首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县召开岁末年初安全生产工作安排部署会议
杂多县政府网站:http://www.zaduo.gov.cn    来源:    创建时间:2017/12/20 16:03:51    

  ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན། རྫོང་སྲིད་གཞུང་རྒྱུན་འགན་ཚོགས་འདུ་ཁང་གིས་རྫོང་ཡོངས་ཀྱི་2017ལོའི་ལོ་མཇུག་དང་2018ལོའི་ལོ་མགོའི་བདེ་འཇགས་ཐོན་སྐྱེད་བཀོད་སྒྲིག་འཆར་འགོད་ཚོགས་འདུ་བསྡུས་པ་དང་། རྫོང་དཔོན་སའོ་ཏིའི་མངགས་བཅོལ་ལྟར་དུ། རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སྐལ་བཟང་ཉི་མ་ཚོགས་འདུར་ཞུགས་ཏེ་མཛུབ་སྟོན་གལ་ཆེན་གནང་། རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་དང་། ཤང་བདུན་གྲོང་རྡལ་གཅིག གཞིས་ཁུལ་དགུའི་འགན་ཁུར་མི་སྣ་སོགས་བསྡོམས་པས་མི་ལྔ་བཅུ་ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།
  12月20日,在县政府常务会议室召开了全县岁末年初安全生产工作安排部署会议,受索河县长委托,县安委会副主任、县政府副县长尕松尼玛出席会议并作了重要指示,县安委会成员单位、七乡一镇、九个社区负责人,共50余人参加了本次会议。
  ཚོགས་འདུར་རྫོང་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། བདེ་འཇགས་ཐོན་སྐྱེད་ཨུ་ཡོན་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་འཇམ་དབྱངས་ཚེ་རིང་གིས་མགོ་འཛིན་མཛད་པ་མ་ཟད། མཚོ་སྔོན་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་གཞུང་སྒྲུབ་ཁང་གི་2017ལོའི་ལོ་མཇུག་དང་2018ལོའི་ལོ་མགོའི་དུས་སྐབས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བའི་བརྡ་སྦྱོར་བརྒྱུད་བསྒྲགས་བྱས། དེ་དང་མཉམ་དུ་རྫོང་སྤྱི་བདེ་མེ་འགོག་རུ་ཁག་དང་། འགྲིམ་འགྲུལ་ཉེན་རྟོག་རུ་ཁག སློབ་གསོ་ཅུའུ། ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་སོགས་ཁོངས་ཞུགས་ལས་ཁུངས་ཀྱིས་རང་གི་ལས་རིགས་ཁྱབ་ཁོངས་ནས་བདེ་འཇགས་ཐོན་སྐྱེད་བྱ་བ་སྤེལ་བའི་ཉམས་མྱོང་བརྗེ་རེས་བྱས། རང་རྫོང་གི་ད་ལོའི་དགུན་ཁ་དང་སང་ལོའི་སྟོན་ཀའི་བདེ་འཇགས་ཐོན་སྐྱེད་བྱ་བ་ལེགས་པོར་སྒྲུབ་པའི་ཐད་ནས།
  会议由县安委会副主任、安委办主任江永才仁同志主持并传达了《青海省安全生产委员会办公室关于切实做好岁末年初安全生产工作的通知》,县公安消防大队、交警大队、教育局、市监局等成员单位围绕各自行业领域开展的安全生产工作进行了交流发言。
  རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་མཐུན་སྐལ་བཟང་ཉི་མས་གཤམ་གསལ་གྱི་དོན་ཚན་འགའ་ནན་གྱིས་བསྟན། གཅིག འགྲིམ་འགྲུལ་བདེ་འཇགས། དགུན་དུས་ནི་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚད་ཆེས་མང་བའི་དུས་ཚིགས་ཡིན་པས། འགྲིམ་འགྲུལ་ཉེན་རྟོག་དང་སྐྱེལ་འདྲེན་དོ་དམ་སྡེ་ཁག་གིས་མཉམ་འབྲེལ་སྒོས་ཉིན་བརྒྱའི་ཆེད་དམིགས་བཅོས་སྐྱོང་བྱ་འགུལ་སྤེལ་ནས། གཙོ་བོ་མྱུར་ཚད་དང་མི་གྲངས་ཚད་བརྒལ། ལྗིད་ཚད་ཚད་བརྒལ། ཆང་འཐུང་རྗེས་རླངས་འཁོར་སྐོར་བ། ཁྲིམས་འགལ་སྐྱེལ་འདྲེན་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་བརྡེག་གཏོང་དགོས། གཉིས། མེ་འགོག་བདེ་འཇགས། དགུན་དུས་ནི་མེ་འགོག་མེ་སྐྱོན་འབྱུང་སླ་བའི་དུས་ཚིགས་ཡིན་པས། མེ་འགོག་སྡེ་ཁག་གིས་ཕྱོགས་ཡོངས་ནས་ཞིབ་བཤེར་ནན་མོ་བྱས་ཏེ། ཉིན་བརྒྱའི་རིང་གི་གནོད་སྐྱོན་ཞིབ་བཤེར་དང་། གཞི་རྒྱ་ཆེན་པོས་བཅོས་སྐྱོང་བྱས་ཏེ། སློབ་གྲྭ་དང་ཁྲོམ་ར། ཆོས་ལུགས་སོགས་མི་མང་འདུས་སྡོད་ཚད་ཆེ་བའི་གནས་ཀྱི་མེ་འགོག་བདེ་འཇགས་བྱ་བ་ལེགས་པོར་བསྒྲུབ་དགོས།  གསུམ། ཟས་རིགས་སྨན་རྫས་བདེ་འཇགས། དམངས་ཀྱིས་ཟས་ལ་བརྟེན་ནས་འཚོ་བ་བསྐྱལ་བ་ཡིན་པས། ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་མུ་མཐུད་དུ་ཁྲོམ་ར་གཙང་བཤེར་བྱེད་པའི་བྱ་འགུལ་སྤེལ་ནས། ཟས་རིགས་སྨན་རྫས་ཁྱབ་ཁོངས་ཀྱི་དངོས་པོ་རྫུན་མ་རྩ་མེད་དུ་བཏང་ནས་དུས་ཆེན་གཉིས་སྐབས་ཀྱི་ཟས་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། དེ་དང་མཉམ་དུ་རང་རྫོང་གི་མིག་སྔའི་རྩྭ་ཐང་དང་ནགས་ཚལ་གྱི་མེ་སྐྱོན་གནོད་འཚེའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས། ཤང་དང་གྲོང་རྡལ་སོ་སོས་རང་གི་ཁོངས་གཏོགས་མང་ཚོགས་ལ་དྲིལ་སྒྲོག་སློབ་གསོའི་བྱ་བ་ལེགས་པོ་སྤེལ་ནས། གནོད་སྐྱོན་སྔོན་འགོག་བྱེད་དགོས།
  县政府副县长尕松尼玛同志从三个方面就做好我县今冬明春安全生产工作做了重点强调:1、交通安全。冬季是道路交通事故的多发易发期,要求交警、运管部门联合开展百日专项整治行动,重点治理超速、超员、超载、酒驾、非法运营等违法违规行为。2、消防安全。冬季又是消防火灾的凸显期,要求消防部门开展拉网式排查,做到为期百日的隐患大排查、大整治,以保证人员密集场所的消防安全。3、食药安全。民以食为天,要求市监部门继续深入推进净化市场行动,打击销毁食药领域假冒伪劣产品,以保证“两节”期间的食品安全。同时针对当前我县草原、森林火险隐患突出的实际,要求各乡镇做好各自管辖群众的宣传教育工作,防范于未然。
  ཚོགས་འདུས་བདེ་འཇགས་ཐོན་སྐྱེད་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་ལས་ཁུངས་སོ་སོས་འགན་འཁྲིའི་འདུ་ཤེས་དང་ཁྱོན་ཡོངས་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། བསམ་བློ་ཐེངས་འདིའི་ཚོགས་འདུའི་དགོངས་དོན་དང་གཅིག་གྱུར་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཉིན་བརྒྱའི་ཆེད་དམིགས་ཞིབ་བཤེར་བྱ་བ་ལེགས་པོར་སྤེལ་དགོས། ཉེན་ཁ་ཞིབ་བཤེར་བྱེད་ཚད་ཇེ་དྲག་ཏུ་བཏང་ནས། བདེ་འགཇས་ཐོན་སྐྱེད་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱས་ཏེ། རང་རྫོང་གི་རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་གང་ལེགས་བྱེད་དགོས།
  会议要求,各安委会成员单位要进一步加强责任意识、大局意识,把思想统一到今天的会议精神上来,大力开展安全生产百日专项检查,加强隐患排查力度,依法严惩安全生产领域违法违规行为,以保障我县广大人民群众的生命财产安全。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网