首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县召开全县意识形态暨精神文明推进工作会
杂多县政府网站:http://www.zaduo.gov.cn    来源:    创建时间:2017/9/20 15:34:41    
ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན། རྫ་སྟོད་རྫོང་གིས་རྫོང་ཡོངས་ཀྱི་འདུ་ཤེས་འཛིན་སྟངས་དང་བསམ་བློའི་དཔལ་ཡོན་བྱ་བར་སྐུལ་འདེད་གཏོང་བའི་བྱ་བའི་ཚོགས་འདུ་བསྡུས། ཚོགས་འདུ་ལས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་རིམ་པའི་འདུ་ཤེས་འཛིན་སྟངས་བྱ་བའི་སྐོར་གྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་ངོས་ཟིན་ཇེ་ཟབ་དུ་བཏང་བ་མ་ཟད་ལས་འགན་དངོས་འབེབ་བྱས། རྫ་སྟོད་རྫོང་ཏང་ཨུའི་རྒྱུན་ཨུ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་བང་ཙིག་ཡུན་གྱི་མངགས་བཅོལ་ལྟར་དུ་དྲིལ་སྒྲོག་པུའུ་ཀྲང་གཞོན་པ་ཕང་ཅིས་མིན་གྱིས་ཚོགས་འདུ་ལ་མགོ་འཛིན་བྱས་པ་དང་། ཤང་དང་གྲོང་རྡལ་སོ་སོ་དང་དཔལ་ཡོན་ལས་ཁུངས་སོ་སོའི་འགན་ཁུར་མི་སྣ་ཚོགས་འདུ་ལ་ཞུགས།
  9月15日,杂多县召开全县意识形态暨精神文明工作推进会。会议传达学习中央、省、州关于意识形态工作的相关会议精神,进一步统一思想,强化认识,落实责任。受杂多县委常委、宣传部长王泽云的委托,宣传部副部长庞继敏主持会议,各乡镇、各文明单位负责人参加会议。
ཚོགས་འདུ་ལས་གསར་འགྱུར་སྨྱན་བྱད་ཀྱི་བཅར་འདྲི་བྱ་བའི་སྣེ་ལེན་དོ་དམ་བྱེད་ཐབས་སྐོར་དང་རྫ་སྟོད་རྫོང་གི་འདུ་ཤེས་འཛིན་སྟངས་བྱ་བའི་སྒྲིག་སྲོལ་ཞིབ་ཕྲ་སོགས་ཀྱི་ཡིག་ཆ་བརྒྱུད་སྒྲོག་བྱས་པ་མ་ཟད། རྫ་སྟོད་རྫོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་བའི་དྲིལ་སྒྲོག་བྱ་བ་སྣ་སོ་སོར་བཀོད་སྒྲིག་བྱས།  
  会议传达《关于新闻媒体采访接待管理办法》《杂多县意识形态工作细则》等文件,并安排部署了我县迎接党的十九大各项宣传报道工作。
ཚོགས་འདུ་ལས་བསྟན་དོན། འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ནི་ཏང་གི་བྱ་བ་གལ་ཆེན་ཞིག་ཡིན་པས་ལངས་ཕྱོགས་དང་ལམ་ཁ། དེ་མིན་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་བྱ་བའི་ཐད་ལའང་འབྲེལ་ཡོད་པ་རེད། ཏང་གིོ་ལོ་རྒྱུས་རྒྱུན་འཛིན་བྱ་བའི་ཐད་ནས་བལྟས་ནའང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དེ་ནི་རང་རེའི་ཏང་གི་ཆབ་སྲིད་ལེགས་ཆ་དང་རྨང་གཞི་བརྟན་པོར་ཐུག་ཡོད་པ་དང་། རྫ་སྟོད་རྫོང་གི་འཕེལ་རྒྱས་ཀྱི་གནས་ཚུལ་དངོས་ནས་བལྟས་ན་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དེ་ཆབ་སྲིད་སྐྱེ་ཁམས་དང་འཕེལ་རྒྱས་ཀྱི་ཁོར་ཡུག འཕེལ་རྒྱས་ཀྱི་ཡིད་ཆེས། འཕེལ་རྒྱས་སྣང་ཚུལ་བཅས་ལ་འབྲེལ་ཡོད་པས་རྫ་སྟོད་རྫོང་གི་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་དང་འགན་སྲུང་ཡིན་པ་དང་།  ཕྱོགས་ཡོངས་ནས་ཏང་ནན་མོའི་སྒོ་ནས་སྐྱོང་བའི་ཐད་ནས་བལྟས་ནའང་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་ནི་ལས་འགན་གཙོ་བོ་དངོས་འབེབ་བྱེད་པའི་གཞི་རྩའི་བླང་བྱའང་ཡིན་པས། ཤང་གྲོང་དང་ལས་ཁུངས་སོ་སོས་འདུ་ཤེས་འཛིན་སྟངས་བྱ་བ་ལེགས་པོར་སྒྲུབ་པའི་འགན་འཁྲི་འདུ་ཤེས་དང་འགན་ཁུར་འདུ་ཤེས།བྲེལ་མྱུར་འདུ་ཤེས་བཅས་སྔར་ལས་ཤུགས་དྲགས་སུ་བཏང་ནས། རང་རྫོང་གི་འདུ་ཤེས་འཛིན་སྟངས་བྱ་བ་སྔར་ལས་སྐས་རིམ་གསར་བར་སྐུལ་འདེད་གཏོང་དགོས་པར་བསྟན།
  会议指出,意识形态工作是党的一项极端重要的工作,关乎旗帜、关乎道路、关乎国家政治安全。从党的历史传承看,做好意识形态工作是我们党的政治优势和重要根基;从杂多县发展实践看,做好意识形态工作关乎政治生态、发展环境、发展信心、发展形象,是推进杂多县加速崛起的动力源泉和根本保障;从全面从严治党看,做好意识形态工作是落实主体责任的本真要求。各乡镇各部门要持续增强做好意识形态工作的使命感、责任感、紧迫感,推动我县意识形态工作再上新台阶。
ཚོགས་འདུ་ལས་རྫོང་ཡོངས་ཀྱི་གོང་འོག་བར་གསུམ་ནས་གང་མགྱོགས་སྒོས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་བསུ་བའི་དྲིལ་སྒྲོག་གི་ཚ་རླབས་བསླང་སུ་བཅུགས་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ནས་བྱ་བ་སྣ་སོ་སོའི་ཐད་ནས་བླངས་བའི་གྲུབ་འབྲས་དང་། ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་རིམ་པའི་ཇུས་ཆོད་བཀོད་སྒྲིག་སྣ་སོ་སོ་གང་ནུས་སྒོས་དྲིལ་སྒྲོག་བྱས་ཏེ། དུས་ངེས་མེད་དུ་འདུ་ཤེས་འཛིན་སྟངས་ཀྱི་བྱ་བ་དམ་འཛིན་སྒོས་བསམ་བློའི་རིག་གནས་དྲིལ་སྒྲོག་བྱ་བའི་སྣེ་ཁྲིད་འགན་དབང་དང་རང་འགུལ་འགན་དབང་ལ་གདེངས་ཚོད་ཡོད་པར་བྱེད་དགོས་པ་དང་། དྲིལ་སྒྲོག་བྱ་བའི་སྒྲིག་སྲོལ་ནན་སྲུང་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་རྒྱལ་ཁའི་ངང་ཚོགས་པར་བསུ་མ་བྱེད་པའི་གླེང་ཕྱོགས་ཀྱི་ཁོར་ཡུག་ལེགས་པོ་བསྐྲུན་ནས། སྔར་ལས་སྟོབས་ཆེ་བའི་དྲིལ་སྒྲོག་གི་མཉམ་ཤུགས་འདོན་དགོས་པའི་བླང་བྱ་བཏོན།
  会议要求,要在全县上下迅速兴起迎接党的十九大宣传热潮,积极宣传党的十八大以来各项事业发展取得的辉煌成就及中央、省、州、县的各项重大决策部署,要时刻绷紧意识形态这根弦,掌握宣传思想文化工作的领导权和主动权,严格遵守宣传工作的纪律和规矩。为迎接党的十九大胜利召开营造良好的舆论氛围。凝聚更广泛共识、更强合音。
 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网