首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
【生态玉树】澜沧江源第一县有了生活垃圾高温热解设备
来源:    时间:2018年08月28日    

རྫ་ཆུའི་འབྱུང་ཡུལ་དུ་ཆགས་པའི་རྫ་སྟོད་རྫོང་གིས་འཚོ་བའི་གད་སྙིགས་བཅོས་སྐྱོང་གི་སྒྲིག་ཆས་ད་ལོའི་དབྱར་ཁར་དངོས་སུ་བཀོལ་མགོ་བརྩམས་པ་དང་།  སྐྱེ་ཁམས་ཁོར་སྲུང་པུའུ་ཡི་ཚན་རིག་ཞིབ་འཇུག་ཆེད་མཁས་པས་ཐོག་མའི་དུས་རིམ་གྱི་བཀོལ་སྤྱོད་ལག་ལེན་གནས་ཚུལ་ལ་གཞིགས་སྟེ་འཚམས་སྦྱོར་བྱས་པ་ལྟར་ན། སྒྲིག་ཆས་དེས་མཐོ་སྒང་ས་ཁུལ་དུ་གད་སྙིགས་ཐག་གཅོད་པའི་ནུས་པ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཐུབ་ངེས་པར་བསྟན། 

地处澜沧江源的杂多县生活垃圾高温热解处理设备于今夏正式投入使用。“经过前期试运行,该设备在高海拔地区的垃圾处理能力已达到国内领先水平。”生态环境部华南环境科学研究所专家介绍。


དུ་བ་སྟུག་པོ་མེད་ཅིང་དྲི་ངན་ཅི་ཡང་མེད་ལ།  ཟླ་བརྒྱད་པའི་ཚེས་བཅུ་བདུན་ཉིན། རྫ་སྟོད་རྫོང་མཁར་དང་བར་ཐག་སྤྱི་ལེ་གཅིག་ཙམ་ཡོད་པའི་རྫོང་གད་སྙིགས་ཐག་གཅོད་བཟོ་གྲྭའི་ནང་ཁུལ་དུ་གད་སྙིགས་ཐག་གཅོད་སྒྲིག་ཆས་གསར་བ་དག་ལྷང་ངེར་ཡོད་ལ། ལས་བྱེད་མི་སྣས་འཚམས་སྦྱོར་བྱས་པ་ལྟར་ན། གད་སྙིགས་གཅིག་བསྡུས་སྒོས་ཐག་གཅོད་མ་བྱས་སྔོན་ལ་སྒྲིག་ཆས་ལ་བརྟེན་ནས་གད་སྙིགས་ཀྱི་རིགས་བགར་དགོས་པ་དང་། ཐག་གཅོད་བྱེད་མི་ཐུབ་པའི་འཛུགས་སྐྲུན་གད་སྙིགས་དང་ཆང་སྣོད། ཨར་འདམ་སོགས་རིགས་བགར་ནས་ཕྱིར་བཏོན་རྗེས།  ད་གཟོད་ཐག་གཅོད་སྒྲིག་ཆས་ལ་བརྟེན་ནས་གད་སྙིགས་ཡོད་ཚད་ཐག་གཅོད་ངེས་པ་དང་། དེ་ལས་ཐོན་པའི་མཁའ་དབུགས་མི་གཙང་བ་དག་གཙང་བསྒྱུར་སྒྲིག་ཆས་མ་ལག་བརྟེན་ནས་གཙང་བསྒྱུར་བྱས་རྗེས་ད་གཟོད་ཕྱིར་གཏོང་བཞིན་ཡོད་པ་རེད།   སྒྲིག་ཆས་དེས་ཉིན་རེར་གད་སྙིགས་ཏུན་ཉི་ཤུ་ཙམ་ཐག་གཅོད་བྱེད་ཐུབ་པ་དང་། སྒྲིག་ཆས་མ་ལག་གི་རིག་ནུས་ཚད་གཞི་ཧ་ཅང་མཐོ་སྟབས་ཁ་ལོ་བསྒྱུར་མཁན་གྱིས་ཧ་ཅང་སྟབས་བདེའི་ངང་ལས་སྒོའི་གོ་རིམ་ཡོངས་སུ་ཡོངས་འགྲུབས་བྱེད་ཐུབ། 


没有浓烟,也没有刺鼻的味道,8月17日,在距离杂多县新城区一公里的县垃圾处理厂内,刚刚运行不久的垃圾高温热解设备十分引人注目。据工作人员介绍,集中的垃圾在被高温热解前,先由机械分选给料装置对垃圾进行分选,将不能处理的建筑垃圾、酒瓶、泥土等分离出来,其余垃圾输送至热解消纳系统内处理,产生的废气经过烟气净化系统净化达标后排放,最终对热解后剩余灰渣进行填埋处理。该设备日处理能力可达20吨,系统智能化程度非常高,操作人员只需控制操作按钮即可完成所有作业流程。



ལས་གཞི་དེའི་ལག་རྩལ་ཐད་ནས་ཧ་ཅང་བརྟན་འཇགས་ཡིན་པ་དང་། ཆེད་དུ་མཐོ་སྒང་གི་དབྱང་རླུང་དཀོན་པའི་ས་ཁུལ་གྱི་གནམ་གཤིས་དང་གད་སྙིགས་ཀྱི་གནས་ཚུལ་ལ་གཞིགས་ནས་ཇུས་འགོད་བྱས་པ་ཞིག་རེད།  སྒྲིག་ཆས་གསར་གཏོད་ཀྱི་ལས་གཞིའི་ཁྲོད་ཞུགས་ཡོད་པའི་སྐྱེ་ཁམས་ཁོར་སྲུང་པུའུ་ཀྲུང་ཧྭའི་ལྷོ་རྒྱུད་ཁོར་ཡུག་ཚན་རིག་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཧན་ཆིས་ཀྱིས་འཚམས་སྦྱོར་བྱས་པ་ལྟར་ན།   སྒྲིག་ཆས་དེའི་ལག་རྩལ་གཙོ་བོ་ཕྱོགས་གཉིས་ནས་མངོན་ཡོད་པ་དང་།  དེ་ནི་གད་སྙིགས་མེ་རུ་སྦར་ནས་གཙང་བསྒྱུར་བྱེད་པ་དང་ཡང་ཕྱོགས་གཅིག་ནས་སྦག་བཙོག་ཕྱིར་འདོན་ཚད་རྒྱལ་སྤྱི་ནས་སྔོན་གྲས་ཀྱི་ཚད་གཞི་ཟིན་ཡོད་པ་དེ་ཡིན་ཟེར། 

“该项目技术已经非常成熟,是专门针对高原缺氧寒冷地区的气候条件和垃圾的特性而设计的。”据参与设备研发的生态环境部华南环境科学研究所研究员韩琪介绍,该设备技术的“顶尖”主要表现在两个方面,一方面是垃圾焚烧透彻,通过该设备热解后垃圾减容率可达到95%左右;另一方面各项排放指标完全处于国际领先水平。



རྫ་སྟོད་རྫོང་ལ་མཚོན་ན་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་སྙིང་ས་ཁུལ་ཡིན་པ་མ་ཟད་གད་སྙིགས་རིགས་བགར་ཐག་གཅོད་བྱ་བའི་ཐད་ནས་ཀྱང་རྒྱལ་ཡོངས་ཀྱི་སྔོན་གྲས་ཟིན་པའི་ས་གནས་ཤིག་ཡིན།  དེར་བརྟེན་མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱིས་ཞིང་སྡེའི་ཁོར་ཡུག་བཅོས་སྐྱོང་གི་ལས་གཞི་ལ་བརྟེན་ནས། དུས་རིམ་སྔོན་མའི་ནང་སྒོར་ས་ཡ་བཞི་བཀོད་སྒྲིག་བྱས་ཏེ་རྫོང་རིམ་པར་སྒོར་ས་ཡ་གཅིག་བཏང་སྟེ་ལས་གཞི་དེ་ལག་བསྟར་བྱས་པ་ཞིག་རེད།   མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིན་གྱི་སྐོར་ཞིབ་པ་གཞོན་པ་ཧུའུ་ཞོད་ལིན་གྱིས་འཚམས་སྦྱོར་བྱས་པ་ལྟར་ན།  སྒྲིག་ཆས་གསར་བ་བཀོལ་སྤྱོད་བྱས་པ་དེས་རང་ཞིང་གི་རོང་འབྲོག་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་སྒྲིག་ཆས་ཐད་ནས་རྨང་བརྟན་པོ་བཏིང་བ་མ་ཟད། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལག་རྩལ་གསར་སྐྲུན་ཐད་ལའང་ལམ་ཁ་གསར་བ་བཏོད་ཡོད་ཟེར། 

“杂多县处在三江源自然保护区核心区,也是垃圾分类工作走在全国前列的地方。鉴于此,省环境保护厅通过农村环境整治项目,前期安排400万元,县级配套100多万元建成此项目。”据省环境保护厅副巡视员胡晓林介绍,该设备的投运,不仅为我省农牧区环境综合整治奠定了硬件基础,更为全省在生态环保科技创新方面蹚出了新路。



 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网