首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
以民族团结进步“八进”活动筑牢杂多示范县创建根基
杂多县政府网站:http://www.zaduo.gov.cn    来源:    创建时间:2018/5/3 9:17:11    

 ཟླ་༥ཚེས་༡ཉིན། རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་ སྒྲིག་ལྟར་། རྫོང་མི་རིགས་མཐུན་སྒྲིལ་སྔོན་ཐོན་འཛུགས་སྤེལ་གཞུང་དོན་ཁང་གིས་སྣེ་ཁྲིད་པ་དང་། ཏང་ཡོན་ལས་བྱེད་པ་སྐོས་འཐེན་བྱས་ཏེ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་པ་བྱས་ཤིང་། ༼མི་ གྲངས་ཉུང་མང་བའི་ཞིང་ཆེན་ཆུང་ངུ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཞིང་ཆེན་ཆེན་པོ་རུ་ བསྒྱུར་བར་༽ཁྲིད་སྟོན་དུ་བྱེད་པ། རྣམ་པ་སྣ་མང་དང་། རིམ་པ་གྲངས་མང་བཅས་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྤེལ་༼འཛུལ་བ་བརྒྱད་༽བྱ་འགུལ་སྤེལ་བ། རིགས་སོ་སོའི་ ལས་བྱེད་མང་ཚོགས་ལ་༼ཁ་འབྲལ་ཐབས་མེད་པ་གསུམ་༽དང་༼མོས་མཐུན་ལྔ་༽བཅས་ཀྱི་ བསམ་བློའི་ཁྲིད་སྟོན་བརྟན་པོ་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞིའི་བསམ་བློའི་ རྨང་གཞི་བརྟན་པོ་འདིང་བ། ལས་བྱེད་པ་ཡོངས་ཀྱིས་༼འཛུལ་བ་བརྒྱད་༽ཀྱི་བྱ་འགུལ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཟབ་ཏུ་གཏོང་བ་ཤུགས་སྣོན་ཡིན་པར་ངོས་ འཛིན་ཟབ་མོ་ཚུགས་ཤིང་། གོམ་གང་མདུན་སྤོས་ཀྱིས་མི་རིགས་ཁག་མཉམ་དུ་མཐུན་སྒྲིལ་འབད་ འཐབ་དང་། མཉམ་དུ་དར་རྒྱས་གོང་འཕེལ་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱུང་།  

   “五十六个民族,五十六枝花,五十六个兄弟姐妹是一家”。为维护民族团结和社会稳定,构筑和睦相处、和谐发展的民族关系,深化贯彻落实党的十九大精神,杂多县积极创建全省民族团结进步示范县,在全县唱响“民族团结一家亲”的主旋律。 


5月1日,正值国际劳动节,按照县委县政府的安排部署,由县创建办牵头,抽调党员干部担任民族团结宣传员,以“从人口小省向民族团结进步大省转变”为引领,多形式、多层次开展了民族团结进步创建“八进”活动。引导各族干部群众牢固树立“三个离不开”和“五个认同”思想,打牢中华民族共同体的思想基础

 ད་ཐེངས་ཀྱི་བྱ་འགུལ་འདི་ལས་༼དོན་ཐོག་ཏུ་འཁྱོལ་བ་བཞི་༽སྟེ། གཅིག་ནི་བསམ་བློའི་ ངོས་འཛིན་དོན་ཐོག་ཏུ་འཁྱོལ་བ། བསམ་བློའི་འདུ་ཤེས་གཅིག་འགྱུར་གྱི་རྨང་གཞིའི་ཐོག་ནན་ཏན་ གྱིས་བཀོད་སྒྲིག་དང་། བློ་སེམས་ཞིབ་མོའི་རྩ་འཛུགས་བྱེད་པ། ཁྱོན་ཡོངས་ནས་རིམ་སོ་སོའི་ ལས་བྱེད་པའི་མི་རིགས་སྲིད་ཇུས་ཀྱི་ཆུ་ཚད་མཐོར་འདེགས་བྱུང་བ།རིགས་སོ་སོའི་མང་ཚོགས་ ཀྱིས་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་ཤུགས་སྣོན་བྱུང་ཡོད། གཉིས་ནི་སློབ་སྦྱོང་དྲིལ་བསྒྲགས་དོན་ཐོག་ཏུ་འཁྱོལ་བ་། མི་རིགས་ལས་དོན་གྱི་བརྗོད་བྱ་གཙོ་བོ་དམ་དུ་འབྲེལ་ནས། གཞི་རིམ་ འབུར་ཐོན། མང་ཚོགས་ཞབས་ཞུ་བཅས་ཀྱིས་ཚང་མ་ཞུགས་པ་དང་། ཚང་མས་གསལ་བར་ བྱུང་ཡོད། གསུམ་ནི་བྱ་འགུལ་དོན་ཐོག་ཏུ་འཁྱོལ་བར་བྱས་པ། བྱ་འགུལ་སྤེལ་བར་བརྟེན་ནས། རྒྱ་ཆེའི་མང་ཚོགས་ཀྱི་རྣར་སྙན་ཡིད་འབབ་ཀྱི་རྣམ་པ་སྤྱད་དེ་། མང་ཚོགས་རྒྱ་ཆེན་ཞུགས་པར་ བྱས་ཏེ། དྲིལ་བསྒྲགས་བྱ་འགུལ་ལ་གྲུབ་འབྲས་ལེགས་པོ་ཐོབ་པར་བྱུང་ཡོད། བཞི་ནས་མཉམ་ འགུལ་གཞོགས་འདེགས་དོན་ཐོག་ཏུ་འཁྱོལ་བ། མི་རིགས་སོ་སོའི་མང་ཚོགས་དང་ངོ་དང་ངོ་ འཕྲད་པར་བྱ་ཞིང་མི་རིགས་མཐུན་སྒྲིལ་འཛུགས་སྤེལ་ལས་ཀའི་དགོངས་དོན་དང་། དམངས་ཕན་ སྲིད་ཇུས། བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་ཡིག་ཆ་དྲིལ་བསྒྲགས་བྱས་ནས། མི་རིགས་ མཐུན་སྒྲིལ་ཡར་ཐོན་འཛུགས་སྤེལ་དྲིལ་བསྒྲགས་སློབ་གསོ་ཁྲིད་སྟོན་ལས་དོན་སྐུལ་སྤེལ་དེ། རགས་པ་ནས་ཟབ་པ། གྲོས་ཚོགས་ནས་དངོས་གཞི་ལག་ལེན་དུ་མངོན་འགྱུར་བྱུང་ཡོད། ཧུར་ བརྩོན་གྱིས་མི་རིགས་འདྲ་མཉམ། མཐུན་སྒྲིལ། རོགས་རེས། འཆམ་མཐུན་གྱི་རྣམ་པ་ཡག་ པོ་ཚུགས་ཤིང་། གོམ་གང་མདུན་སྤོས་ཀྱིས་རྫ་སྟོད་རྫོང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་ སྤེལ་༼འཛུལ་བ་བརྒྱད་༽བྱ་འགུལ་ལ་སྐུལ་འདེད་ལེགས་པོར་བྱུང་ཡོད་།

   全体干部充分认识到“八进”活动是增进各族群众血肉联系,进一步凝聚各民族共同团结奋斗、共同繁荣发展的强大合力。此次活动做到了“四个到位”,一是思想认识到位,在统一思想认识的基础上认真安排,精心组织,全面提高各级干部的民族政策水平,增强各族群众的民族团结意识;二是学习宣传到位,紧紧围绕民族工作主题,突出基层,服务百姓,做到了个个参与、人人皆知;三是活动落实到位,以活动为载体,采用广大群众喜闻乐见的形式,让群众广泛参与,使宣传活动收到良好的效果;四是联动配合到位,与各族群众面对面交流,宣讲民族团结创建工作精神、各项惠民政策和法律法规并发放相关宣传资料,推动民族团结进步创建宣传教育引导工作实现由浅入深、由会议到行动,积极营造了民族平等、团结、互助、和谐的良好氛围,进一步推动了杂多县民族团结进步创建“八进”活动。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网