首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
省政协调研组深入澜沧江源园区国家公园调研指导工作
杂多县政府网站:http://www.zaduo.gov.cn    来源:    创建时间:2018/5/8 9:54:59    

ཟླ་ལྔ་བའི་ཚེས་ལྔ་ནས་ཚེས་དྲུག་ཉིན་བར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་དང་ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། དགུ་གསུམ་སློབ་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་། དེ་མིན་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་དང་འབྲེལ་ཡོད་ཆེད་མཁས་པ་བཅས་ཀྱིས་གྲུབ་པའི་མཉམ་འབྲེལ་རྟོག་དཔྱོད་ཚན་ཆུང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུ་འབྱུང་ཡུལ་གླིང་ཁུལ་དུ་བསྐྱོད་ནས། དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་སྐོར་གྱི་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་གནང་བ་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་མགོ་ཁྲིད་གཙོ་ཤོས་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འབྲི་ཆུ་འབྱུང་ཡུལ་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་། རྫ་སྟོད་རྫོང་ཏང་ཨུ་དང་སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་ཤོས་དང་། རྫ་ཆུ་འབྱུང་ཡུལ་གླིང་ཁུལ་གྱི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་མི་སྣ་བཅས་ཀྱི་འགྲོ་རོགས་འོག་རྟོག་ཞིབ་གནང་། 

   5月5日至6日,省政协、民革青海省委、九三学社青海省委、部分政协委员以及相关领域专家学者组成联合调研组深入三江源国家公园澜沧江源园区调研指导民生工程建设情况。玉树州政协主要领导,三江源国家公园长江源园区管委会、杂多县委、政府、政协主要负责同志以及澜沧江源园区国家公园管委会相关人员陪同调研。


རྟོག་དཔྱོད་ཚན་ཆུང་རྣམ་སྲས་ཤང་སྲུང་སྐྱོབ་དོ་དམ་ས་ཚིགས་སུ་སོང་སྟེ་སྲུང་སྐྱོབ་དོ་དམ་ས་ཚིགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་རི་སྐྱེས་སྲོག་ཆགས་ཀྱི་ལྟ་ཞིབ་ཚད་ལེན། འབྲེལ་ཡོད་ཀྱི་དམངས་ཕན་སྲིད་ཇུས་ལག་བསྟར་བྱས་པའི་གནས་ཚུལ་སོགས་ཐད་ཀྱི་བྱ་བའི་སྙན་ཞུ་ལ་ཉན་པ་དང་།  སྔ་གཞུག་དུ་རྣམ་སྲས་དཔལ་ངེ་གཞུང་དང་ཀོ་ཏོ་ལུང་བ་སོགས་སུ་བསྐྱོད་སྟེ་ཡུལ་དངོས་ནས་གླིང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས།  སྐྱེ་དངོས་བཅས་ཀྱི་སྲུང་སྐྱོབ་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་སྐོར་ལ་རྒྱུས་ལོན་བྱས།

རྟོག་ཞིབ་བཞུགས་མོལ་ཚོགས་ཐོག་ནས་རྫ་ཆུ་འབྱུང་ཡུལ་གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བློ་མཐུན་གཙོ་བོས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་བྱ་བ་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་གོ་རིམ་ཁྲོད་སྤེལ་བའི་བྱ་བ་གཙོ་ཤོས།  དེའི་ཁྲོད་གནས་ཡོད་པའི་གནད་དོན་དང་ཁ་གཏོད་ཇུས་གཞི་སྐོར་ནས་སྙན་ཞུ་ཞིབ་རྒྱས་ཕུལ།  ཚོགས་ཞུགས་མི་སྣས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ལམ་ལུགས་ཀྱི་སྒྲོམ་གཞི་དང་གླིང་ཁུལ་གྱི་ཁྱབ་ཁོངས་གཏན་འཁེལ། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ། གླིང་ཁུལ་གྱི་མི་དང་རང་བྱུང་ཁམས་བར་འཆམ་མཐུན་འཕེལ་རྒྱས་ཡོང་བ་དང་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་སོགས་གནད་དོན་གཙོ་ཤོས་དང་འབྲེལ་ཏེ་རྟོག་ཞིབ་གླེང་མོལ་མཛད། 

   调研组一行来到昂赛乡管护站,认真听取了管护站在生态保护、野生动物监测、生态管护员“一户一岗”设置、相关民生政策落实等方面开展工作情况汇报。先后深入昂赛巴艾涌、果道沟等处,实地了解了园区生态环境和野生动植物保护取得的实际成效。

   在召开的调研座谈会上,澜沧江源园区国家公园管委会主要负责同志详细汇报了在国家公园体制试点和三江源国家公园民生工程建设中开展的主要工作、存在的问题及对策建议。参会人员围绕国家公园体制机制架构、园区范围划定、生态环境保护、园区人与自然和谐发展、民生工程建设等热点问题进行了调研座谈。

མཇུག་མཐར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་མི་གྲངས་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲ་ཧྲུའུ་པིན་གྱིས་རྟོག་དཔྱོད་ཚན་ཆུང་གི་ཚབ་བྱས་ཏེ།  རྫ་སྟོད་རྫོང་གི་ས་གནས་སྲིད་གཞུང་དང་རྫ་ཆུ་འབྱུང་ཡུལ་གླིང་ཁུལ་གྱིས་སྤེལ་བའི་བྱ་བ་དང་བླངས་པའི་གྲུབ་འབྲས་ལ་གདེངས་འཇོག་ཚད་མཐོན་པོ་གནང་བ་དང་། དེ་བསྟུན་སྒོས་ནན་གྱིས་བསྟན་དོན། རྫ་ཆུ་འབྱུང་ཡུལ་གླིང་ཁུལ་རྒྱལ་ཁབ་སྤྱི་གླིང་བཙུགས་ནས་དུས་ཡུན་ལོ་གཉིས་ལས་འགོར་མེད་རུང་། སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་དང་གླིང་ཁུལ་མང་ཚོགས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་པ། དབུལ་ཐར་མཁྲེགས་གཏོར་དང་སྐོར་ཞིབ་གཞུང་ལམ་འཛུགས་སྐྲུན་སོགས་དམངས་ཕན་བཟོ་སྐྲུན་ཐད་ནས་གྲུབ་འབྲས་མངོན་གསལ་ལོན་ཡོད་པར་བསྟན།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་བྱ་བ་ནི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བའི་ཁྲོད་གླིང་ཁུལ་ནང་ཁུལ་གྱི་དམངས་ཚིས་གནད་དོན་ཐག་གཅོད་པའི་གནད་འགག་ཡིན་པས། གླིང་ཁུལ་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་བྱེད་པར་བརྟེན་ནས་འཚོ་བ་སྐྱིད་པོ་རོལ་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ལ།  རྒྱལ་ཁབ་སྤྱི་གླིང་གི་སྒྲིལ་སྲོལ་ཚོད་ལྟའི་བྱ་བ་ལེགས་པོར་སྒྲུབ་པ་དང་རྒྱལ་ཁབ་ལ་དབང་ཞིང་དམངས་ཡོངས་ཀྱིས་མཉམ་དུ་སྤྱོད་པ། དུས་རབས་ནས་དུས་རབས་ལ་རྒྱུན་འཛིན་བྱེད་པའི་འཛུགས་སྐྲུན་དམིགས་འབེན་གྱི་ནང་སྙིང་འཚོལ་ཞིབ་བྱེད་ཡུལ་ཉག་གཅིག་ཡིན། དེ་བས་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་དམངས་གཙོ་ཏང་ཁག་གི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་སྒོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་དང་འབྲེལ་ཏེ་རྟོག་ཞིབ་བྱ་འགུལ་སྤེལ་ནས།  དོན་དངོས་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ་གནད་དོན་དང་གནད་དོན་གྱི་འབྱུང་རྐྱེན་ལ་དབྱེ་ཞིབ་ཞིབ་མོ་བྱས་ནས་ཐག་གཅོད་ཀྱི་ཇུས་གཞི་འདོན་སྤེལ་བྱས་པ་དང་།  གནད་དོན་ཁ་ཤས་དང་དཀའ་ཁག་ཐག་གཅོད་པར་སྐུལ་འདེད་བཏང་སྟེ་གླིང་ཁུལ་ནང་ཁུལ་གྱི་དམངས་ཚིས་བཟོ་སྐྲུན་འཛུགས་སྐྲུན་བྱ་བའི་ཐད་ནུས་ཤུགས་འདོན་སྤེལ་བྱས། 

   最后,省政协人口资源环境委员会主任查书冰代表调研组对杂多县地方政府和澜沧江源园区开展的工作和取得的成效给予了高度肯定,同时强调指出,虽然澜沧江源园区国家公园成立只有短短两年时间,但是在生态公益性岗位设置、解决园区群众就业、精准脱贫以及巡护道路基础设施建设等民生工程方面取得了显著成绩。三江源国家公园民生工程建设是国家公园建设中解决好园区内民生问题的关键所在,实现让园区老百姓通过做生态保护过上好日子的目标。是深化国家公园体制试点,实现“国家所有,全民共享,世代传承”建设目标的核心探索之一。为此,省政协联合民主党派省委,围绕“三江源国家公园民生工程建设”开展调研,力争掌握实情,认真梳理问题,客观分析成因,提出对策建议,促进一些问题和困难的解决,为做好园区内的民生工程建设献计出力。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网