首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县召开创建省级民族团结进步示范县工作推进会
杂多县政府网站:http://www.zaduo.gov.cn    来源:    时间:2018年05月28日    

ཟླ་5ཚེས་24ཉིན་རང་རྫོང་གིས་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་པའི་ལས་དོན་སྐུལ་འདེད་ཆེད་དོན་ཚོགས་འདུ་ཚོགས།ལོ་སྟོད་དུ་སྤེལ་བའི་ལས་དོན་ཁག་ལ་ཕྱིར་དྲན་དང་ཕྱོགས་བསྡོམས་གནང་བ།དུས་རིམ་རྗེས་མའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས་པ།རྫོང་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་འཛུགས་པའི་འགན་གཉེར་སྡེ་ཁག་དང་།འགན་འཁྲིའི་སྡེ་ཚན་ཁག་གི་འགོ་ཁྲིད་གཙོ་བོ་དང་དེ་བཞིན་མི་རིགས་མཐུན་སྒྲིལ་འཛུགས་སྤེལ་གྱི་འགན་ཁུར་བ་ཚོགས་འདུར་ཞུགས་པ།རྫོང་ཨུའི་རྒྱུན་ཨུ་དང་།འཐབ་ཕྱོགས་གཅིག་སྒྲིལ་པུའུ་ཡི་འགོ་འཛིན་བློ་མཐུན་བཀྲ་ཤིས་ཕུན་ཚོགས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། གྲོས་ཚོགས་ཐོག་《རྫ་སྟོད་རྫོང་གི་ཡིག་ཐོག་སྙན་ཞུ་འབུལ་བའི་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་སྐུལ་འདེད་ཇུས་གཞི་》དང་ “ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་པའི་ཡིག་ཚགས་ལས་ཀར་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ་》དང་《རྫ་སྟོད་རྫོང་འཐུས་ཚང་དུ་གཏོང་བ།མི་རིགས་མཐུན་སྒྲིལ་གསར་གཏོད་དཔྱད་ཡིག་ཞིབ་བཤེར་བྱེད་རྒྱུའི་ལས་དོན་གྱི་བརྡ་ཐོ》བཀྲམས་པ་དང་དྲིལ་བསྒྲགས་བཏང་བ་རེད།
  5月24日,我县专题召开创建省级民族团结进步示范县工作推进会,回顾总结上半年创建各项工作,进一步安排部署下一步重点工作。全县民族团结进步创建工作各示范单位、各责任单位主要领导及创建负责人参加会议,县委常委、统战部长扎西朋措主持会议。会议传达下发了《杂多县申报省级民族团结进步示范县推进方案》、《关于做好创建全省民族团结进步示范县档案工作的通知》、《关于杂多县完善民族团结创建工作迎检资料的通知》。 
ཚོགས་འདུའི་ཐོག་གཅིག་ནས་ལས་ཀའི་བསམ་ཕྱོགས་དག་སེལ་བྱེད་པ་དང་།བཀོད་སྒྲིག་གནང་པ།རྫོང་ཡོངས་ཀྱི་ཤང་གྲོང་ཁག་དང་།སྡེ་ཁག་སོ་སོ་སྡེ་ཚན་ཁག་གིས་བརྟག་དཔྱད་ཞིབ་འཇུག་གང་ལེགས་བྱས་པ་དང་གནས་ཚུལ་ཀྱི་རྨང་གཞིའི་ཐོག་སྐྲུན་པའི་ལས་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་།སྒྲིག་གཞི་སྔར་བས་ཁ་གསལ་བ།ལས་ཀའི་བསམ་ཕྱོགས་དང་དུས་རིམ་གྱི་ལས་ཀའི་བླང་བྱ་ཟུང་དུ་འབྲེལ་ནས་གཙོ་གནད་དུ་འཛིན་ནས། འཆར་གཞི་ཞིབ་མོའི་མྱུར་ཚད་རེའུ་མིག་གཏན་འཁེལ་དང་།དུས་ཚོད་བླང་བྱ་གནད་ལ་འཁེལ་བ། འགན་འཁྲི་མི་ཐོག་ལ་འཁྱོལ་བ་དང་བྱེད་ཐབས་ཕན་འབྲས་ཐོན་པ་དང་གནད་འགག་གི་ལས་ཀའི་བླང་བྱ་ངེས་པར་དུ་ཇུས་གཞི་དང་།ཕྱོགས་བསྡོམས།ཡིག་ཚགས་ཉར་ཚགས་བྱ་རྒྱུར་དོ་སྣང་བྱ་དགོས། གཟུགས་བརྙན་བཞོག་རྒྱུ། དེ་དང་དུས་མཚུངས་སུ་ལྟ་སྐུལ་སློབ་སྟོན་ཚན་ཆུང་ཁག་རེ་རེ་ལ་འཆར་གཞི་སྐུལ་འདེད་གཏོང་ཚུལ་གྱི་དུས་ཚོད་ངེས་གཏན་ནང་ལྟ་སྐུལ་ཞིབ་བཤེར་དང་།དམངས་བརྟེན་གསར་གཏོད་ཀྱི་གནད་འགག་གི་ལས་དོན་འགན་ལེན་བྱེད་དགོས།སྤུས་ཚད་མཐོ་བའི་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས།གཉིས་ནི་དྲིལ་བསྒྲགས་སློབ་གསོ་གསར་གཏོད་དང་དྲིལ་བསྒྲགས་བྱེད་ཁྱབ་ཆེ་རུ་གཏོང་དགོས།སྟོང་ཆ་མ་ལུས་པར་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སྤེལ་བ།གོམ་གང་མདུན་སྤོས་ཀྱིས་ངང་ཚུལ་ཡག་པོ་གཏོད་དགོས།སྲིད་འཛིན་ལྟེ་གནས་ཐོག་བརྩེགས་ཁང་ཆེན་དང་།འགྲིམ་འགྲུལ་འགག་མདོ་གྱང་ངོས། ལམ་གློག་སོགས་ཀྱི་གནས་ལ་བྲིས་འབུར་དང་།འཕྲེད་འགེལ་སྦྱར་ཡིག་དང་།འགྲེམས་བྱང་བཟོ་བ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་པའི་ལས་དོན་དྲིལ་བསྒྲགས་གཏོང་བ།《རྫ་སྟོད་རྫོང་གི་ཞིང་ཆེན་རིམ་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྫོང་འཛུགས་པའི་བྱ་སྤྱོད་ཇུས་གཞི་》དང་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞི་དང་།མུ་མཐུད་གསར་གཏོད་དང་འཛུགས་སྤེལ་ཕུན་སུམ་ཚོགས་པ་འདྲེན་བྱེད་དུ་འཛིན་པ། གསུམ་ནི་ཞིབ་བཤེར་བྱེད་རྒྱུའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་།“འཛུལ་བ་བརྒྱད”བྱེད་སྒོ་མུ་མཐུད་ནས་སྐུལ་འདེད་གཏོང་དགོས།མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་པའི་བྱེད་སྒོ་ཁྱོན་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་ཆེད།ཁྱིམ་ཚང་དུ་སྐྱོད་པ་དང་།སྡེ་ཁུལ་། གྲོང་གསེབ། ལས་ཁུངས་དང་། སློབ་གྲྭ ཁེ་ལས། དགོན་སྡེ། དམག་སྒར་བརྒྱད་ལ་ཁྱབ་པའི་”བྱེད་སྒོ་སྤེལ་བ། ཟླ་6པར་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ལས་ཡུལ་དངོས་སུ་ལྟ་སྦྱོང་བྱེད་པ་མདུན་བསུ་དང་།དཔེ་སྟོན་ཚན་པ་ཁག་ལག་བསྟར་ཡག་པོ་བྱེད་དགོས་པའི་“འགོ་ཁྲིད་དང་པོའི་”ལས་གཞི་དང་།“གཙོ་འགན་འཁུར་མཁན་”གྱི་འགན་འཁྲི་ཤུགས་སྣོན་བྱས་ཏེ། དཔེ་སྟོན་ཚན་པར་ཞིབ་བཤེར་བྱེད་རྒྱུའི་ལས་ཀ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་དང་།བརྟག་དཔྱད་ཞིབ་འཇུག་བྱེད་པར་སྣེ་ཁྲིད་དགོས་པ་དང་།སྣེ་ཁྲིད་དེ་ཇུས་འགོད་དང་བཀོད་སྒྲིག་ལས་ཀ་དང་སྣེ་ཁྲིད་དོན་འཁྱོལ་བྱས་ཚུལ་སྐུལ་འདེད་དང་།ལས་བྱེད་པ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་གྱི་ལས་དོན་པའི་སྙིང་སྟོབས་ཡོད་དགོས། བཞི་ནི་གཙོ་གནད་ལས་འགན་དོན་འཁྱོལ་དམ་འཛིན་དང་།ལེགས་འགྲུབ་ཡིག་ཚགས་ལེགས་སྒྲིག་བྱས་རྗེས་གོང་ཞུ་བྱ་རྒྱུ། རྫོང་ཡོངས་ཀྱི་དཔེ་སྟོན་སྡེ་ཚན་དུ་འཛུལ་བ་བརྒྱད་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ།དམ་འཛིན་གནད་འཁེལ།གཞི་རྟེན་རྒྱ་ཆེར་གཏོང་བ་དང་།ནང་དོན་ཕུན་སུམ་ཚོགས་པ་དམ་འཛིན་བྱས་ཏེ་ཕན་འབྲས་དང་ཁྱད་ཆོས་ཐད་ཤུགས་རྒྱག་དགོས་པ་དང་།སྡེ་ཁག་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱི་བླང་བྱ་ལྟར་མི་རིགས་མཐུན་སྒྲིལའཛུགས་སྤེལ་དཔྱད་ཡིག་འཚོལ་སྡུད་དང་ལེགས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱ་རྒྱུ།ངེས་པར་དུ་དུས་ཚོད་ཀྱི་བླང་བྱ་ལྟར་རང་ལས་ཁུང་གི་མི་རིགས་མཐུན་སྒྲིལ་འཛུགས་སྤེལ་རྒྱུ་ཆ་ལེགས་སྒྲིག་དང་།ཡིག་ཚགས་འཛུགས་པ་གོང་ཞུའི་ལས་དོན་སྤེལ་དགོས།
  会议要求一是理清工作思路,再安排再部署。全县各乡镇、各部门、各单位在充分调研和全面掌握创建工作情况的基础上,进一步理清工作思路,结合阶段工作要求和重点,再制定详细的计划进度表,要求时间准确到点,责任落实到人,措施有实效,要求各环节工作都必须有方案、有总结,要注意留存档案、留影像。同时,督导组对每项计划的推进情况定时督查,确保民创各环节工作高质量有序推进。二是创新宣传教育载体,扩大宣传覆盖面。开展360度无死角民族团结宣传。进一步营造浓厚氛围。在行政中心大楼、交通要道、墙面、路灯等地张贴大型喷绘、悬挂横幅、制作展板,宣传民族团结进步示范县创建工作。围绕《杂多县创建省级民族团结进步示范县行动方案》和验收标准,不断创新和丰富创建载体。三是高度重视迎检工作,持续推动“八进”活动。为全面深入推进民族团结进步创建活动进家庭、进社区、进乡村、进机关、进学校、进企业、进寺院、进军营的“八进”活动,迎接6月全州民族团结现场观摩,各示范单位要实施好“一把手”工程,强化“一把手”责任,切实把示范单位迎检工作摆上重要议事日程,带头调查研究、带头谋划部署工作、带头督促推动落实,凝聚起干部群众共同参与民族团结进步创建工作的精气神。四是狠抓重点任务落实,完成档案整理上报。全县八进示范单位要进一步加强组织领导,强化责任担当,找准抓手,拓宽载体、丰富内容,努力在抓成效和形成特色上下功夫,按照要求结合各自工作实际和部门单位职能,要高度重视民创资料收集整理工作,务必于按照时间要求完成本单位民创资料整理、建档、上报工作。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网