首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县召开控辍保学暨义教均衡工作推进会议
杂多县政府网站:http://www.zaduo.gov.cn    来源:    创建时间:2018/1/14 23:27:48    

ཟླ་དང་པོའི་ཚེས་བཅུ་གཉིས་ཉིན། རྫ་སྟོད་རྫོང་གི་སྐུལ་སློང་ལས་བྱེད་མང་ཚོགས་ཀྱིས་བྱོལ་འགོག་སློབ་སྐྱོང་དང་འོས་འགན་སློབ་གསོ་དོ་མཉམ་ཡོང་བའི་སྐུལ་འདེད་ཚོགས་འདུ་བསྡུས་པ་དང་། རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་སའོ་ཧི་དང་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཐེན་ཁའོ་ཡུག  རྫོང་ཏང་ཨུའི་རྒྱུན་ཨུ། རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བང་ཙིག་ཡུན། རྫོང་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་རྫོང་དཔོན་གཞོན་པ་ཁང་ཅིན་དང་རྫོང་ཏང་ཨུའི་རྒྱུན་ཨུ། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དཀོན་མཆོག་ཆོས་དབང་།  རྫོང་ཏང་ཨུའི་རྒྱུན་ཨུ། རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཀྲ་ཤིས་ཕུན་ཚོགས་དང་ཁྱིམ་ན་སྡོད་པའི་རྫོང་རིམ་པའི་མགོ་ཁྲིད་ཡོངས་ཚོགས་འདུར་ཞུགས། ཤང་གྲོང་སོ་སོ་དང་རྫོང་ཏང་ཨུའི་པུའུ་ཨུ་སོ་སོ། རྫོང་ཐད་གཏོགས་ལས་ཁུངས་སོ་སོ་དང་རྫ་སྟོད་ན་སྡོད་པའི་ཞིང་ཆེན་དང་ཁུལ་རིམ་པའི་ལས་ཁུངས། དེ་མིན་ཤང་གྲོང་སྡེ་བ་སོ་སོའི་ཨུ་ཡོན་ལྷན་ཁང་གཉིས་དང་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་སོགས་ཀྱི་མགོ་ཁྲིད་གཙོ་ཤོས་ཀྱང་ཚོགས་འདུར་ཞུགས་ཡོད་ལ།  རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཐན་ཁའོ་ཡུག་གིས་ཚོགས་འདུར་མགོ་འཛིན་མཛད།
  1月12日,杂多县动员干部群众召开控辍保学暨义教均衡推进会。县委副书记、县长索河,县委副书记田库有,县委常委、宣传部部长王泽云,县委常委、常务副县长康军,县委常委、纪委书记、监委会主任公却求旺,县委常委、统战部部长扎西朋措以及在家所有县级领导出席了会议,各乡镇,县委各部委,县直各机关单位,省州驻杂多各垂管单位,乡镇各村“两委”,全县各中小学校等主要负责人参加了会议。会议由县委副书记田库有同志主持。

ཚོགས་ཐོག་ནས་རྫོང་ཏང་ཨུའི་རྒྱུན་ཨུ། རྫོང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བང་ཙིག་ཡུན་གྱིས་རྫ་སྟོད་རྫོང་གི་བྱོལ་འོག་སློབ་སྐྱོང་བྱ་བའི་མགོ་ཁྲིད་ཚོགས་ཆུང་ལེགས་སྒྲིག་གཏོང་བའི་སྐོར་གྱི་བརྡ་སྦྱོར་སྒྲོག་འདོན་བྱས་པ་དང་། རྫོང་ཏང་ཨུའི་རྒྱུན་ཨུ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དཀོན་མཆོག་ཆོས་དབང་གིས་རྫོང་ཡོངས་ཀྱི་སློབ་བྱོལ་སློབ་མའི་གནས་ཚུལ་ཁྱབ་བསྒྲགས་བྱས། 
རྫོང་ཏང་ཨུའི་རྒྱུན་ཨུ། རྒྱུན་ལས་རྫོང་དཔོན་གཞོན་པ་ཁང་ཅིན་གྱིས་བརྗོད་གཞི་ལ་འབྲེལ་སྟེ་གྲངས་ཚད་བསྡུར་སྟངས་ཀྱི་རྣམ་པའི་སྒོ་ནས་རྫ་སྟོད་རྫོང་གི་སློབ་གསོ་བྱ་བའི་ཁྲོད་ཀྱི་མི་འདང་སའི་གནད་དོན་ལ་དབྱེ་ཞིབ་བྱས་པ་མ་ཟད། མི་འདང་སའི་གནད་དོན་དང་འབྲེལ་སྟེ་ཕྱོགས་ཡོངས་ནས་རྫ་སྟོད་རྫོང་གི་བྱོལ་འགོག་སློབ་སྐྱོང་དང་འོས་འགན་སློབ་གསོ་དོ་མཉམ་བྱ་བར་བཀོད་སྒྲིག་གནང་།
  会上,县委常委、宣传部部长王泽云同志宣读了《关于调整杂多县控辍保学工作领导小组的通知》;县委常委、纪委书记、检委会主任公却求旺同志通报全县辍学生及未入学适龄儿童少年情况。县委常委、常务副县长康军同志紧跟主题顺藤摸瓜,以数字对比的方式深入剖析了杂多教育存在短板问题,并结合短板问题全面部署了我县控辍保学暨义教均衡工作。

རྫོང་དཔོན་སའོ་ཧི་ཡིས་ཤང་གྲོང་སོ་སོ་དང་རྫོང་སློབ་གསོ་ཅུའུ་ཡི་འགན་ཁུར་མི་སྣ། དེ་མིན་རྫོང་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་སོ་སོའི་འགན་ཁུར་བ་བཅས་ལ་རིམ་པར་རྫ་སྟོད་རྫོང་གི་བྱོལ་འགོག་སློབ་སྐྱོང་གི་དམིག་འབེན་འགན་འཁྲི་ཡི་གེ་ལ་མིང་རྟགས་བཀོད་པ་མ་ཟད་གཏམ་བཤད་གལ་ཆེན་གནང་།  ཁོས་བསྟན་དོན། ཉེ་བའི་ལོ་འགའི་ནང་རྫ་སྟོད་རྫོང་གི་སློབ་གསོ་བྱ་བའི་ཐད་ལ་གདངས་འཇོག་བྱེད་རིན་ཡོད་པ་དང་། ནང་སྒོས་སུ་ཉེ་བའི་ལོ་འདི་འགའི་ནང་ཏང་དང་རྒྱལ་ཁབ་ཀྱི་ཇུས་ཆོད་ཡང་དག་དང་རྫོང་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་བརྟན་པོའི་འོག  དེ་མིན་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱི་རྒྱབ་སྐྱོར་ཆེན་པོ་དང་རྫོང་ཡོངས་ཀྱི་དགེ་བཟོ་བའི་འབད་པའི་འོག  མཁྲེགས་ཆས་དང་མཉེན་ཆས་གང་ཡིན་ནས་ཆ་རྐྱེན་སྔར་ལས་ཇེ་ལེགས་སུ་སོང་ཡོད་ལ། སློབ་གསོ་དོ་དམ་བྱ་བའི་ཐད་ནས་ཀྱང་རིམ་གྱིས་སྔར་ལས་ཚད་ལྡན་ཅན་དང་ཚན་རིག་ཅན། མི་གཤིས་ཅན་དུ་གྱུར་ཡོད་སྟབས་སློབ་གསོ་བྱ་བའི་སྤྱི་ཡོངས་ཀྱི་ཆུ་ཚད་མུ་མཐུད་ནས་མཐོར་འདེགས་འབྱུང་བཞིན་ཡོད། ལོ་འདི་འགའི་ནང་རྫ་སྟོད་རྫོང་གི་སློབ་གསོ་བྱ་བར་ཐོལ་བརྒལ་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་རུང་སྔར་བཞིན་སློབ་གསོ་བྱ་བར་བཀག་རྐྱེན་ཐེབས་པའི་འབུར་ཐོན་གནད་དོན་ཁ་ཤས་ལྡན་ཡོད།  དཔེར་ན་དགེ་རྒན་གྱི་དཔུང་སྡེ་སྔར་བཞིན་བརྟན་འཇགས་མིན་པ་དང་དགེ་སློབ་གྱི་བསྡུར་ཚད་དོ་མཉམ་མིན་པ། སློབ་གྲྭའི་དོ་དམ་ཆུ་ཚད་ཐད་ནས་བར་ཆད་ཤོར་བ་དང་སྤྱི་ཚོགས་ཀྱིས་སློབ་གསོ་བྱ་བར་རྒྱབ་སྐྱོར་བྱེད་ཚད་མི་འདང་བ་སོགས་ཀྱི་གནད་དོན་ཐད་ལ་ང་ཚོས་མུ་མཐུད་ནས་ལེགས་བཅོས་གཏོང་དགོས།
  县长索河与各乡镇、县教育局负责人、县直各相关单位负责人层层签订了杂多县控辍保学 目标责任书。并作了重要讲话,指出:近几年杂多县教育的发展值得肯定,尤其是近几年在党和国家的英明决策下、在县委、县政府的坚强领导下、在广大干部群众的大力支持下、在全县教职工的辛勤付出下,无论是硬件条件还是软件条件都得到了很大提升,教育管理工作也逐步趋于规范化、科学化、人性化,教育工作的整体水平正在不断提高。虽然近几年杂多教育事业有着突破性的发展,但依然存在一些影响和制约杂多教育发展的问题。比如:师资队伍依然不稳定,师生比例不够均衡;学校管理水平存在差距,社会支持教育力度不够大等等皆为我们下一步需要改进和落实的问题。
རྫོང་དཔོན་སའོ་ཧི་ཡིས་བྱ་བའི་གྲུབ་འབྲས་དང་གནད་དོན་ཕྱོགས་གཉིས་ལ་འབྲེལ་ནས་བླང་བྱ་དྲུག་བཏོན་ཡོད་སྟེ།  གཅིག  འཆར་གཞིའི་དགོངས་དོན་གྱི་ནང་སྙིང་ལ་གོ་བ་ཟབ་མོ་ལོན་པར་བྱས་ཏེ་འགན་འཁྲི་འདུ་ཤེས་སྔར་ལས་ཤུགས་དྲགས་དུ་གཏོང་དགོས། རྫ་སྟོད་རྫོང་གིས་བྱོལ་འགོག་སློབ་སྐྱོང་བྱ་བར་ཤུགས་བསྣན་སྟེ་འོས་འགན་སློབ་གསོའི་ཆུ་ཚད་མཐོར་འདེགས་སུ་གཏོང་བའི་བྱ་བའི་ལག་བསྟར་འཆར་གཞི་གཏན་ཕབ་བྱས་ཏེ་བཀྲམས་ཡོད་པ་དང་། ཤང་གྲོང་སོ་སོ་དང་འབྲེལ་ཡོད་འགན་ཁུར་ལས་ཁུངས་སོ་སོས་ངེས་པར་དུ་འཆར་གཞིའི་ནང་སྙིང་ལ་གོ་བ་ཟབ་མོ་ལོན་པར་བྱས་ཏེ། ངེས་པ་དོན་ནས་འཆར་གཞི་ནང་དོན་བྱོག་འགོག་སློབ་སྐྱོང་བྱ་བའི་གཞི་འཛིན་ས་གཙོ་བོར་བཟུང་ནས་བྱ་བ་ལེགས་པོར་སྒྲུབ་ཞིང་དངོས་འབེབས་གང་ལེགས་བྱེད་དགོས། གཉིས། དམིགས་འབེན་འགན་འཁྲི་ཞིབ་ཚགས་ཅན་དུ་བཏང་སྟེ་དམིགས་འབེན་འགན་འཁྲི་བྱ་བ་སྔར་ལས་ལེགས་པོར་སྒྲུབ་དགོས། རྫོང་སྲིད་གཞུང་གིས་རིམ་པ་སོ་སོར་མིང་རྟགས་བཀོད་པའི་དམིགས་འབེན་འགན་འཁྲིའི་ནང་དོན་ལྟར་དུ། རང་སྟེང་བྱ་བའི་དངོས་ཡོད་གནས་ཚུལ་དང་འབྲེལ་ནས་ཤང་གྲོང་སོ་སོ་དང་འབྲེལ་ཡོད་ཀྱི་འགན་འཁྲི་ལས་ཁུངས་སོ་སོས་རང་རྟོག་སྒོས་གཙོ་འགན་ཁུར་དགོས་པ་་མ་ཟད། འགན་འཁྲི་མང་པོ་ཕྲག་དུ་ལེན་པའི་བྱེད་ཐབས་ཀྱིས་རིམ་པ་སོ་སོའི་འགན་འཁྲི་གསལ་བོ་ཡིན་པ་དང་གཟབ་ནན་ཡོང་བར་བྱེད་དགོས། གསུམ། ཁྱིང་ཚང་དུ་བསྐྱོད་ནས་གནས་ཚུལ་རྩད་གཅོད་བྱེད་པའི་བྱ་བ་ཚགས་དམ་པའི་སྒོ་ནས་བསྒྲུབ་སྟེ་ཆ་འཕྲིན་ཡིག་ཚགས་སྔར་ལས་འཐུས་ཚང་ཅན་དུ་གཏོང་དགོས། ལོ་རྒྱུས་ཀྱི་ཉམས་མྱོང་ལ་སྤྱི་བསྡོམས་བྱས་ཏེ་ཁྱིམ་ཚང་དུ་བསྐྱོད་ནས་གནས་ཚུལ་རྩད་གཅོད་བྱེད་པའི་བྱ་བ་ཞིབ་མོར་སྒྲུབ་ནས།  རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་བྱོལ་འགོག་སློབ་སྐྱོང་བྱ་བར་སྔར་ལས་སྐུལ་འདེད་གཏོང་བར་སྟོབས་ཤུགས་ལྡན་པའི་ཐབས་ཇུས་ཁུངས་ལུང་མཁོ་འདོན་བྱེད་དགོས་ལ། ཤང་གྲོང་སོ་སོ་དང་འབྲེལ་ཡོད་འགན་ཁུར་ལས་ཁུངས་སོ་སོས་ཆ་འཕྲིན་གནས་ཚུལ་གྱི་ཡང་དག་རང་བཞིན་ལ་ཞིབ་བཤེར་ནན་མོ་བྱས་ཏེ། ཡར་ཞུ་བྱས་པའི་གཞི་གྲངས་གང་ཡིན་ལ་རིམ་པ་སོ་སོ་ནས་གཟན་ནན་དམ་འཛིན་སྒོས་མིང་རྟགས་འགོད་དགོས་ཞིང་རིགས་མི་གཅིག་པའི་རྨང་གཞིའི་གཞི་གྲངས་སོ་སོ་ཡང་དག་ཡོང་བར་ཁག་ཐེག་བྱེད་དགོས།  བཞི  སློབ་གསོའི་དྲིལ་བསྒྲགས་བྱ་བར་ཤུགས་བསྣན་ནས་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ཀྱི་གོ་རྟོགས་སེལ་དགོས། སློབ་བྱོལ་གྱི་སྣང་ཚུལ་བཀག་འགོག་བྱེད་དགོས་ན་ཐོག་མར་མང་ཚོགས་ཀྱི་གོ་རྟོགས་སེལ་དགོས་པས་སློབ་གསོའི་དྲིལ་བསྒྲགས་བྱ་བར་ཤུགས་བསྣོན་དགོས། དེ་བས་ཤང་གྲོང་སོ་སོ་དང་འབྲེལ་ཡོད་འགན་འཁྲི་ལས་ཁུངས་སོ་སོས་རང་རང་སོ་སོའི་འགན་འཁྲི་དང་དུ་བླངས་ནས་རང་རང་སོ་སོའི་འགན་ནུས་ལྟར་དུ་ཁ་གཏད་རང་བཞིན་གྱི་བྱེད་ཐབས་འདོན་སྤེལ་བྱས་ཏེ། སློབ་གསོའི་དྲིལ་བསྒྲགས་བྱ་བར་སྔར་ལས་ཤུགས་བསྣན་སྟེ་ངེས་པ་དོན་ནས་སློབ་གསོའི་དྲིལ་བསྒྲགས་བྱ་བ་ཁྱིམ་ཚང་རེ་རེར་ཁེབས་པར་བྱས་ནས། རྒྱ་ཆེའི་མང་ཚོགས་ཀྱིས་དྲང་ཕྱོགས་ནས་སློབ་གསོ་བྱ་བར་གོ་བ་ལོན་ཐུབ་པར་བྱེད་དགོས། ལྔ། སྐུལ་མའི་འོག་ཕྱིར་སློབ་གྲྭར་ཡོང་བའི་སློབ་མའི་བདེ་འགོད་བྱ་བར་འཆར་གཞི་ཞིབ་མོ་བཟོས་སྟེ་བྱོལ་འགོག་སློབ་སྐྱོང་གི་ནུས་པ་མཐོར་འདེགས་སུ་གཏོང་དགོས། སློབ་གསོ་སྡེ་ཁག་གིས་བྱེ་བྲག་གི་འགན་ཁུར་དང་དུ་བླངས་ནས་འབྲེལ་ཡོད་འགན་ཁུར་ལས་ཁུངས་སོ་སོས་རང་རྟོག་སྒོས་ཞིབ་འཇུག་བྱ་བར་མཐུན་སྦྱོར་བྱས་ཏེ། སྐུལ་མའི་འོག་ཕྱིར་སློབ་གྲྭར་ཡོང་བའི་སློབ་མའི་བདེ་འགོད་བྱ་བར་ཚན་རིག་དང་མཐུན་པའི་འཆར་གཞི་བཟོས་ནས། ངེས་པ་དོན་ནས་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་དང་སྒྲིག་ཆས་སོགས་ཐད་ཀྱི་རིམ་པ་སོ་སོར་བསམ་བློ་བཏང་ནས། ཕྱིར་ལོག་སློབ་མའི་བདེ་འགོད་བྱ་བའི་ཐད་ལ་འཆར་གཞི་ཞིབ་མོ་བཟོས་ནས་བྱོལ་འགོག་སློབ་སྐྱོང་བྱ་བའི་ཐད་ནས་སློབ་བྱོལ་སློབ་མ་སློབ་གྲྭར་ཞུགས་པར་སྐུལ་མ་གཏོང་མཁན་ཡོད་པ་དང་། ཕྱིར་ལོག་སློབ་མར་བདེ་འགོད་བྱེད་མཁན་ཡོད་པར་ཁག་ཐེག་བྱེད་དགོས། དྲུག ཡིག་ཚགས་ཐོ་འགོད་བྱས་པའི་ཁྱིམ་ཚང་ལ་དམིགས་བསལ་ཡོད་པའི་རྩ་དོན་ལྟར་དུ་དབུལ་ཕོང་སློབ་མ་སློབ་གྲྭར་ཞུགས་པར་སྐུལ་བའི་ཤུགས་ཚད་སྔར་ལས་ཆེར་བསྐྱེད་དགོས། ཤང་གྲོང་སོ་སོ་དང་འབྲེལ་ཡོད་འགན་ཁུར་ལས་ཁུངས་སོ་སོས་ལྕི་ཡང་དམ་ལྷོད་ལ་དབྱེ་འབྱེད་ཞིབ་མོ་བྱས་ཏེ་གནད་འཁེལ་དབུལ་སྐྱོར་བྱ་བའི་འདང་རྒྱག་བྱེད་མི་དགོས་པ་གསུམ་དང་ཁག་ཐེག་གཉིས་ཀྱི་བླང་བྱའི་ནང་དོན་ལ་འབྲེལ་ནས། ཡིག་ཚགས་ཐོ་འགོད་བྱས་པའི་ཁྱིམ་ཚང་གི་སློབ་མ་སློབ་གྲྭར་ཞུགས་པར་སྐུལ་མ་བྱེད་པ་གཙོ་བོར་བཟུང་ནས། ཁྱིམ་ཚང་དུ་བསྐྱོད་སྟེ་གནས་ཚུལ་རྩད་གཅོད་པ་དང་ལོ་ཚད་ལོན་པའི་བྱིས་པ་སློབ་གྲྭར་འཇུག་པའི་བྱ་བ་ཞིབ་མོར་སྒྲུབ་སྟེ་བྱོལ་འགོག་སློབ་སྐྱོང་གི་བྱ་བས་ཁྱིམ་ཚང་དང་ཐ་ན་མི་གཅིག་ཀྱང་མི་བསྐྱུར་པར་ཁག་ཐེག་བྱེད་དགོས་པར་བསྟན།
  围绕成果与问题,索河县长提出了六点要求:一是深刻领会方案精神实质,进一步增强责任意识。《杂多县加强控辍保学提高义务教育巩固水平工作实施方案》已制定下发,各乡镇,各相关责任单位务必要吃透方案实质,切实将方案作为推进控辍保学工作的重要依据,做好工作,抓好落实。二是细化分解目标任务,进一步夯实责任落实。根据县政府层层签订的目标责任,结合自身工作实际,各乡镇,各相关责任单位要主动担负起主体责任,采取一干多包的办法,层层分解任务,压实责任。三是扎实开展入户调查工作,进一步完善信息档案。总结历史经验,认真开展入户调查工作,为县委、县政府进一步推进控辍保学工作提供强而有力的决策依据,各乡镇,各相关责任单位要严格核查信息的真实性和准确性,凡涉及上报数据务必要层层把关、层层签字,努力确保各类基础数据精准无误。四是加大宣传教育力度,进一步提高群众知晓率。辍学之根本多于不够重视,而重视之根本在于足够认识,反知认识之根本在于学习和宣传。因此各乡镇、各相关责任单位要各司其职,根据各自的工作职能,采取针对性措施,进一步加大宣传教育力度,切实将宣传工作做到家喻户晓,不留盲点,促使广大群众正面理解教育,认识教育,走进教育。五是认真谋划全返学生安置工作,进一步提升保学能力。教育部门具体负责,各相关责任单位主动配合要深入研究,科学谋划全返学生的安置工作,切实从师资力量、设施配备等多方面、多层次考虑,认真制定全返学生安置方案,确保控辍保学工作辍学生有人劝返,返校生有人安置。六是以建档立卡户优先的原则,进一步加大贫困学生的劝返力度。各乡镇、各相关责任单位要分清轻重缓急,讲求方式方法, 紧盯精准扶贫“三不愁、两保障”的要求,重点将建档立卡户作为劝返工作的第一步,认真开展入户调查和适龄儿童少年劝返工作,确保精准不留一户、不落一人。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网