首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县开展“扫黑除恶”集中宣传活动
杂多县政府网站:http://www.zaduo.gov.cn    来源:    时间:2018年05月30日    

སྤྱོད་ངན་གཙང་སེལ་བྱ་བ་མཐའ་འཁྱོལ་ཡོང་བར་བྱེད་པ་དང་གཙང་སེལ་བྱ་བར་སྔར་ལས་ཁོར་ཡུག་ལེགས་པོ་ཞིག་སྐྲུན་ཆེད། ཟླ་ལྔ་བའི་ཚེས་ཉེར་དགུ་ཉིན། རྫ་སྟོད་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་དང་རྫོང་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། རྩ་འཛུགས་པུའུ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། སྤྱི་བདེ་ཅུའུ། མི་དམས་ཞིབ་དཔྱོད་ཁང་དང་མི་དམངས་ཁྲིམས་ཁང་།ཁྲིམས་འཛིན་ཅུའུ་བཅས་ལས་ཁུངས་ཀྱིས་རྫོང་མཁར་གྱི་གཞུང་ལམ་སུམ་མདོ་རུ་སྤྱོད་ངན་གཙང་སེལ་གྱི་ཕྱོགས་བསྡུས་དྲིལ་སྒྲོག་བྱ་འགུལ་སྤེལ།
  为打赢“扫黑除恶”专项斗争,进一步营造浓厚的“扫黑除恶”专项斗争氛围,广泛发动群众,大胆举报涉黑涉恶线索,增强社会各界参与、支持“扫黑除恶”专项斗争工作的主动性和积极性,5月29日,县委宣传部、县委政法委、组织部、纪委、公安局、检察院、法院、司法局在县城三岔路口举行了“扫黑除恶”集中宣传活动。
བྱ་འགུལ་ཁྲོད་ལས་ཁུངས་སོ་སོས་རང་རང་གི་བྱ་བའི་གཙོ་གནད་དང་འབྲེལ་ཏེ་དྲིལ་སྒྲོག་གི་བརྗོད་དོན་འབུར་དུ་ཐོན་པར་བྱས་ཤིང་། དྲིལ་སྒྲོག་འགྲེམས་བྱང་དང་རྒྱུ་ཆ་སོགས་བཀྲེམས་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྤྱོད་ངན་གཙང་སེལ་འགུལ་སྐྱོད་ཁྲོད་ཀྱི་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་སྐོར་ནས་སྒྲོག་བཤད་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་སྤྱོད་ངན་གཙང་སེལ་བྱ་བའི་ཆེད་དོན་འགུལ་སྐྱོད་ཁྲོད་ཧུར་ཐག་སྒོས་ཞུགས་པར་སྐུལ་མ་བཏང་།
  活动中,各单位围绕各自工作重点,突出宣传主题,制作宣传展板,印发宣传资料,印制宣传横幅,发放宣传资料,向广大群众讲解“扫黑除恶”斗争的意义,鼓励广大群众积极参与到“扫黑除恶”专项斗争中。
སྤྱོད་ངན་གཙང་སེལ་བྱ་བའི་ཆེད་དོན་འགུལ་སྐྱོད་བསླང་བའི་ཚུན་ནས། རྫ་སྟོད་རྫོང་གིས་བརྡ་སྦྱོར་སྦྱོར་བ་དང་འཕྲེད་བྱང་འགལ་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་སྤྱོད་ངན་གཙང་སེལ་བྱ་བའི་ཆེད་དོན་འགུལ་སྐྱོད་སྤེལ་བར་ཁོར་ཡུག་ལེགས་པོ་སྐྲུན་པ་མ་ཟད།  བརྙན་འཕྲིན་དང་དྲ་ཚིགས། ཚགས་པར་དང་དུས་དེབ། སྐད་འཕྲིན་གྱི་ཚོམས་སོགས་ནས་ཀྱང་གནས་ཚུལ་བརྒྱུད་སྤེལ་བྱས་པ་སོགས་ཀྱིས་དྲིལ་སྒྲོག་གི་ཁོར་ཡུག་ལེགས་པོ་ཞིག་ཆགས་ལ། དེ་བསྟུན་སྒོས་སྤྱོད་ངན་གཙང་སེལ་གྱི་དྲིལ་སྒྲོག་བྱ་བའི་རྣམ་པ་ལེགས་པོ་ཞིག་འཁྱོངས་ཡོད།
  自扫黑除恶专项斗争开展以来,我县通过张贴通告、悬挂条幅等多种方式,积极营造扫黑除恶专项斗争宣传氛围。并且在电视台、网站、微信群和微信公众号等播放、刊登、转载通告,形成了浓厚的宣传氛围,掀起扫黑除恶宣传工作高潮。
ཐེངས་འདིའི་བྱ་འགུལ་ཁྲོད་འཕྲེད་བྱང་བཅུ་གཉིས་བཀལ་ཞིང་དྲིལ་སྒྲོག་རྒྱུ་ཆ་ཁྲི་གཅིག་དང་སྟོང་གཅིག་ལྷག་འགྲེམས་སྤེལ་བྱས་པ་མ་ཟད། ཡུལ་དངོས་ཀྱི་གནས་ཚུལ་འདྲི་མཁན་མི་ཐེངས་ལྔ་བརྒྱ་དང་ཉི་ཤུ་སྣེ་ལེན་བྱས་པ་དང་། རྣམ་པ་མང་པོ་དང་ཕྱོགས་ཡོངས་དྲིལ་སྒྲོག་གི་ཐབས་ལམ་ལ་བརྟེན་ནས་དམངས་ཡོངས་སྤྱོད་ངན་གཙང་སེལ་བྱ་བའི་ཆེད་དོན་འགུལ་སྐྱོད་ཁྲོད་ཞུགས་པའི་འདུ་ཤེས་སྔར་ལས་མཐོར་འདེགས་སུ་བཏང་ཞིང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་ཁྲིམས་ཤེས་ཤིང་ཁྲིམས་གོ་བ། ཁྲིམས་བརྩི་བའི་རང་རྟོག་རང་བཞིན་ཤུགས་དྲག་དུ་བཏང་།
  此次活动,共悬挂横幅12条,发放宣传资料11000多份,提供现场咨询服务520人次。通过多形式、全方位的宣传,进一步提高了全民参与“扫黑除恶”专项斗争意识,增强了广大干部群众知法、懂法、守法的自觉性。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网