首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县召开2018年上半年意识形态领域情况分析研判会议
来源:    时间:2018年06月21日    

    གང་མགྱོགས་སྒོས་ཉིས་སྟོང་བཅུ་བདུན་ལོའི་བསམ་བློའི་གནས་སྟངས་ཁྱབ་ཁོངས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་གདེངས་ཚོད་ལོན་ཆེད། མིག་སྔའི་བསམ་བློའི་གནས་སྟངས་བྱ་བའི་ཁྲོད་གནས་ཡོད་པའི་གནད་དོན་ལ་དབྱེ་ཞིབ་བྱས་ཏེ་བསམ་བློའི་གནས་སྟངས་འགན་འཁྲིའི་ལམ་ལུགས་དངོས་འབེབས་བྱས། ཟླ་དྲུག་པའི་ཚེས་ཉེར་གཅིག་ཉིན། རྫ་སྟོད་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྫ་སྟོད་རྫོང་གི་བསམ་བློའི་གནས་སྟངས་བྱ་བའི་ཞིབ་འཇུག་བརྡར་གཅོད་ཚོགས་འདུ་བསྡུས་པ་དང་། རྫོང་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལྷ་མོ་མཚོའི་མངགས་བཅོལ་ལྟར་རྫོང་ཏང་ཨུའི་བསམ་བློའི་གནས་སྟངས་བྱ་བའི་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མི། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ་ཕང་ཞུས་མེ་ཡིས་ཚོགས་འདུ་ལ་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། ཤང་གྲོང་སོ་སོ་དང་མི་རིགས་ཆོས་ལུགས་ཁྱབ་ཁོངས། དེ་མིན་མཁར་སྡེ་དང་སློབ་གསོ། སྤྱི་བདེ་སོགས་རྫོང་ཡོངས་ཀྱི་བསམ་བློའི་གནས་སྟངས་བྱ་བའི་མགོ་ཁྲིད་ཚོགས་ཆུང་གི་ཁོངས་ཞུགས་ལས་ཁུངས་གཙོ་ཤོས་ཀྱི་འགན་ཁུར་བ་བཅས་ཚོགས་འདུ་ལ་ཞུགས།
    为及时分析掌握2018年上半年度意识形态领域情况,深入研究、分析当前意识形态工作存在的问题,落实意识形态责任制,6月21日,杂多县委宣传部组织召开杂多县意识形态工作研判会,受县委常委、宣传部部长拉毛措委托,宣传部副部长庞继敏主持会议并讲话,各乡镇、民宗领域、社区、教育、公安等全县意识形态工作领导小组主要成员单位负责人参加了会议。
    ཚོགས་ཐོག་ཏུ་རྫོང་ཡོངས་ཀྱི་ཤང་གྲོང་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བས་རང་ལས་ཁུངས་ཀྱི་བསམ་བློའི་གནས་སྟངས་བྱ་བའི་གནས་ཚུལ་དང་། དེར་གནས་ཡོད་པའི་གནད་དོན་གཙོ་བོར་འབྲེལ་ཏེ་དབྱེ་ཞིབ་བརྡར་གཅོད་བྱས་པ་མ་ཟད་རྗེས་ཕྱོགས་ཀྱི་བྱ་བའི་ཐད་ལ་ཐབས་ཇུས་བཏོན།
    会上,全县各乡镇、相关单位负责人结合本单位意识形态工作情况和存在的主要问题进行了分析研判,并提出了下一步工作的对策和建议。
    ཚོགས་འདུ་ལས་བསྟན་དོན།  རྫ་སྟོད་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སྐོར་གྱི་དགོངས་དོན་དང་ནང་སྒོས་སུ་བསམ་བློའི་གནས་སྟངས་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་དགོངས་དོན་ལག་བསྟར་ནན་མོ་བྱེད་དགོས་པ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཁུལ་ཏང་ཨུ། རྫོང་ཏང་ཨུའི་འབྲེལ་ཡོད་ཡིག་ཆའི་བླང་བྱ་ལྟར་དུ་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་འདུ་ཤེས་དང་མགོ་ཁྲིད་ཀྱི་འགན་འཁྲི་ཤུགས་དྲག་དུ་གཏོང་དགོས་ལ། བསམ་བློའི་གནས་སྟངས་བྱ་བའི་འགན་ཁུར་གཙོ་བོ་ཁུར་ཕོད་པ་དང་བསམ་བློའི་གནས་སྟངས་བྱ་བའི་མགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ། གཙོ་ཁྲིད་དབང་ཆ་བཅས་ནན་ནན་ཏིག་ཏིག་གིས་གདེངས་ཚོད་ཡོད་པར་བྱེད་དགོས་པར་བསྟན།
    会议指出,我县要认真贯彻落实习近平总书记系列重要讲话特别是关于意识形态工作的一系列讲话指示精神,贯彻落实省委、州委、县委的有关文件要求,进一步强化政治责任、领导责任和把关责任,勇于担当意识形态工作的主体责任,牢牢把握好意识形态工作的领导权、主动权和主导权。
    ཚོགས་འདུ་ལས་ནན་གྱིས་བསྟན་དོན། གཅིག་ནས་བསམ་བློའི་གནས་སྟངས་ཁྱབ་ཁོངས་ཀྱི་ཏང་གི་མགོ་ཁྲིད་གོ་གནས་རྒྱུན་འཁྱོངས་བྱས་ཏེ་ལས་བྱེད་ཡོངས་ལ་ཡང་དག་གི་བསམ་བློའི་དད་མོས་དང་རིན་ཐང་འདུ་ཤེས། ཀུན་སྤྱོད་འདུ་ཤེས་བཅས་སླངས་སྐྲུན་བྱེད་པར་བསམ་བློའི་གནས་སྟངས་ཀྱི་ཁྱད་ཆོས་སུ་གྲུབ་པའི་བྱ་བ་ལེགས་པོར་སྒྲུབ་དགོས། གཉིས་ནས་རྫ་སྟོད་རྫོང་གི་༡༣༩བྱ་བའི་རིག་ལམ་ཁྲོད་ཀྱི་བསམ་བློའི་གནས་སྟངས་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་སྐོར་གྱི་ནང་དོན་ལྟར་དུ། དྲང་ཕྱོགས་ནུས་ཚད་ཀྱི་སྟོབས་ཤུགས་གཅིག་དུ་སྒྲིལ་ནས་རྫ་སྟོད་ཀྱི་སློབ་གསོའི་བྱ་བ་ལེགས་པོར་སྒྲུབ་སྟེ་རྫ་སྟོད་མི་དམངས་ཡིད་འཚིམ་པའི་བྱ་བ་གང་མང་སྒྲུབ་དགོས། གསུམ་ནས་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ཤུགས་ཚད་ཆེར་བསྐྱེད་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་སྐྲུན་དགོས་ལ།  དྲིལ་སྒྲོག་རིག་གནས་ཀྱི་གཡུལ་ས་ནུས་ལྡན་སྒོས་དོ་དམ་བྱེད་པ་མངོན་འགྱུར་ཡོང་བར་བྱས་ཏེ། བསམ་བློའི་གླེང་ཕྱོགས་ཁྱབ་ཁོངས་ཀྱི་གནད་དོན་གཙོ་བོའི་ཕྱོགས་ཁྲིད་ལ་སྔར་ལས་ལྷག་པའི་སྒོ་ནས་ཤུགས་བསྣན་ནས། དྲིག་སྒྲོག་རིག་གནས་དཔུང་སྡེའི་འཛུགས་སྐྲུན་དོ་དམ་བྱ་བ་གཙོ་བོར་བཟུང་ནས་ཤུགས་བསྣོན་དགོས་པར་བསྟན།
    会议强调,一是要坚持党在意识形态领域的领导地位,使所有干部树立正确的理想信念、价值理念、道德观念,做出意识形态亮点工作。二是要按照我县139工作思路中,关于提升意识形态工作水平的内容,唱好主旋律、汇聚正能量,讲好杂多教育故事,办杂多人民满意的工作。三是要加大正面宣传力度,着力为经济社会发展营造良好的舆论环境;要着力实现宣传文化阵地的有效管理;要进一步加强思想舆论领域热点问题的引导;要进一步抓好网络舆论引导工作。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网