首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县召开冬季森林草原防火暨消防安全工作再动员、再部署会议
杂多县政府网站:http://www.zaduo.gov.cn    来源:    创建时间:2018/1/24 22:54:50    

དགུན་ཁ་སླེབས་པ་དང་བསྟུན་ནས། རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་བཀོད་སྒྲིག་འོག རྗ་སྟོད་རྫོང་གིས་བདེ་འཇགས་བྱ་བར་འཆར་འགོད་དང་ཐབས་ཇུས་ལ་ཤུགས་སྣོན། ལག་བསྟར་བྱ་བར་དམ་འཛིན་གང་ལེགས་བྱས་ནས། ནགས་ཚལ་གྱི་མེ་འགོག་བྱ་བ་་སོ་སོ་གོ་རིམ་ལྡན་པར་སྤེལ། འོན་ཀྱང་ཉེ་ལམ་རྫ་སྟོད་རྫོང་གི་གནམ་གཤིས་ལ་བསྟུད་མར་དྲག་རུང་གཡུག་པའི་གནས་ཚུལ་བྱུང་ནས་མེ་སྐྱོན་འབྱུང་སླ་བས། རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་དག་གི་དོ་སྣང་ཆེན་པོ་བྱས་ནས གནད་དོན་འདིའི་ཐད་ལ་མཛུབ་སྟོན་གལ་ཆེན་གནང་། ཟླ་དང་པོའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོར། རྫ་སྟོང་རྫོང་ཏང་ཨུའི་རྒྱུན་ཨུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བུན་ཡ་ཡིས་རྫ་སྟོད་རྫོང་གི་དགུན་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བདེ་འཇགས་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་པ་དང་། སྤྱི་བདེ་ཉེན་རྟོག་དང་ཕྱུགས་ལས་ལས་ཁུངས། མེ་འགོག་མེ་གསོད་ལས་ཁུངས། ཤང་དང་གྲོང་རྡལ། མཁར་སྡེའི་འགན་འཁུར་བ་དག་ཐེངས་འདིའི་ཚོགས་འདུར་ཞུགས།
  入冬以来,在县委、县政府的安排部署下,我县早谋划、强措施、抓落实,森林防火各项工作有序开展,但由于近期我县天气连续处于干旱强风状态,极易发生各类火灾,再次引起县委、县政府主要领导的高度重视,作出具体指示要求。1月23日下午,县委常委、政法委书记文雅同志主持召开杂多县冬季森林草原防火暨消防安全工作再动员、再部署会议,公安、畜牧、消防及各乡镇、社区负责人参加了此次会议。
ཚོགས་འདུའི་སྟེང་ཧྲུའུ་ཅི་བུན་ཡ་ཡིས་བསྟན་དོན། དགུན་དུས་ཀྱི་ནགས་ཚལ་མེ་འགོག་བྱ་བ་ནི་རྫ་སྟོད་རྫོང་གི་ལས་གཞི་སོ་སོའི་ཁྲོད་ཀྱི་བྱ་བ་གལ་ཆེན་ཞིག་ཏུ་འཇོག་དགོས་ལ། ཤང་དང་གྲོང་རྡལ། མཁར་སྡེ། འབྲེལ་ཡོད་ལས་ཁུངས་སོ་སོ་བཅས་ཀྱིས་ངེས་པར་དུ་དོན་དག་འདིར་དོ་སྣང་བྱེད་དགོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནགས་ཚལ་མེ་འགོག་སྐོར་གྱི་ཚད་གཞི་ལྔ་དང་ཡོད་ཚད་བཞིའི་གཏན་འབེབས་སེམས་སུ་འཛིན་དགོས་པ་དང་། འགོག་གསོད་མཉམ་འབྲེལ་དང་སྔོན་འགོག་གཙོ་བོ་བྱེད་པའི་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས། གཞི་རིམ་རྨང་གཞི་བྱ་བར་ཤུགས་སྣོན་བྱེད་དགོས་ཤིང་། དོན་དངོས་ནས་མེ་སྐྱོན་གནད་དོན་སྔ་མོ་ནས་མེད་པར་བཟོ་བ་དང་མེ་སྐྱོན་གནས་ཚུལ་རྙེད་པར་བྱེད་པ། མེ་སྐྱོན་སྔ་མོ་ནས་ཞི་བར་བྱེད་དགོས་པ་མ་ཟད། རྫ་སྟོད་རྫོང་གི་དངོས་ཡོད་གནས་ཚུལ་དང་འབྲེལ་ཏེ་དགུན་དུས་ཀྱི་ནགས་ཚལ་མེ་འགོག་དང་མེ་འགོག་མེ་གསོད་བདེ་འཇགས་ཐད་ནས་རེ་བ་གསུམ་བཏོན་ཡོད་དེ།
  会上,文雅书记强调:冬季森林防火工作要摆在我县目前各项工作的重中之重,各乡镇、社区、有关单位务必引起高度重视,牢记国务院关于森林防火的“五条标准”,牢记“四个一律”的规定,坚持“扑防结合、预防为主”的方针,加强基层基础工作,切实做到隐患早排除、火情早发现、火灾早扑灭,并结合我县实际对冬季森林防火和消防安全提出三点要求:

གཅིག ཤང་དང་གྲོང་རྡལ། མཁར་སྡེ། འབྲེལ་ཡོད་ལས་ཁུངས་ཀྱི་མགོ་ཁྲིད་ནི་་ཁོངས་གཏོགས་ས་ཁུལ་འདིའི་ནགས་ཚལ་མེ་འགོག་བྱ་བའི་འགན་ཁུར་མི་སྣ་གཙོ་བོ་ཡིན་པའི་ཆ་ནས། རང་ངོས་ཀྱི་འགན་འཁྲི་གཟབ་ནན་སྒོས་ལག་བསྟར་བྱེད་དགོས་པ་དང་། འབྲོག་ཁུལ་གྱི་ཕྱི་རོལ་ཡུལ་དུ་མེ་བཀོལ་སྤྱོད་བྱེད་པའི་བྱ་སྤྱོད་ལ་དོ་སྣང་ཆེན་པོ་བྱས་ནས། སྐོར་ཞིབ་སྲུང་སྐྱོང་བྱ་བར་ཤུགས་སྣོན་བྱེད་དགོས་ལ། ས་གནས་གཙོ་བོའི་ཐད་ནས་འགོག་སྲུང་ནན་མོ་བྱེད་དགོས་པ་དང་། གཟབ་ནན་སྒོས་དུས་ཚོད་ཉེར་བཞིའི་ལས་རེས་དང་མགོ་ཁྲིད་ཀྱི་སྣེ་ཁྲིད་ལམ་ལུགས་ལག་བསྟར་བཟང་བོ་བྱེད་དགོས་ཤིང་། ལྷག་པར་དུ་རྣམ་སྲས་ཤང་སོགས་ས་གནས་ཀྱི་ནགས་ཚལ་གཞི་ཁྱོན་ཆེ་ལ། ས་དབྱིབས་རྙོག་འཛིང་ཡིན་པ་དང་འགྲིམ་འགྲུལ་སྟབས་བདེ་མིན་པས། མེ་སྐྱོན་བྱུང་རྗེས་མེ་གསོད་བྱ་བར་དཀའ་ཚེགས་ཆེན་པོ་ཡོད།དེ་བས་རྣམ་སྲས་ཤང་ཏང་ཨུ་དང་སྲིད་གཞུང་གིས་དོན་དངོས་ནས་འགན་འཁྲི་དང་དུ་བླངས་ནས། དུས་ལྟར་མེ་འགོག་མྱུར་སྐྱོབ་རུ་ཁག་གསར་འཛུགས་བྱེད་དགོས་ལ། མེ་སྐྱོན་མྱུར་སྐྱོབ་སྔོན་གྱི་ཇུས་གཞི་གཏན་འཁེལ་བྱས་ནས། མེ་སྐྱོན་གྱི་བདེ་འཇགས་དོན་རྐྱེན་འབྱུང་བར་སྔོན་འགོག་བྱེད་དགོས།
  一是各乡镇、社区、及有关单位的领导作为本辖区森林防火的第一责任人,要严格落实责任,严管牧区野外用火,加大巡护密度,对重点部位、重点地段严防死守,严格执行24小时值班备勤和领导带班制度,特别是昂赛乡等地森林面积广,地形复杂、交通不便,一旦引发火灾后扑救难度大,乡党委政府要切实负起责任,及时成立本乡的防火应急队伍,制定火灾应急预案,严防发生火灾安全事故。

གཉིས། དྲིལ་སྒྲོག་བྱ་བར་ཤུགས་སྣོན་བྱས་ནས། མེ་འགོག་འདུ་ཤེས་མཐོར་འདེགས་བྱེད་དགོས། དྲིལ་སྒྲོག་ཡིག་ཆ་སྟེར་བ་་དང་ས་གནས་གཙོ་བོ་རུ་དྲིལ་སྒྲོག་འཕྲེད་ཡིག་འགེལ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། འབྲོག་ཁུལ་མང་ཚོགས་ཀྱི་མེ་སྐྱོན་མཇུག་འབྲས་ཚབས་ཆེན་ཐད་ཀྱི་ཤེས་རྟོགས་མཐོར་འདེགས་སུ་གཏོང་དགོས་ལ། མེ་སྐྱོན་འབྱུང་བར་གཏན་འཇོག་བྱེད་དགོས་ཤིང་། གཞི་རིམ་མངགས་གཏོང་ཁང་དང་མཁར་སྡེའི་ཉེན་སྲུང་ཁང་སོ་སོས་མུ་མཐུད་དུ་ཁོངས་གཏོགས་ས་ཁུལ་ཐད་ཀྱི་སྐོར་ཞིབ་བྱ་བར་ཤུགས་སྣོན་བྱེད་དགོས། དགུན་དུས་རྫ་སྟོང་རྫོང་གི་སྡོད་དམངས་མང་ཤོས་ཞིག་ཕྱི་རུ་འགྲོ་བ་དང་། ཁྱིམ་དུ་མི་མེད་པས། མེ་འགོག་དང་རྐུན་འགོག་བྱ་བ་སྔར་ལས་ལེགས་པོར་སྒྲུབ་དགོས།
  二是加大宣传力度,提高防火意识。通过发放宣传单、重要路段悬挂宣传横幅和张贴标语等方式,加深牧区群众对失火烧山造成严重后果的认识,从而杜绝人为火灾的发生,各基层派出所和社区警务室要继续加大对本辖区的巡逻力度,冬季我县大部分居民离县外出,家中无人看管,要进一步做好做好防火防盗工作。
གསུམ། མྱུར་སྐྱོབ་ཇུས་གཞི་འཐུས་ཚང་ཞིག་གཏན་འབེབས་བྱེད་དགོས་པ་དང། མེ་སྐྱོན་མྱུར་སྐྱོབ་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་དགོས། ནགས་ལས་ས་ཚིགས་དང་སྤྱི་བདེ་འགོག་སྲུང་སོ་སོས་དུས་ལྟར་མེ་སྐྱོབ་སྒྲིག་ཆས་ཐད་ལ་ཞིབ་བཤེར་དང་གསར་བརྗེ་བྱེད་དགོས་ཤིང་། སྡེ་བ་དང་མཁར་སྡེ་སོ་སོ་ཡིས་དྲ་མིག་ཅན་གྱི་དོ་དམ་དང་དམག་དམངས་ནི་སྟོབས་ཤུགས་གཙོ་བོ་བྱས་པའི་མེ་འགོག་མྱུར་སྐྱོབ་རུ་ཁག་གསར་འཛུགས་བྱས་ནས།དུས་ཐོག་ཏུ་ཐོན་ཐུབ་པ་དང་བྱ་བ་ལེགས་སྒྲུབ་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་ཤིང་། ནུས་ཤུགས་ཡོད་རྒུས་དགུན་དུས་ཤྱི་མེ་སྐྱོན་གནད་དོན་གྱི་ཞིབ་བཤེར་སྔོན་འགོག་བྱ་བ་ལེགས་པོར་སྒྲུབ་དགོས།
  三是制定完善应急预案、做好火灾应急准备。各林业站、公安消防要及时对救火设备进行检查和更新,各村、各社区要以网格长和民兵为主力成立防火应急队伍,确保召之即来、来之能战,全力做好冬季各类火灾隐患的排查预防工作。
ཚོགས་འདུའི་ཆེས་མཇུག་ཏུ། རྫ་སྟོད་རྫོང་མེ་འགོག་མེ་གསོད་རུ་ཆེན་གྱི་སློབ་སྟོན་པ་སུང་གོ་ཆང་གིས་ནན་གྱིས་བསྟན་དོན། ཉེ་ལམ་རྫ་སྟོད་རྫོང་མཁར་གྱང་ལ་མེ་སྐྱོན་གང་མང་བྱུང་བས། གཟབ་ནན་སྒོས་སྔོན་འགོག་བྱེད་དགོས་པ་མཟ་ད། མེ་སྐྱོན་མ་བྱུང་བའི་སྔོན་གྱི་སྔོན་འགོག་རྒྱུན་ཤེས་དང་དང་བྱུང་རྗེས་ཀྱི་མྱུར་སྐྱོབ་ཐབས་ཇུས་འགྲེལ་བཤད་བྱེད་དགོས།
  会议最后,县消防大队教导员宋国强调,近期县城发生多起民房火灾,要严加防范,并讲解了火灾发生前的预防常识和发生后的补救措施。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网