའི་ཚེས་བཅུ་གཉིས་ཉིན། རྫོང་ཨུ་དང་རྫོང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དང་རྫོང་མི་རིགས་མཐུན་སྒྲིལ་གསར་སྤེལ་གཞུང་ལས་ཁང་མཉམ་འབྲེལ་གྱིས་རྫ་སྟོད་རྫོང་མི་རིགས་སྐད་ཡིག་ཆེད་གཉེར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བཙུགས་པ། གསོ་སྦྱོང་འཛིན་གྲྭའི་མགོ་ཚུགས་མཛད་སྒོའི་སྟེང་རྫོང་ཨུ་རྒྱུན་ཨུ་རྒྱུན་ལས་རྫོང་དཔོན་གཞོན་པ་ཁམ་ཅོང་དང་རྫོང་ཨུ་རྒྱུན་ཨུ་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡི་པུའུ་ཀྲང་མི་རིགས་མཐུན་སྒྲིལ་གསར་སྤེལ་གཞུང་ལས་ཁང་གི་ཀྲུང་རིན་བཀྲ་ཤིས་ཕུན་ཚོགས། གྲོང་རྡལ་དང་ཡུལ་ཚོ་སོ་སོ། རྫོང་ཐད་གཏོགས་ལས་ཁུངས་སོ་སོའི་མི་རིགས་སྐད་ཡིིག་གཙོ་སྐྱོང་འགོ་ཁྲིད་དང་ལས་ཁུངས་སོ་སོའི་མི་རིགས་སྐད་ཡིག་ཆེད་གཉེར་ལས་བྱེད་པ་སོགས་མཛད་སྒོར་ཞུགས་ཤིང་། རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་གི་ཀྲུང་རིན་གཞོན་པ་ཚེ་རིང་མཆོག་གྲུབ་ཀྱི་འགོ་འཛིན་བྱས།   

      为进一步提高我县民语专干的翻译业务水平,转变民语专干的工作作风,提高工作效率,促进我县民语工作再上新台阶。912日,在县委、县政府的统筹安排下,杂多县民语办与县民创办共同举办了杂多县首届民族语言文字专干培训班,县委常委、常务副县长康军,县委常委统战部部长、县民创办主任扎西朋措应邀参加培训班开班仪式。各乡镇及县直各机关单位主管民语副职、各单位民语专干参加培训。会议由县民语办副主任才仁求扎主持。

ཐོག་མར་རྫོང་ཨུ་རྒྱུན་ཨུ་འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡི་པུའུ་ཀྲང་མི་རིགས་མཐུན་སྒྲིལ་གསར་སྤེལ་གཞུང་ལས་ཁང་གི་ཀྲུང་རིན་བཀྲ་ཤིས་ཕུན་ཚོགས་ཀྱིས་རང་རྫོང་གི་མི་རིགས་སྐད་ཡིག་བྱ་བའི་གནས་བབས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཅན་གྱི་སྔོན་ཐོན་དཔེ་སྟོན་རྫོང་གསར་སྐྲུན་བྱ་བའི་གནད་འགག་རང་བཞིན་དང་གཙོ་གནད་རད་བཞིན་སྐོར་ནས་གཏིང་ཟབ་མོས་དབྱེ་ཞིབ་བྱས་པ་མ་ཟད། སེམས་ཤུགས་གཅིག་བསྡུས་དང་འབད་བརྩོན་ལྷོད་མེད་ཀྱིས་སློབ་སྦྱོང་བྱེད་པ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་ཏེ་རྒྱུས་ལོན་གཏིང་ཟབ་བཏང་ནས་འབད་བརྩོན་དགོས་པ་དང་། གསོ་སྦྱོང་སྒྲིག་ལམ་ལ་བརྩི་སྲུང་དགོས་པ་ཕྱོགས་ཀྱི་ཐད་ནས་རྗེས་ཕྱོགས་ཀྱི་ལས་དོན་ལ་དམིགས་གསལ་གྱི་བླང་བྱ་གཏོན་པ། འཛིན་གྲྭ་འགོ་ཚུགས་པའི་མཛད་སྒོ་མཇུག་གྲོལ་རྗེས། རྫོང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་དང་། རྫོང་མི་རིགས་མཐུན་སྒྲིལ་གསར་འཛུགས་གཞུང་ལས་ཁང་གིས་གསོ་སྦྱོང་ལ་ཞུགས་པའི་སློབ་མ་ཚོར། ༼ཡུལ་ཤུལ་བོད་རིག་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་སྐོར་གྱི་སྲོལ་ཡིག༽དང༼ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་ཡིག༽རྒྱུད་བསྒྲགས་བྱས་པ། 

      首先,扎西朋措部长对我县民族语言文字工作的现状及创建民族团结进步先进示范县工作的紧迫性和重要性进行了深入浅出的分析,并对今后民语工作提出了具体的要求。

      开班仪式结束后,县民语办、县民创办向各培训学员传达了《玉树藏族自治州藏语文工作条例》和《玉树藏族自治州民族团结进步条例》。


གསོ་སྦྱོང་འཛིན་གྲྭའི་ཐོག་བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱ་དགེ་རྒན་གདན་འདྲེན་ཞུས་ཏེ། ཡུལ་དངོས་སློབ་ཁྲིད་དང་། ལག་ལེན་སྦྱོང་བརྡར། ཁག་བགོས་གྲོས་བསྡུར་སོགས་སློབ་ཁྲིད་ཀྱི་རྣམ་པ་ཟུང་འབྲེལ་བྱས་ཏེ། ཆེད་གཉེར་ལས་བྱེད་པའི་བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་དང་རང་ཉིད་བློ་སྦྱོང་། ཕྱོགས་བསྡུས་ནུས་པ་སོགས་མཐོར་འདེགས་བཏང་ཞིང་། གཞུང་ལུགས་སློབ་སྦྱོང་དང་ཡིག་བསྒྱུར་ལག་ལེན། ཕན་ཚུན་གྲོས་མོལ་སོགས་ཀྱི་རྣམ་པ་ཡིས་སྔོན་དཔག་གི་དམིགས་ཡུལ་འགྲུབ་པར་བྱས་ཡོད་པ་རེད། མཇུག་མཐར། རང་རྫོང་གི་ལས་ཁུངས་སོ་སོས་ཚད་ལྡན་ངང་བོད་རྒྱ་སྐད་གཉིས་བཀོལ་སྤྱོད་གཏོང་བའི་རྨང་གཞི་དང་སྤྱི་ཚོགས་ཀྱིས་བོད་སྐད་ཡིག་བཀོལ་སྤྱོད་གཏོངབའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་སྤྱི་ཚོགས་བརྟན་འཇགས་ཡོང་བར་ཤུགས་སྣོན་རྒྱབ་སྟེ། ལས་ཁུངས་སོ་སོའི་སྐད་ཡིག་ཆེད་གཉེར་ལས་བྱེད་པ་རྣམས་ལ་གསོ་སྦྱོང་གི་ཉམས་མྱོང་སྤྱི་བསྡོམ་དགོས་པ་དང་། ངར་ཤུགས་གཅིག་སྒྲིམ་གྱིས་ལོ་འདིའི་རྫོང་རིམ་པས་བཀོད་སྒྲིག་བྱས་པའི་དམིགས་ཚད་འགན་འཁྲི་ལེགས་འགྲུབ་ཡོང་བར་འབད་བརྩོན་དགོས་པའི་བླང་བྱ་གཏོན། སྐད་ཡིག་ཆེད་གཉེར་ལས་བྱེད་པ་རྣམས་ཀྱིས་ཐེངས་འདིའི་གསོ་སྦྱོང་གཞི་རྩ་རུ་འཛིན་ནས་རང་ལས་ཁུངས་ཀྱི་མི་རིགས་སྐད་ཡིག་བྱ་བ་བཟང་སྒྲུབ་བྱས་ཏེ།དངོས་པོའི་ལག་ལེན་ཁྲོད་རྒྱ་ཆེའི་མི་དམངས་མང་ཚོགས་རྣམས་ལ་སྤུས་ཚད་དང་ལྡན་པའི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ་ཡིན་པ་བསྟན། 

    培训会上特邀请了藏汉双语翻译老师授课,以现场授课、实战训练、分组讨论等多种教学模式相结合,切实提高干部的藏汉双语能力,以及个人修养和其他方面的综合能力;以理论学习,实践翻译、互相交流的方式达到了预期的目的。

      会议要求,各单位民语专干要总结培训经验、鼓足干劲,努力完成本年度下达的各项指标和任务。规范使用我县各单位藏汉双语基本用文和加强管理藏语文社会用字,加强民族团结,共建和谐社会。

      各民语专干纷纷表示将以此次培训为基础,把本单位的民族语言文字工作做好、做扎实,切实为广大群众提供优质服务。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网