首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
健康扶贫结硕果 民族团结谱新篇
杂多县政府网站:http://www.zaduo.gov.cn    来源:    创建时间:2018/4/7 16:55:20    

ཟླ་བཞི་བའི་ཚེས་ལྔ་ཉིན།  རྫ་སྟོད་རྫོང་མི་དམངས་སྲིད་གཞུང་གིས་གཙོ་ཁྲིད་དང་མཚོ་སྔོན་ཁྲུང་ཞིན་བཟོ་སྐྲུན་གྲོས་འདྲི་མ་རྐང་ཚད་ཡོད་ཀུང་ཟིས་མ་དངུལ་གྱི་རོགས་སྐྱོར། རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུའུ་དང་རྫོང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཐུན་སྦྱོར་ལེགས་པོའི་འོག  རྫོང་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་དང་རྫོང་མི་དམངས་སྨན་ཁང་གིས་སྨན་བཅོས་ཞབས་ཞུ་སྒྲུབ་ཞིང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་མིག་ནད་ཚན་ཁག་གི་ཆེད་མཁས་སྨན་པ་གདན་འདྲེན་བྱས་ཏེ་སྤེལ་བའི་རྫ་སྟོད་རྫོང་གི་དབུལ་ཕོང་མང་ཚོགས་ཁྲོད་ཀྱི་ལིང་ཏོག་ནད་པར། རིན་མེད་སྒོས་གཤགས་བཅོས་བྱེད་པའི་བདེ་ཐང་དབུལ་སྐྱོར་བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་རྫོང་མི་དམངས་སྨན་ཁང་ནས་སྤེལ། ཞིང་ཆེན་རྒྱ་གྲམ་དམར་པོ་སྨན་ཁང་གི་མགོ་གཙོའི་ལག་རོགས་པ། མིག་ནད་ཚན་ཁག་གི་ཀྲུའུ་རིན་ལིས་ཞིན་ཀྲང་དང་། མིག་ནད་ཚན་ཁག་གི་ཀྲུའུ་རིན་གཞོན་པ་བསོད་ནམས་འཚོ། མིག་ནད་ཚན་ཁག་གི་ནད་གཡོག་ཁྲང་ཀྲིན་ཀྲིན། རྫོང་ཏང་ཨུའི་རྒྱུན་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་ཕུན་ཚོགས། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བསོད་ནམས་ཚེ་རིང་། རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུའུ་དང་རྫོང་མི་རིགས་ཆོས་ལུགས་ཅུའུ། དབུལ་སྐྱོར་ཅུའུ་དང་སྤྱི་དབང་མ་ཡིན་པའི་ཁེ་ལས་ཀྱི་ཏང་འཛུགས་བྱ་བའི་ཨུ་ཡོན་ལྷན་ཁང་། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་མ་བུ་བདེ་སྲུང་ས་ཚིགས། རྫོང་མི་དམངས་སྨན་ཁང་བཅས་ཀྱི་མགོ་ཁྲིད་དག་མགོ་རྩོམ་མཛད་སྒོའི་སྟེང་ཞུགས། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བསོད་ནམས་ཚེ་རིང་གིས་ཤིས་ཚིག་ཕུལ་ཞིང་རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུའུ་ཡི་ཅུའུ་ཀྲང་རྨ་གཡང་དར་རྒྱས་ཀྱིས་མགོ་འཛིན་བྱས། 

   4月5日,由杂多县人民政府主导、青海创鑫工程咨询股份有限公司资金援助、县发改局县工商联积极协调、县疾控中心县人民医院提供医疗服务,邀请青海省红十字医院资深眼科专家开展的“杂多县贫困白内障患者免费实施复明手术”健康扶贫启动仪式在县人民医院举行。省红十字医院院长助理眼科主任李新章、眼科副主任索南措、眼科护士常珍珍、 县委常委统战部长扎西朋措、县政府副县长索南才仁、县发改局、民宗局、扶贫局、非公党工委、工商联、妇保站、县人民医院领导出席了启动仪式。县政府副县长索南才仁致辞,县发改局局长马永达杰主持。

 ཐེངས་འདིའི་བྱ་འགུལ་ནི་རྫ་སྟོད་རྫོང་གིས་བདེ་ཐང་དབུལ་སྐྱོར་གྱི་བྱ་བ་ལག་བསྟར་དངོས་འབེབས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྐྱོང་དང་ལག་ལེན་དུ་བསྟར་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་བསྐྱོད་ཁུལ་གསར་སྐྲུན་བྱ་བར་སྐུལ་འདེད་གཏོང་བ། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་དུ་སྒྲིལ་ནས་འཆམ་མཐུན་སྤྱི་ཚོགས་སྐྲུན་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། འདས་པའི་ཉིན་བཅོ་ལྔའི་ནང་མིང་ཐོ་བཀོད་པའི་མི་བཞི་བརྒྱའི་ཁྲོད་ལིང་ཏོག་གཤགས་བཅོས་ཀྱི་ཆ་རྐྱེན་ལ་མཐུན་པའི་ནད་པ་ང་གཉིས་གདམས་པ་དང་།  དེའི་ཁྲོད་མང་ཆེ་ཤོས་འབྲོག་ཁུལ་གྱི་དབུལ་ཕོང་ནུས་ཞན་མང་ཚོགས་ལ་གཏོགས་པས་གཤགས་བཅོས་ཀྱི་སྨན་རིན་སྤྲོད་པའི་ནུས་པ་མི་ལྡན་པ་དང་། གལ་ཏེ་གང་མགྱོགས་སྒོས་གཤགས་བཅོས་མ་བྱས་ཚེ་ཁོ་ཚོའི་མིག་གིས་ཡང་བསྐྱར་ཕྱི་ཡུལ་མཐོང་བའི་གོ་སྐབས་ཡལ་འགྲོ་བ་རེད། ཐེངས་འདིའི་བྱ་འགུལ་ཁྲོད་མིག་ནད་ཚན་ཁག་གི་ཆེད་མཁས་པ་ཆེད་དུ་གཞི་རིམ་དུ་བསྐྱོད་ནས་རིན་མེད་སྒོས་གཤགས་བཅོས་བྱ་འགུལ་སྤེལ་ཞིང་། དེར་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་གྱི་ཐོན་རྫས་དང་ལག་རྩལ་བཀོལ་ཡོད་སྟབས། དབུལ་ཕོང་ཁྱིམ་ཚང་གི་ལིང་ཏོག་ནད་པར་རིན་མེད་སྒོས་ཆེས་ཕུལ་དུ་བྱུང་བའི་སྨན་བཅོས་ཞབས་ཞུ་མྱངས་སུ་བཅུགས་ཡོད་ལ། ཁོ་ཚོའི་དཀའ་ཁག་སེལ་ཞིང་འོད་སྣང་སྦྱིན་སྟེ་ངེས་པ་དོན་གྱིས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་སྤྱི་ཚོགས་ལས་རིགས་སོ་སོའི་དྲོད་ཁོལ་དབུལ་ཕོང་མང་ཚོགས་ཀྱི་སེམས་སུ་སྐྱེལ། 

   此次活动是我县贯彻落实健康扶贫,进一步培育和践行社会主义核心价值观,推动民族团结进步先进区创建活动,汇聚各方力量,构建和谐社会的重要举措。历时15天时间从400余人报名者中筛选出了52名符合手术条件的白内障患者,这些患者大部分生活在牧区,处于最贫困的弱势群体,无力承担手术费用,如不采取及时有效的措施,他们将失去复明的机会。

   此次活动由眼科专家深入基层一线开展免费的白内障复明手术,采用国内外先进的人工晶体进行移植治疗,让贫困户白内障患者免费得到最优质、最前沿的医疗服务。为他们解除痛苦、送去光明,真正把党委政府的关心、社会各界的温暖送到了贫困群众的心坎上。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网