首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
追着牧民群众放电影-----热烈祝贺杂多县广播电视台取得电影放映工作六县第一、全州第二的好成绩
杂多县政府网站:http://www.zaduo.gov.cn    来源:    创建时间:2017/11/14 11:45:53    

མཚོ་སྔོན་དམངས་ཕན་སྐུད་འབྲེལ་ཀྱིས་ཡུས་ཧྲུའུ་ཁུལ་ཡོངས་ནས་གློག་བརྙན་བལྟན་བའི་གནས་ཚུལ་ཞིབ་བཤེར་དཔྱད་བསྡུར་བྱས་པ་བརྒྱུད་རྫ་སྟོད་རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་གློག་བརྙན་བལྟན་པའི་བྱ་བའི་ཁྲོད་རྫོང་དྲུག་ལས་ཨང་དང་པོ་དང་ཁུལ་ཡོངས་ནས་ཨང་གཉིས་པར་བདམས་ཐོན་བྱུང་།  

    经青海惠民院线对玉树州的电影放映情况筛查评选,杂多县广播县电视台今年取得六县第一名全州第二名的好成绩。

 ད་ལོར་མཚོན་ན་ཏང་གི་ཚོགས་ཆེན་བཅུ་དགུ་བ་སྤྲོ་བའི་བསུ་བ་དང་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་དོན་འཁྱོལ་བྱེད་པའི་གནད་འགག་གི་ལོ་ཞིག་ཡིན་པའི་ངོས་ནས།  རྫ་སྟོད་རྫོང་བརྙན་འཕྲིན་ཁང་གིས་དཔའ་རྒོད་དང་ཚོགས་པ་བརྒྱ་ཡི་འཁྲུགས་ཆེན་ཞེས་པ་སོགས་རང་རྒྱལ་གྱི་ཕུལ་བྱུང་གློག་བརྙན་སྐོར་ཞིག་ས་ཐག་རིང་བའི་འབྲོག་ཁུལ་མང་ཚོགས་ཀྱི་སྒོ་མདུན་ནས་བལྟན་པ་མ་ཟད།  གློག་བརྙན་གཏོང་བའི་ལས་འགན་ཁུར་དུ་བླངས་པའི་ཁོ་ཚོ་འབྲོག་ཁུལ་རྩྭ་ཐང་དུ་སོང་སྟེ་ཤང་གྲོང་གི་ཚོགས་འདུའི་རིགས་དང་ཡང་ན་རྟ་རྒྱུག་འགྲན་ཚོགས་སོགས་མང་ཚོགས་འདུས་ཚད་ཅུང་ཆེ་བའི་གོ་སྐབས་དང་བསྟུན་ནས།  ཁོ་ཚོའི་སྦྲ་གུར་མང་ཚོགས་ཀྱི་སྦྲ་གུར་ཉེ་འགྲམ་དང་རྟ་རྒྱུག་འགྲན་ཚོགས་ཀྱི་ཡུལ་དངོས་སུ་ཕུབ་ནས་གློག་བརྙན་བཏང་བ་དང་།   མདོར་དེད་ན་ཁོ་ཚོས་མང་ཚོགས་ཀྱི་རྗེས་བསྙེགས་ནས་གློག་བརྙན་གཏོང་བའི་ཐད་ལ་འབད་པ་གང་ལེགས་བྱས་སྟབས།   འབྲོག་པ་མང་ཚོགས་ཀྱིས་རིན་དངུལ་སྐར་གང་ཡང་སྤྲོད་མི་དགོས་པར་རང་གི་སྒོ་མདུན་ནས་གྲོང་ཁྱེར་གློག་བརྙན་ཁང་དུ་སྟོན་པའི་གློག་བརྙན་ལ་བལྟ་ཐུབ་བྱུང་ཡོད་ལ།  མང་ཚོགས་ལ་ཉེ་བར་བཅར་བའི་གློག་བརྙན་སྟོན་སྟངས་དེར་ས་ཐག་རིང་སར་ཡོད་པའི་འབྲོག་པ་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།

   今年作为喜迎十九大、宣传贯彻十九大的重要一年,杂多县电视台把《勇士》《智取威虎山》《百团大战》等一批优秀国产影片送到了偏远牧区的家门囗。放映员们奔跑在牧区草原上,利用乡镇召开会议、牧民赛马会等群众较为集中的有利时机,把帐篷扎在牧民的帐篷旁边,扎在赛马会场,总之一句话就是“追着牧民放电影”。“不用花一分钱,在家门口就能看到和城里电影院一样的电影!”灵活贴心的放映方式得到了偏远地区牧民群众的好评。

 མང་ཚོགས་ལ་གློག་བརྙན་སྟོན་པའི་སྤྱི་ཕན་རང་བཞིན་གྱི་བྱ་འགུལ་དེར་བརྟེན་ནས་སྔར་ལས་མང་པོའི་མི་རྣམས་ལ་དུས་སྔོན་མའི་གློག་བརྙན་གྱི་ཉམས་བརྗིད་དང་གསར་བརྗེ་བ་རྒན་རབས་པ་དག་གི་སྐྱེས་སྟོབས་འབར་བའི་སྙིང་སྟོབས་མཐོང་ཐུབ་པར་བྱས་པ་མ་ཟད། རྒྱ་ཆེའི་ལྟ་མཁན་རྣམས་པར་སྐབས་དེའི་འོད་སྟོང་འབར་བའི་ལོ་རྒྱུས་དང་ཀྲུང་གོ་གསར་བ་གསར་འཛུགས་གནང་སྐབས་ཀྱི་སྔོན་གཤེགས་དཔའ་བོ་རྣམས་ལ་རྗེས་དྲན་བྱེད་དུ་བཅུགས་པ་དང་། ད་ལྟའི་ཞི་བདེ་དང་བདེ་སྐྱིད་ལྡན་པའི་སྐལ་བཟང་དུས་ལེགས་ནང་འཚོ་བ་རོལ་བཞིན་པའི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཐོག་མའི་དམ་བཅའ་ཡིད་ནས་མི་བརྗེད་པར་མདུན་བསྐྱོད་སྐུལ་མ་དང་བཅས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་འདུན་མ་མངོན་འགྱུར་ཐད་ཧུར་ཐག་འབད་འབུངས་བྱེད་བཞིན་ཡོད་པ་རེད།

   通过公益电影放映活动,让更多人一睹老电影的磅礴气势和老一辈革命家生动豪壮的气魄,让广大观众回忆那段壮烈光辉的历史,追忆那段艰难曲折的历程,缅怀为新中国成立英勇牺牲的革命先烈,激发生活在今天和平安宁环境中的广大人民群众不忘初心,砥砺前行,为实现中国民族伟大复兴的中国梦而奋斗。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网