首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
扫黑除恶查酒驾,杂多公安出“重拳”
杂多县政府网站:http://www.zaduo.gov.cn    来源:    创建时间:2018/5/10 15:35:41    

 ཁྲིམས་འགལ་གྱི་བྱ་སྤྱོད་གཙང་སེལ་དང་ཆང་འཐུང་རྗེས་རླངས་འཁོར་སྐོར་མཁན་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་ཐད་ནས། རྫ་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས་འབྲེལ་ཡོད་ཀྱི་བྱ་བ་མཐའ་འཁྱོལ་བར་བྱེད་པ་དང་འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་ཚོད་འཛིན་བྱེད་ཆེད། གཟོད་སྒོམ་དང་ལྷོད་ཡང་ཅུང་ཙམ་ཡང་མེད་པའི་བྱ་བའི་སྤྱོད་སྟངས་ཁ་ཕྱོགས་དང་ཡུན་ཕན་དོ་དམ་རྒྱུན་འཁྱོངས་བྱས་ཏེ། ཆང་འཐུང་རྗེས་རླངས་འཁོར་སྐོར་མཁན་ཇེ་ཉུང་དུ་གཏོང་བར་ནུས་ཤུགས་གང་ཡོད་བཏོན།ཟླ་ལྔ་བའི་ཚེས་བདུན་ཉིན་གྱི་དགོང་མོའི་དུས་ཚོད་བཅུ་གཉིས་ནས་ཕྱི་ཉིན་གྱི་ནངས་མོའི་དུས་ཚོད་གསུམ་བར་དུ་རྫ་སྟོད་རྫོང་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པ་ཡོངས་དང་རོགས་འདེགས་ཉེན་རྟོག་པས་ལམ་ཁ་དམ་སྲུང་བྱས་ཏེ།

   为坚决打好“扫黑除恶”之战,遏制道路交通事故发生,杂多县公安局坚持“零容忍”、“零松懈”导向,长效管理,全力挤压“酒驾”的生成空间,针对有些驾驶人的侥幸心理,实施科学布警,密切配合。5月7日晚12时至次日凌晨3时公安局全体民警、辅警坚守路面,开展酒后驾驶整治行动。


 ཆང་འཐུང་རྗེས་རླངས་འཁོར་སྐོར་མཁན་བཅོས་སྐྱོང་བྱེད་པའི་ལས་འགུལ་སྤེལ།ལས་འགུལ་སྤེལ་བའི་དུས་ཡུན་ནང་རྫ་སྟོད་རྫོང་སྤྱི་བདེ་ཅུའུ་ཡིས་ཞིབ་བཤེར་གནས་ཐིག་གཏན་འཁེལ་བྱེད་པ་དང་ཡང་ན་འགུལ་བསྐྱོད་སྐོར་ཞིབ་བྱེད་པའི་ཞིབ་བཤེར་ཐབས་ལམ་ལ་བརྟེན་ནས་འགྲོ་འོང་གི་རླངས་འཁོར་ལ་ཞིབ་བཤེར་ནན་མོ་བྱས་པ་དང་། ཁྲིམས་བསྟར་གོ་རིམ་ཁྲོད་ཉེན་རྟོག་པའི་སྒྲིག་ཆས་འཐུས་ཚང་ཞིང་ཁྲིམས་བསྟར་བརྙན་ཕབ་འཕྲུལ་ཆས་དང་ཆང་བཅུད་ཚད་ལེན་འཕྲུལ་ཆས་སོགས་གང་ལེགས་སྒོས་བཀོལ་སྤྱོད་བཏང་ཡོད་ཅིང་། འབྲེལ་ཡོད་འགྲོ་ལུགས་ལྟར་དུ་རླངས་འཁོར་ཁ་ལོ་བ་རེ་རེར་ཞིབ་བཤེར་ནན་མོ་བྱས། དེ་བསྟུན་སྒོས་ཁ་ལོ་བར་ཆང་འཐུང་རྗེས་རླངས་འཁོར་སྐོར་བའི་གནོད་པ་དང་ཉེན་ཁ་རང་བཞིན་གསལ་བོར་བརྗོད་པ་མ་ཟད། རྒྱ་ཆེའི་ཁ་ལོ་བ་རྣམས་ལ་བདེ་འཇགས་ངང་རླངས་འཁོར་སྐོར་བ་དང་དཔལ་ཡོན་ལྡན་པའི་ངང་ཕྱིར་བསྐྱོད་པར་སྐུལ་མ་བཏང་།      行动期间,杂多县公安局采取定点、流动巡逻检查的方式,对过往车辆进行严格检查。执法过程中,民警装备齐全,充分利用执法记录仪、酒精测试仪等设备,严格按照相关程序,对每一名驾驶员进行认真检查。同时,向驾驶人告知“酒驾”的危害性,倡导广大交通参与者安全驾驶、文明出行。


 ཐེངས་འདིའི་གཅིག་གྱུར་གྱི་འགུལ་བསྐྱོད་ཁྲོད་སྤྱི་བསྡོམས་པའི་ཉེན་རྟོག་པ་མི་དོན་དགུ་དང་ཉེན་རྟོག་རླངས་འཁོར་བཅུ་བདུན་ཕྱིར་བསྐྱོད་པ་མ་ཟད་ཞིབ་བཤེར་ས་ཚིགས་ལྔ་སྒྲིག་འཛུགས་བྱས་ཡོད་ལ། དེས་ཆང་འཐུང་རྗེས་རླངས་འཁོར་སྐོར་མཁན་བརྒྱད་ཐག་གཅོད་བྱས།རྗེས་ཕྱོགས་རྫ་སྟོད་རྫོང་གིས་བློ་བརྟན་འགྱུར་མེད་སྒོས་ཁྲིམས་འགལ་བྱ་སྤྱོད་གཙང་སེལ་བྱེད་པའི་ཆེད་དོན་འགུལ་བསྐྱོད་མུ་མཐུད་དུ་སྤེལ་ཏེ་སྤྱི་ཚོགས་ལ་བདེ་སྐྱིད་བག་ཡངས་ཀྱི་ཁོར་ཡུག་ལེགས་པོ་སྐྲུན་ངེས་རེད། 

   此次统一行动中,共出动警力79人次,警车17辆,设置检查点5处,查处酒后驾驶机动车8起。 

   今后,杂多县将坚定不移地开展扫黑除恶专项斗争,不断把扫黑除恶斗争推向深入,营造安定祥和的社会氛围。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网