首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
中共十六届杂多县委第25次常委(扩大)会议暨述职述廉述绩会议顺利召开
杂多县政府网站:http://www.zaduo.gov.cn    来源:    创建时间:2018/3/17 21:48:47    

ཟླ་གསུམ་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་སྐབས་བཅུ་དྲུག་པའི་རྫ་སྟོད་རྫོང་ཏང་ཨུའི་རྒྱུན་ཨུ་གྲོས་ཚོགས་ཐེངས་ཉེར་ལྔ་བ་དང་ལས་སྒྲུབ་སྙན་ཞུའི་ཚོགས་འདུ་རྫ་སྟོད་རྫོང་གི་སྨྱན་མང་ཚོགས་འདུ་ཁང་དུ་གཟབ་རྒྱས་ངང་བསྡུས། རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་འགྲུབ་ཀྱིས་ཚོགས་འདུ་ལ་མགོ་འཛིན་བྱས་པ་མ་ཟད།
  3月15日,中共十六届杂多县委第25次常委(扩大)会议暨述职述廉述绩会议在杂多县多媒体会议室隆重召开,县委书记才旦周同志主持会议。
ཚོགས་འདུ་ལས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བང་ཀོ་ཧྲིན་དང་ཧྲིན་ཀྲང་བང་ཅན་ཅོན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་ཕུལ་བའི་བྱ་བའི་སྙན་ཞུ་དང་གསུང་བཤད། དེ་མིན་ཁུལ་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙན་ཞུ། ཁུལ་ཏང་ཨུའི་ཧྲུའུ་ཅི་བུའུ་ཏིག་ཅིན་དང་ཁུལ་དཔོན་ཚེ་རིང་ཐར་གྱི་གསུང་བཤད་སོགས་ཞིང་ཆེན་དང་ཁུལ་རིམ་པའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་བརྒྱུད་སྒྲོག་བྱས།
  会议传达学习了《省委王国生书记和王建军省长在省委十三届三次全会上的报告和讲话》、《州委十三届四次全会报告和州委吴德军书记、州长才让太同志讲话》等省、州有关会议精神。
ཚོགས་འདུ་ལས་རྫོང་ཡོངས་ཀྱི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་དང་། ཤང་དང་གྲོང་རྡལ། རྫོང་འཕེལ་རྒྱས་བཅོས་བསྒྱུར་ཅུའུ་དང་འཛུགས་སྐྲུན་ཅུའུ། འགྲིམ་འགྲུལ་ཅུའུ་དང་རིག་གནས་ཅུའུ། དབུལ་སྐྱོར་ཅུའུ་དང་སློབ་གསོ་ཅུའུ། མཁར་གྲོང་དོ་དམ་ཅུའུ་སོགས་འབྲེལ་ཡོད་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་གྱིས་ཕུལ་བའི་ལས་སྒྲུབ་སྙན་ཞུ་ལ་ཉན།སྙན་ཞུའི་ནང་དོན་མི་སྒེར་དང་སྡེ་ཁག རྫ་སྟོད་རྫོང་གི་བྱ་བའི་གནས་ཚུལ་དངོས་ལ་འབྲེལ་ཞིང་རྫོང་ཏང་ཨུའི་ཉིས་སྟོང་བཅུ་བདུན་ལོའི་ལས་འགན་དམིགས་ཡོངས་འགྲུབ་བྱས་པའི་གནས་ཚུལ་དང་། ཤང་དང་སྡེ་བའི་ལས་དོན་འགན་ལེན་དང་གནད་འཁེལ་དབུལ་སྐྱོར་གྱི་བྱ་བ། སྡེ་ཁག་གི་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། བསམ་བློའི་འཛིན་སྟངས་རྣམ་པ་འཛུགས་སྐྲུན་དང་ལས་རྐང་གཅིག་ནས་འགན་ཁུར་གཉིས་ཁུར་བ། གཙོ་བོ་གསུམ་དང་དོན་ཆེན་གཅིག་གི་འགན་ནུས་ལག་བསྟར་བྱས་པའི་གནས་ཚུལ་སོགས་ཕྱོགས་འགའ་གཙོ་བོར་བཟུང་ནས་ལས་སྒྲུབ་སྙན་ཞུ་ཕུལ་བ་མ་ཟད། རྗེས་ཕྱོགས་ཀྱི་རང་རྫོང་གི་འཕེལ་རྒྱས་དང་བྱ་བ་སྒྲུབ་པའི་བསམ་བློའི་ཁ་ཕྱོགས་སྐོར་ནས་བསམ་ཚུལ་བཏོན། རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་འགྲུབ་དང་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་སའོ་ཧི་གཉིས་ཀྱིས་སྔ་གཞུག་དུ་སོ་སོར་ལས་སྒྲུབ་སྙན་ཞུར་དཔྱད་བརྗོད་གནང་།
  会议听取了全县副县以上领导干部、各乡(镇)长、县发改局、建设局、交通局、文化局、扶贫局、教育局、城管局相关部门负责同志作的述职述廉述绩报告。报告紧贴本人、本部门和杂多县工作实际,着重从2017年县委全委会任务目标完成情况、包乡包村工作、精准扶贫工作、部门党建、党风廉政建设和意识形态建设、“一岗双责”、“三重一大”履职情况等几个方面进行述职,并对今后我县的发展及工作思路提出意见建议。县委书记才旦周同志、县委副书记、县长索河同志分别对述职述廉述绩进行点评。
ཚོགས་འདུ་ལས་གྲོས་བསྡུར་ཚན་ཆུང་གཉིས་སུ་བགོས་སྟེ་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན། བསམ་བློའི་རྣམ་པ་དང་གནད་འཁེལ་དབུལ་སྐྱོར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སྤྱི་ཚོགས་བཅོས་སྐྱོང་། ཞིང་སྡེ་དར་རྒྱས་སུ་གཏོང་བ་སོགས་ཁྱབ་ཁོངས་ཀྱི་བྱ་བར་འབྲེལ་ནས་བསམ་ཚུལ་བརྗེ་རེས་བྱས་ཏེ་འབུར་ཐོན་གནད་དོན་དང་དེའི་རྩ་བ་སྔོག་འདོན་བྱས་པ་མ་ཟད། བྱ་བའི་རིག་ལམ་དང་བྱེད་ཐབས་སྐོར་ལ་གྲོས་བསྡུར་ཞིབ་མོ་བྱས་ཏེ་རྫ་སྟོད་འཕེལ་རྒྱས་ཐད་ཇུས་གཞི་འཐེན།
  会议分两个讨论组,紧紧围绕党建、党风廉政、意识形态,精准扶贫、生态环境保护、社会治理、乡村振兴等领域工作进行交流发言,深挖存在的问题及根源,探讨工作思路及工作举措,共谋杂多发展之策。
རྫོང་ཏང་ཨུའི་ཨུ་ཡོན་དང་རྗེས་བསྣོན་ཨུ་ཡོན། དེ་མིན་རྫོང་ཏང་ཨུའི་ཨུ་ཡོན་མ་ཡིན་པའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད། ཤང་དང་གྲོང་རྡལ་སོ་སོའི་ཏང་སྲིད་མགོ་ཁྲིད་གཙོ་བོ་དང་ཧྲུའུ་ཅི་གཞོན་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་རྩ་འཛུགས་ཨུ་ཡོན། དེ་མིན་རྫོང་ཏང་ཨུ་དང་དམངས་ཆེན། སྲིད་གཞུང་དང་སྲིད་གྲོས་ཀྱི་གཞུང་ལས་ཁང་གི་འགན་ཁུར་བ། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་སྡེ་ཁག་སོ་སོའི་འགན་ཁུར་བ་གཙོ་ཤོས། སྡེ་བའི་ཧྲུའུ་ཅི་དང་པོ་བཅས་ཚོགས་འདུར་ཞུགས། 
  县委委员、候补委员,不是县委委员的副县以上领导干部,各乡镇党政正职、副书记、纪委书记、组织委员,县四大班子办公室负责人,县委、县政府各部门主要负责人,村第 一书记参加会议。

0
 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网