首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
不惧寒冬 卫一方平安
杂多县政府网站:http://www.zaduo.gov.cn    来源:    创建时间:2018/1/23 23:07:17    

ཙག་རླུང་གིས་ཀུན་ནས་དེད་ཡོང་བའི་དགུན་དུས་ལ། མི་ལ་ལ་ད་རུང་རུམ་ཁ་དྲོན་མོའི་བདེ་སྣང་ལ་རོལ་ནས་ཡོད་སྲིད་ལ། ད་རུང་མི་ལ་ལས་དྲོད་རླངས་ཀྱིས་བསྐྱེད་པའི་རང་ཁྱིམ་དྲོན་མོ་ནས་ནངས་ཇར་རོལ་བཞིན་བསྡད་ཡོད་སྲིད། ཡིན་ཡང་སྐྱེ་ཁམས་སྲུང་སྐྱོང་པ་ཚོ་སྔ་མོ་ནས་ལམ་ལ་ཆས་སྟེ་རྣམ་སྲས་གྲོག་རོང་ཆེན་མོར་འབྱོར་ཏེ་ས་ཆེན་དེའི་ཡོད་ཚད་ལ་སྲུང་སྐྱོང་བྱེད་པའི་ལས་གནས་བརྟན་སྲུང་བྱས་ཡོད།
  凛冽寒冬,冰天雪地,或许有的人还在享受与被窝的温存,享受着暖气的拥抱,享受着美味的早餐……而生态管护员们却恪尽职守,早已投身于昂赛乡的大山之中,守护着这片大好山河。
དགུན་གྱི་མཁའ་དབུགས་སྐམ་པོས་གནས་དེའི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བྱ་བ་དེ་དགུན་དུས་ཀྱི་བྱ་བ་གལ་ཆེན་དུ་ཆགས་ཡོད་ལ། རྣམ་སྲས་ཤང་ཏང་ཨུ་དང་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་སྟེ་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོང་པས་གྲུབ་པའི་རུ་ཁག་རེ་རེ་བཙུགས་སྟེ་ས་ཁུལ་བགོས་སྟེ་སྲུང་སྐྱོང་དང་སྐོར་ཞིབ་ཀྱི་ལས་ཀར་ཞུགས་བཞིན་ཡོད་པ་མ་ཟད། མེ་འགོག་བདེ་འཇགས་ཐད་ཀྱི་དྲིལ་བསྒྲགས་འཕྲེད་བྱང་བཀལ་ནས་དུས་བཅད་ལྟར་དུ་རྒྱལ་ཁབ་སྤྱི་གླིང་གླིང་ཁུལ་དང་འབྲོག་དམངས་སྡོད་ཁུལ་ཉེ་འགྲམ་གྱི་མེ་སྐྱོན་བདེ་འཇགས་བྱ་བའི་ཉེན་ཁ་ཞིབ་བཤེར་བྱས་ཏེ་ཁྱབ་ཁོངས་བདེ་འཇགས་ལ་ཁག་ཐེག་བྱེད་བཞིན་ཡོད།
  严冬时节,空气格外干燥,森林、草原防火工作成为冬季工作重中之中,昂赛乡党委、政府召开专题会议进行研究部署,成立了一支支由生态管护员组成的队伍,分片管护,定时巡逻,悬挂防火安全宣传横幅标语,定期对国家公园园区和牧民居住地周边的火灾安全隐患进行排查,确保辖区安全。
དུས་མཉམ་དུ་མང་ཚོགས་ཕྱིར་བསྐྱོད་བདེ་འཇགས་ལ་དམིགས་ནས་སྐྱེ་ཁམས་སྲུང་སྐྱོང་པས་ཤང་ཁོངས་གཏོགས་ཀྱི་དར་ཆགས་སླ་བའི་གཞུང་ལམ་ལ་དུས་བཅད་ལྟར་ཞིབ་བཤེར་དང་ཆགས་དར་གཙང་སེལ་བྱས་ཏེ་འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་བྱས།
  与此同时,为了大家的出行安全,管护员对于乡辖范围内易结冰路面进行定期检查和清理,有效防止了交通事故的发生。
དགུན་དུས་ཀྱི་ཙག་རླུང་དང་དཀའ་ཁག་ལ་མི་སྐྲག་པར་ལས་བཀུར་ལས་གཅེས་ལ་ཕྱོགས་པའི་མི་དེ་ཚོ་ནི་རྣམ་སྲས་ཤང་གི་སྐྱེ་ཁམས་སྲུང་སྐྱོང་པ་དག་ཡིན་ལ། དེ་དག་ནི་རྫ་ཆུ་མགོ་ཁུངས་ཀྱི་འབྲོག་པ་མང་ཚོགས་ཀྱི་སྙིང་སྟོབས་འདུས་སའང་ཡིན་པས། རྣམ་སྲས་ཤང་གི་མང་ཚོགས་ཡོངས་ཀྱི་བསྟོད་པའི་ཐེ་བོང་བསྒྲེངས་སར་གྱུར་ཡོད།
  不惧严寒,敬岗爱业,这是昂赛乡管护员的风采展现;无私付出,生态保护,这是澜沧江源区牧民的精神所在。昂赛乡的群众对管护员们纷纷竖起了大拇指。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网