首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县开展“中华民族一家亲 同心共筑中国梦”为主题的民族团结进步户外宣传活动
杂多县政府网站:http://www.zaduo.gov.cn    来源:    创建时间:2017/9/18 15:40:09    
  ཟླ་༩བའི་ཚེས་༡༢ཉིན། རྫ་སྟོད་རྫོང་མི་རིགས་མཐུན་སྒྲིལ་ཡར་རྒྱས་འཛུགས་སྤེལ་གཞུང་དོན་ཁང་གིས་སྣེ་ཁྲིད་ནས་དྲིན་ཚོར་ཐང་ཆེན་༼རྒྱལ་གཅེས་རིང་ལུགས་སློབ་གསོ་རྟེན་གཞི༽དང་དབྱར་རྩྭ་དགུན་འབུའི་ཐང་ཆེན་༼མི་རིགས་མཐུན་སྒྲིལ་དཔེ་མཚོན་རྟེན་གཞི་༽གཉིས་ནས་ཀྲུང་ཧྭ་མི་ རིགས་ཁྱིམ་ཚང་གི་མདངས། བློ་སེམས་གཅིག་སྒྲིལ་ཀྲུང་གོའི་ཕུགས་འདུན་སྐྲུན།ཞེས་པར་བརྗོད་བྱའི་སྙིང་དོན་དུ་བྱས་པའི་མི་རིགས་ མཐུན་སྒྲིལ་ཡར་རྒྱས་ཕྱི་རོལ་དྲིལ་བསྒྲགས་བྱ་འགུལ་སྤེལ།བསྡོམས་པས་ལས་ཁུངས་༧༠ལྷག་ཞུགས་ཡོད་ཞིང་། རྫོང་ཨུ་ཧྲུའུ་ཅུའུ་ཚེ་ དོན་འགྲུབགཙོ་བྱས་པའི་རྫོང་རིམ་པའི་དབུཁྲིད་རྣམ་ཡུལ་དངོས་ལ་ཕེབས་ཤིང་ལས་དོན་ ལ་མཛུབ་སྟོན་གནང་བ་རེད།
  9月12日,由杂多县民族团结进步创建办牵头在感恩广场(爱国主义教育基地)、虫草广场(民族团结示范基地)开展以“中华民族一家亲 同心共筑中国梦”为主题的民族团结进步户外宣传活动。近70家机关单位、各行各业参与了活动。县委书记才旦周等在家的主要县级领导莅临活动现场观看指导户外宣传工作。
  ཐེངས་འདིའི་བྱ་འགུལ་དེ་༼གཉིས་སློབ་གཅིག་སྒྲུབ་༽སློབ་སྦྱོང་སློབ་གསོ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ཞིང་། ཤེས་ཅིན་ཕན་སྤྱི་ཁྱབ་ཧྲུའུ་ཅུའུ་ཡི་རབ་དང་རིམ་པའི་གསུང་བཤད་གལ་ཆེན་དང་རྒྱལ་སྐྱོང་སྲིད་སྒྲིག་གི་འདུ་ཤེས་གསར་པ། བསམ་བློ་གསར་པ། འཐབ་ཇུས་གསར་པ་དེ་དག་ཚད་གཞི་རུ་བྱ་ཞིང་། ༼མཉམ་དུ་གཉིས་༽ ༼བྲལ་ཐབས་མེད་པ་གསུམ༽ ༼སྲུང་སྐྱོང་ལྔ༽ ༼མོས་མཐུན་ལྔ༽བཅས་དམ་དུ་འཛིན་ཞིང་། རྫོང་ཡོངས་ཤང་གྲོང་རྡལ་ཁག་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་རང་གི་དངོས་གཞི་ལས་དོན་དང་འབྲེལ་ནས་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བསྐོར་གྱི་འགྲེམ་བྱང་སྤེལ་བ་དང་། ཞོར་དུ་འབྲེལ་ཡོད་ཀྱི་ཤེས་བྱ་དྲིལ་བསྒྲགས་ལག་དེབ་སྤྲོད་པ། མ་ཚད་དམིགས་ཚུགས་ཀྱི་ལས་བྱེད་མི་སྣ་བཀོད་སྒྲིག་བྱས་ནས་ཡུལ་དངོས་ནས་འབྲེལ་ཡོད་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། ཚེ་དོན་འགྲུབ་ཧྲུའུ་ཅུའུ་དང་མཉམ་སྐྱོད་ཀྱི་དབུ་ཁྲིད་རྣམས་ཀྱིས་དྲིལ་བསྒྲགས་ནང་དོན་ལ་གཟིགས་པ་དང་། འགྲེམ་བྱང་དཔྱད་ཞིབ་གནང་བ། མ་ཚད་ཐེངས་འདིའི་ཕྱི་རོལ་དྲིལ་བསྒྲགས་ལས་དོན་ལ་གདེང་འཇོག་མཐོ་པོ་གནང་བ་རེད། ཁོང་རྣམས་ཀྱིས་གསུང་པར། བྱ་འགུལ་གྱི་ནང་དོན་ཕུན་སུམ་ཚོགས་ཞིང་ཡུལ་དངོས་ཀྱི་རྣམ་པ་སྤྲོ་སེམས་འཁོལ་བ། རྒྱ་ཆེ་བའི་མང་ཚོགས་རྣམས་ཧུར་བརྩོན་གྱིས་ཞུགས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཚ་རླབས་འཕྱུར་བ། གོ་ཆོད་ལྡན་པའི་སྒོ་ནས་རྫ་སྟོད་རྫོང་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྤེལ་ལས་དོན་མཐོར་འདེགས་བྱུང་ཞིང་།  འཛུགས་སྤེལ་ལས་དོན་གྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ལ་ཤུགས་སྣོན་ཆེན་པོར་ཐོབ་ཡོད། ཤང་གྲོང་རྡལ་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོའི་ཕྱིན་ཆད་ཀྱི་ལས་དོན་ཁྲོད་ངེས་པར་དུ་ མི་རིགས་མཐུན་སྒྲིལ་ཡར་རྒྱས་སྔོན་ཐོན་ས་ཁུལ་འཛུགས་སྤེལ་དེར་རང་གི་དངོས་གཞི་ལས་དོན་དང་ལེགས་པོར་འབྲེལ་ཞིང་། མང་ཚོགས་གཙོ་གནད་ས་གནས་དུ་འབུར་ཐོན་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཚ་རླབས་རྒྱུན་བསྲེངས་བྱ་དགོས། 
  此次活动结合“两学一做”学习教育、培育践行社会主义核心价值观,以党的十八大精神为指导,以习近平总书记系列重要讲话和治国理政新理念新思想新战略为准则,牢牢把握“两个共同”“三个离不开”“五个维护”“五个认同”,全县各乡镇、各部门、各单位结合各自工作实际,收集素材,精心制作了民族团结宣传展板,同时发放了相关宣传手册、宣传物品等,并指派多名干部在指定场所开展集中宣传。才旦周书记一行逐个观看了各单位的宣传内容,点评了制作的宣传展板,并对户外宣传活动给予高度肯定。指出,活动内容丰富、现场气氛热烈、广大百姓参与积极,掀起了宣传民族团结进步的热潮,有效提升了杂多县广大群众百姓了解创建工作、参与创建工作的积极性和主动性。要求各乡镇、各部门、各单位在今后的工作中,要紧密结合部门单位工作实际,将创建民族团结进步先进区工作融入到具体工作中,突出群众主体地位,延续宣传民族团结进步热潮,进一步推进创建工作纵深开展。
  ཐེངས་འདིའི་དྲིལ་བསྒྲགས་སྐབས་བསྡོམས་པས་དྲིལ་བསྒྲགས་ལག་དེབ་༢༠༠༠༠ལྷག་དང་དྲིལ་བསྒྲགས་ཡོད་ཆས་༡༠༠༠༠ལྷག དྲིལ་བསྒྲགས་འགྲེམ་བྱང་༩༠ལྷག རས་བྱང་༢༠ལྷག་སྤེལ་ཡོད། བྱ་འགུལ་གྱིས་གོམ་གང་མདུན་སྤོས་ཀྱིས་མི་སེམས་འགུག་པ། སྒྲུབ་ཤུགས་སྐུལ་སྤེལ་བྱུང་ཞིང་།  ཕྱོགས་ཀུན་དང་རིམ་མང་རྒྱ་ཆེར་གྱིས་རང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཟླ་བའི་བྱ་འགུལ་ལ་སྐུལ་འདེད་ལེགས་པོར་ཐོབ་ཡོད། མཐུན་སྒྲིལ་འཆམ་མཐུན་གྱི་སྤྱི་ཚོགས་རྣམ་པ་ལེགས་པོར་ཚུགས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་རྒྱལ་ཁའི་ངང་ཚོགས་པར་སྔོན་བསུ་བྱ་བ། མི་རིགས་མཐུན་སྒྲིལ་ཡར་རྒྱས་བྱ་བཞག་དེ་རིམ་གཅིག་མཐོ་བའི་བསམ་བློའི་གཞི་རྩ་དང་ལས་དོན་གྱི་རྨང་གཞི། མང་ཚོགས་ཀྱི་རྨང་གཞི་བཅས་བརྟན་པོར་ ཚུགས་ཐུབ་ཡོད་པ་རེད།
  宣传期间,共发放宣传资料20000余份,宣传品10000余份、展出宣传展板90多条,悬挂横幅条幅20多条。活动进一步凝聚人心,鼓舞干劲,形成合力,为全方位、宽领域、多层次的推进我县九月民族团结进步宣传月活动,为努力打造全省民族团结进步先进县,为营造团结和谐的社会氛围迎接党的十九大胜利召开,为推进民族团结进步事业再上一个新的台阶奠定坚实的思想基础、工作基础和群众基础。
 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网