首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 本县新闻
杂多县召开全县重点目标责任中期考核通报会暨精准扶贫工作推进会
杂多县政府网站:http://www.zaduo.gov.cn    来源:    创建时间:2017/9/11 10:56:17    

  རྫ་སྟོད་རྫོང་གིས་ཚོགས་འདུ་ལྟེ་གནས་སུ་རྫོང་ཡོངས་ཀྱི་གཙོ་གནད་དམིགས་འབེན་ལས་འགན་གྱི་ཞིབ་བཤེར་བརྡ་སྤེལ་ཚོགས་འདུ་དང་གནད་འཁེལ་དབུལ་སྐྱོར་བྱ་བའི་སྐུལ་སྤེལ་ཚོགས་འདུ་བསྡུས།རྫོང་ཡོངས་ཀྱི་ཁོའོ་རིམ་པ་གཞོན་པ་ཡན་གྱི་ལས་བྱེད་མགོ་ཁྲིད་ཚོགས་འདུར་ཞུགས་པ་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཐེན་ཁུའུ་ཡིག་གིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད།
  2017年9月6日,杂多县在会议中心召开全县重点目标责任中期考核通报会暨精准扶贫工作推进会,全县93名副科级以上干部参加了会议,县委副书记田库有同志主持会议并讲话。
  ཚོགས་འདུའི་སྟེང་རྫོང་ཞིབ་བཤེར་གཞུང་སྒྲུབ་ཁང་དང་རྫོང་སྒྲིག་ཨུས་ནན་ཏན་གྱིས་རང་རྫོང་གི་ལས་ཁུངས་སོ་སོའི་ལོ་སྟོད་ཀྱི་ཏང་འཛུགས་བྱ་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ།གཙོ་གནད་དམིགས་འབེན་ལས་འགན་ཞིབ་བཤེར་བྱ་བའི་ཁྲོད་གནས་པའི་འབུར་ཐོན་གནད་དོན་ཞིབ་བརྗོད་བྱས་པ་དང་།ཞིབ་བཤེར་གྲུབ་འབྲས་མཇུག་མཐར་གནས་པའི་ལས་ཁུངས་དགུ་ཁྱབ་བསྒྲགས་བྱས་པ་མ་ཟད། སྔ་གཞུག་ཏུ་གཏམ་བཤད་གནང་ནས་བསམ་ཞིབ་ཏན་ཏིག་དང་ལོ་སྟོད་ཀྱི་རྗེས་ལུས་གནད་དོན་འབྱུང་རྩར་ངོས་ཟིན་ཟབ་མོ་བླངས་པ་དང་།
  会上,县考核办、县纪委认真梳理了我县上半年各单位在党建工作、党风廉政建设工作及重点目标责任考核工作中存在的突出问题,通报了三项考核末三位的9家单位,并依次上台作表态发言,认真反思,深挖上半年工作落后的根源,并针对性地制定整改措施,鼓足干劲,赶进度,全力以赴抓好当前及今后一阶段时期的各项工作,确保全年目标任务圆满完成。
  དམིགས་གཏད་རང་བཞིན་ལྡན་པའི་སྒོ་ནས་བཅོས་སྒྱུར་བྱེད་ཐབས་གཏན་ལ་ཕབ་པ་དང་།བྱ་བའི་རྣམ་འགྱུར་ལ་ལེགས་པར་སྐུལ་ནས་ནུས་ཤུགས་ཡོད་དགུས་དུས་རིམ་རྗེས་མའི་བྱ་བ་སོ་སོ་དམ་འཛིན་བྱས་ཏེ་ལོ་ཧྲིལ་བོའི་དམིགས་ལས་འགན་ལེགས་པར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱས།
ཚོགས་འདུས་གནད་འཁེལ་དབུལ་སྐྱོར། ཡུལ་གཞན་གནས་སྤོར། སློབ་གསོ་དབུལ་སྐྱོར། འཕྲོད་སྟེན་དབུལ་སྐྱོར།དངུལ་རྩའི་དབུལ་སྐྱོར། ནུས་རྩལ་དབུལ་སྐྱོར། གཉིས་སྐྱོར་བྱ་བ། ཧྲུའུ་ཅི་དང་པོའི་བྱ་བ་དང་སྡེ་འགན་མཉམ་འབྲེལ་ཧྲེ་ཡི་བྱ་བའི་འཕེལ་རིམ་གནས་ཚུལ་ལ་ཉན།ཚོགས་ཞུགས་མི་སྣ་ཡོངས་ཀྱིས་གནད་འཁེལ་དབུལ་སྐྱོར་བྱ་བར་དཔྱད་འཇོག་བྱས།
  会议听取了精准扶贫、易地搬迁、教育扶贫、卫生扶贫、金融扶贫、技能培训、“双帮”工作、第一书记工作及包村联社工作进展情况。所有与会人员对精准扶贫工作进行了满意度测评。
   ཚོགས་འདུས་བླང་བྱ་བཏོན་དོན། གཅིག ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་ལེགས་འགྲུབ་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས།དུས་གཏན་སྤྱི་སྡོམ་དང་དབྱེ་ཞིབ། དུས་ཐོག་ཉེན་ཟོན་གསལ་འདེབས་རྒྱུན་འཁྱོངས་བྱ་དགོས། གནད་དོན་གྱི་གླེང་ཕྱོགས་དང་ལྟ་སྐུལ་ཞིབ་བཤེར་ཇེ་དྲག འགན་འཁྲི་རྩད་གཅོད་ནན་ཏན་དང་དུས་ཚོད་དམ་འཛིན། འཕེལ་རིམ་ཇེ་མགྱོགས།དཀའ་གནད་འགག་སྒྲོལ་གྱིས་ལོ་ཧྲིིལ་བོའི་དམིགས་འབེན་ལས་འགན་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས།
  会议要求,一是要坚定完成年度目标考核任务的信心和决心。坚持定期汇总分析,及时进行预警提醒,强化问题导向,强化督查督办,严格责任追究,抢抓时间,加快进度,攻坚克难,夺取年度目标责任考核的全面胜利。
  གཉིས། མུ་མཐུད་དུ་ཤུགས་བཏོན་ནས་དབུལ་སྐྱོར་འགག་སྒྲོལ་ལ་རྒྱལ་ཁ་ལེན་དགོས།རྫོང་ཡོངས་ཀྱི་གོང་འོག་བར་གསུམ་གྱིས་རྣམ་པ་ཀུན་ཏུ་ངེས་པར་དུ་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར་བྱ་བའི་ཐོག་མ་རུ་འཇོག་པ་དང་།ཏན་ཏིག་གིས་འགན་འཁྲི་དངོས་འབེབས་དང་རིམ་པ་བཞིན་འགན་འཁྲི་ལག་བསྟར་བྱས་ནས་ཁྱོན་ཡོངས་ནས་གནད་འགག་ཁྱད་སེལ་གྱིས་དབུལ་སྐྱོར་དབུལ་ཐར་ལ་རྒྱལ་ཁ་ལེན་དགོས།རྫོང་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དཔེ་སྟོན་དང་བྱ་བར་ཧུར་བརྩོན་བྱེད་དགོས་ལ། སྣེ་ཁྲིད་ནས་གཞི་རིམ་དུ་བསྐྱོད་པ་དང་རང་ཉིད་ནས་གནད་དོན་རྟོག་ཞིབ་བྱེད་པ།གཙོ་གནད་ལས་འགན་སོ་སའིོ་དངོས་འབེབས་ལ་ལྟ་སྐུལ་བྱས་ཏེ་འབྲེལ་གནས་སྡེ་བ་དབུལ་ཐར་འགག་སྒྲོལ་གྱི་དཔེ་སྟོན་དུ་བསྒྱུར་བར་བརྩོན་དགོས།འབྲེལ་ཡོད་སྡེ་ཁག་གིས་ལས་འགན་གྱི་བླང་བྱ་ལྟར་ནུས་ཤུགས་ཡོད་དགུས་དངོས་འབེབས་དང་རང་རྟོགས་སྒོས་མཐུན་སྦྱོར་བྱེད་དགོས་པ་དང་།སྤྱི་ཡོངས་ཀྱི་བྱ་བའི་འཕེལ་རིམ་ཁོང་དུ་ཆུད་ནས་ལས་འགན་སོ་སོ་ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་ལ་སྐུལ་སྤེལ་བྱེད་དགོས།
  二是要持续发力坚决打赢脱贫攻坚战。全县上下必须始终坚持把精准扶贫、精准脱贫作为首要任务,严格落实责任、层层压实责任,实行全面攻坚,做到决战决胜。县级领导要率先示范、主动作为,带头深入基层,亲自协调问题,督促落实各项重点任务,力争把各自联点村打造成脱贫攻坚示范点。相关部门要严格按照任务要求,全力落实,积极主动衔接,把握整体进度,推动各项任务全面落实到位。
   གསུམ། དབུལ་ཐར་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས།གནས་ཚུལ་གྱི་མཐིལ་རྟོགས་པ་དང་དབུལ་ཕོངས་ཀྱི་རིགས་བགར་བ། གཅིག་གྱུར་མཐུན་སྦྱོར་དང་རིགས་བགར་ཇུས་བསྟར་གྱི་བྱེད་ཕྱོགས་ལྟར་ཏན་ཏིག་གིས་སྤྱི་ཚོགས་འགན་སྲུང་གི་དབུལ་སྐྱོར་བཟོ་སྐྲུན་ལེགས་པར་དངོས་འབེབས་བྱེད་དགོས།མུ་མཐུད་དུ་སློབ་གསོ་དབུལ་སྐྱོར་དང་བདེ་ཐང་དབུལ་སྐྱོར། དངུལ་རྩའི་དབུལ་སྐྱོར། ངལ་རྩོལ་ནུས་ཤུགས་གསོ་སྦྱོང་།ཧྲུའུ་ཅི་དང་པོ་དང་གཉིས་སྐྱོར་བྱ་བ་ལེགས་པར་དངོས་འབེབས་བྱེད་དགོས་མ་ཟད། འགྲིམ་འགྲུལ་དང་འཐུང་ཆུ།སྡོད་ཁང་། བརྡ་འཕྲིན། གློག་ཤུགས། སྤྱི་བའི་ཞབས་ཕྱི་སོགས་ཀྱི་རྨང་གཞི་སྒྲིག་བཀོད་འཛུགས་སྐྲུན་དམ་འཛིན་བྱས་ཏེ་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་བསྒྱུར་དགོས།
  三是要打牢脱贫基础。要按照“摸清底数、区分类型、统筹协调、分类施策”的思路,严格落实好社会保障扶贫工程。要继续落实好教育扶贫、健康扶贫、金融扶贫、劳动技能培训、第一书记及“双帮”工作,同时,要抓好交通、饮水、住房、通讯、电力、公共服务等方面基础设施建设,不断改善群众生产生活条件。
  བཞི། ཐོན་ལས་སྐུལ་སྤེལ་ལ་ཤུགས་སྣོན་དགོས། མ་དངུལ་དབུལ་ཕོངས་ཁྱིམ་ཚང་ལ་ཕྱོགས་པ་དང་།དབུལ་ཕོངས་མང་ཚོགས་ཕྱུག་བསྒྱུར་འཇོན་མིར་ཕྱོགས་པ། འཇོན་མིས་ཐོན་ལས་ལས་གཞིར་བརྩོན་པ།ཐོན་ལས་ལས་གཞི་ཁྲོམ་རར་ཕྱོགས་པའི་བསམ་ཕྱོགས་ལྟར། འཇོན་མིར་རོགས་སྐྱོར་གནང་ནས་འབྲོལ་མིའི་ཆེད་ལས་མཉམ་ལས་ཁང་འཛུགས་པ་དང་།མང་ཚོགས་ལ་ཡོང་སྒོ་བསྐྲུན་པའི་ཐོན་ལས་ཀྱི་ལམ་བུ་བཏོད་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྐྲུན་པ་དང་དབུལ་ཕོངས་མང་ཚོགས་བདེ་བླག་ངང་དབུལ་ཐར་བྱེད་དགོས།ཤེས་རིག་དབུལ་སྐྱོར་ནི་དབུལ་ཐར་ཕྱུག་བསྒྱུར་གྱི་རྩ་བཅོས་ཐབས་ལམ་དུ་བཟུང་ནས་ལས་གཞི་ཁ་གསབ་བ་དང་ཕྱོགས་གཏན་ཟབ་སྦྱོང་གི་བྱེད་ཐབས་སྤྱད་དེ་ཤུགས་ཆེན་པོས་ལས་ཞུགས་ནུས་རྩལ་ཟབ་སྦྱོང་དངོས་འབེབས་བྱེད་པ་དང་།དབུལ་ཕོངས་མང་ཚོགས་ཀྱིས་ཆ་སྙོམས་སྒོས་ནུས་རྩལ་རེ་ཁོང་དུ་ཆུད་པ་དང་རྩ་བའི་སྟེང་ནས་དབུལ་ཐར་བྱེད་དགོས།
  四是突出产业扶持带动。按照“资金跟着贫困户走、贫困群众跟着致富能人走、能人跟着产业项目走、产业项目跟着市场走”的思路,扶持能人大户成立牧民专业合作社,走“造血型”的产业帮扶路子,形成特色产业发展布局,带动贫困户有序脱贫。要把智力扶贫作为脱贫致富的治本之策,运用项目补助、订单定向培训等举措,大力实施转移就业技能培训工程,使贫困户户均掌握一门致富技能,从根本上摆脱贫困。
  ལྔ། ཞིབ་བཤེར་ལྟ་སྐུལ་ཏན་ཏིག་བྱེད་དགོས། ཆེས་གཟབ་ནན་གྱི་ཞིབ་བཤེར་འགན་འདྲི་བྱེད་ཐབས་སྤྱོད་པ་དང་།གནད་འཁེལ་དབུལ་སྐྱོར་བྱ་བའི་ལྟ་སྐུལ་ཞིབ་བཤེར་གྱི་འབྲས་བུ་བེད་སྤྱོད་ལ་ཤུགས་སྣོན་དགོས།ཞིབ་བཤེར་གྱི་འབྲས་བུ་དང་ལས་ཀའི་ཞིབ་བཤེར། སྔོན་ཐོན་དང་ཕུལ་བྱུང་དཔྱད་འདེམས། ལས་བྱེད་བསྐོ་འཇོག་ཕན་ཚུན་སྦྲེལ་ཏེ་གྲུབ་འབྲས་གཟེངས་ཐོན་གྱི་ཤང་དང་གྲོང་རྡལ།རྫོང་ཐད་གཏོགས་ལས་ཁུངས། དབུལ་སྐྱོར་བྱ་བའི་ཚན་ཆུང་། སྡེ་བ་དང་མི་སྒེར་ལ་གཟེངས་བསྟོད་བྱེད་དགོས་པ་དང་།དབུལ་སྐྱོར་ལས་འགན་དངོས་འབེབས་ལ་ཤུགས་མི་འདང་བ་དང་དབུལ་སྐྱོར་ལ་ཕན་ནུས་མ་ཐོན་པར་འགན་འཁྲི་རྩད་གཅོད་བྱེད་དགོས་པ་བསྟན།

  五是严格考核督查。实行最严格的考核问责办法,加强对精准扶贫工作督查考核结果的运用,把考核结果与绩效考核、评先评优、干部任用“三挂钩”,对工作实绩突出的乡镇、县直单位、扶贫工作组、村社和个人进行表彰奖励,对扶贫责任落实不力、扶贫效果不明显的,从严追究责任。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网