首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 图片新闻
陈永祥副州长一行调研习近平总书记重要讲话和重大指示精神落实情况
来源:    时间:2018年12月24日    

ཟླ་བཅུ་གཉིས་པའི་ཚེས་ཉེར་གཅིག་ཉིན།   ཡུལ་ཤུལ་ཁུལ་ཏང་ཨུའི་རྒྱུན་ཨུ་རྒྱུན་ལས་ཁུལ་གཙོ་གཞོན་པ་ཁྲིན་ཡུང་ཞང་འཁོར་དང་བཅས་པ་རྫ་སྟོད་རྫོང་དུ་ཡོང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་།   རྫ་སྟོད་རྫོང་གི་རྫོང་གཙོ་སའོ་ཧི་དང་རྒྱུན་ལས་རྫོང་གཙོ་གཞོན་པ་ཁང་ཅིན།  རྫོང་གཙོ་གཞོན་པ་སྐར་མ་བསམ་འགྲུབས། རྫོང་གཙོ་གཞོན་པ་མགོན་ཟླ་བ་སོགས་རྫོང་གི་མགོ་ཁྲིད་རྣམས་ཀྱི་འགྲོ་རོགས་འོག་རྫ་སྟོད་རྫོང་ཆ་ཚང་སློབ་ཆུང་གཉིས་པ་དང་གད་སྙིགས་སྦེད་སྙོམས་ར་བར་སོང་སྟེ་ཡུལ་དངོས་ནས་བྱ་བར་རྟོག་ཞིབ་བྱས། 

       12月21日,州委常委、常务副州长陈永祥一行来杂多调研习近平总书记重要讲话和重大指示精神落实情况,在县长索河、常务副县长康军、副县长尕玛桑周、副县长公达哇等县领导的陪同下赴杂多县第二完全小学、垃圾填埋场进行现场调研。




ཉིན་དེའི་ཕྱི་དྲོར། རྫོང་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཁང་དུ་སྙན་ཞུ་ཕུལ་བའི་ཚོགས་འདུ་བསྡུས་ཤིང་རྒྱུན་ལས་རྫོང་གཙོ་གཞོན་པ་ཁང་ཅིན་གྱིས་སྤྱི་ཚོགས་འགན་སྲུང་དང་སྨན་བཅོས་འཕྲོད་བསྟེན། མཁར་གྲོང་འཕེལ་རྒྱས།  དབུལ་ཐར་མཁྲེགས་གཏོར། གནས་སྤོར་དབུལ་སྐྱོར། ཐོན་ལས་འཕེལ་རྒྱས་དང་སློབ་གསོའི་སློབ་ཁྲིད། བྱོལ་འགོག་སློབ་སྐྱོང་དང་སློབ་གསོའི་དོ་དམ། དགེ་རྒན་གྱི་དཔུང་སྡེ་དང་ས་གཤིས་གནད་དོན་སོགས་ཀྱི་ཐད་ནས་བྱེ་བྲག་གི་སྙན་ཞུ་ཕུལ།   རྫོང་གཙོ་སའོ་ཧི་ཡིས་རྫ་སྟོད་རྫོང་གི་ལས་བྱེད་སྒྲིག་གཞི་དང་མང་ཚོགས་ཀྱི་བསམ་བློ་འདུ་ཤེས། ཕྱུགས་ལས་ཐོན་ལས་དང་ལས་ཞུགས་ཐབས་ལམ།  ས་གནས་རང་བཞིན་གྱི་འགོས་ནད་དང་སྤྱི་ཚོགས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་། ནོར་སྲིད་མ་དངུལ་དང་དབྱར་རྩྭའི་བརྐོ་འདོན་དོ་དམ་བྱ་བ། ནག་སེལ་ངན་འཇོམས། སྐྱེ་ཁམས་ཁོར་ཡུག་གི་སྲུང་སྐྱོབ་བྱ་བ་དང་དབུལ་ཐར་མཁྲེགས་གཏོར། རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་སྒྲིག་ལུགས། འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་གཏོང་བ་སོགས་ཐད་ནས་འབུར་དུ་ཐོན་པའི་དཀའ་ཁག་སྐོར་ལ་སྔར་ལས་དག་ཐེར་བྱས་པ་དང་། རྫོང་སློབ་གསོ་ཅུའུ་དང་སྡོད་ཁང་འཛུགས་སྐྲུན་ཅུའུ། བདེ་འཇགས་ལྟ་ཞིབ་ཅུའུ་སོགས་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་མགོ་ཁྲིད་བར་བསམ་བློ་བརྗེ་རེས་བྱས། 

       下午,在县政府常务会议室召开汇报会,常务副县长康军从社会保障、医疗卫生、城乡发展、脱贫攻坚、易地搬迁、产业发展、教育教学、控辍保学、教育管理、师资队伍、地勘问题及存在的问题做了详细的汇报,县长索河就我县干部编制、群众思想观念、畜牧业产业、就业渠道、地方性传染病、社会综合治理、财政资金、虫草采集管理、扫黑除恶、生态环境保护、脱贫攻坚、国家公园体制试点、义教均衡发展等方面存在的困难做了进一步梳理,县教育局、住建局、安监局等主要同志与州直机关领导做了交流座谈。





ཁུལ་གཙོ་གཞོན་པ་ཁྲིན་ཡུང་ཞང་གིས་རྫ་སྟོད་རྫོང་གི་བྱ་བའི་གྲུབ་འབྲས་དང་མགོ་ཁྲིད་ཚོགས་པ། ལས་བྱེད་དང་མང་ཚོགས་བར་གྱི་འབྲེལ་བར་གདེངས་འཇོག་ཚད་མཐོན་པོ་གནང་བ་མ་ཟད་གཏམ་བཤད་གལ་ཆེན་གནང་། གཅིག་ནི་བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྫ་སྟོད་ལ་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན།  གཟབ་ནན་བཞི་ཡི་བླང་བྱ་གལ་ཆེན་ལ་སློབ་སྦྱོང་ལེགས་པོ་བྱས་ཏེ་སློབ་པ་ནས་སྒྲུབ་པ་དང་ཞིབ་བཤེར་ནས་ཁ་གསབ་བྱེད་པའི་ཕྱོགས་བཞི་ནས་ཁྱོན་ཡོངས་ནས་འགུལ་བསྐྱོད་དངོས་ཀྱི་ཁྲོད་ལག་ལེན་དུ་བསྟར་དགོས། གཉིས་ནི་ཡིད་ཆེས་བརྟན་པོས་རིག་ལམ་ལེགས་བསྒྱུར་དང་བྱ་བ་མུ་མཐུད་དུ་སྐས་རིམ་གསར་བར་སྐུལ་འདེད་བཏང་ནས། དུས་དང་རྣམ་པ་ཀུན་ཏུ་ཏང་འཛུགས་བྱ་བ་དང་བརྗོད་གཞིར་གྱུར་བའི་འཕེལ་རྒྱས། དེ་མིན་དམངས་ཚིས་ལེགས་བཅོས་ཀྱི་གནད་འགག་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྨང་གཞི། གཙོ་ཐིག་ཏུ་གྱུར་བའི་མི་རིགས་མཐུན་སྒྲིལ་བཅས་ཀྱི་བྱ་བ་དམ་འཛིན་བྱས་ཏེ་རྫ་སྟོད་ཀྱི་རྣམ་པ་སྔར་ལས་ལྷག་པའི་སྒོ་ནས་མཐོར་འདེགས་སུ་གཏོང་དགོས། གསུམ་ནི་ནན་ནན་ཏིག་ཏིག་གིས་ཞིང་ཆེན་རིམ་པས་བྱ་བར་ཞིབ་དཔྱད་ཚད་ལེན་བྱེད་པར་བསུ་མ་བྱས་ཏེ།  ཡང་བསྐྱར་ཞིབ་བསྡུར་དང་ཞན་ཆ་ཁ་གསེབ་བྱེད་པ།  འཕེལ་རིམ་བརྩོན་ལེན་དང་སྔ་མོ་ནས་དག་ཐེར་ལེགས་སྒྲིག་བཏང་ནས་ཕྱོགས་ཡོངས་ནས་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཚད་ལེན་གྱི་ལས་འགན་ཡོངས་འགྲུབས་བྱེད་པར་ཁག་ཐེག་བྱེད་དགོས། བཞི་ནི་ནན་ནན་ཏིག་ཏིག་གིས་ལོ་རྗེས་མའི་གཙོ་གནད་བྱ་བར་འཆར་གཞི་བཟོས་ཏེ། སྔ་མོ་ནས་འཆར་འགོད་བཟོ་བ་དང་སྔ་མོ་ནས་རིམ་པ་བགར་བ། སྔ་མོ་ནས་མཐུན་སྦྱོར་དང་གྲ་སྒྲིག་བཅས་བྱེད་ཐུབ་དགོས་པ་མ་ཟད། སློབ་གསོའི་སློབ་ཁྲིད་དང་བདེ་འཇགས་ཐོན་བསྐྱེད་བྱ་བའི་ཐད་ལ་སྔར་ལས་ལྷག་པའི་སྒོ་ནས་བཀོད་སྒྲིག་ཡོད་དགོས་པར་བསྟན། 

      陈永祥副州长对我县的工作成绩、领导班子、干群关系给予了高度的评价,并提出要求:一是坚定不移的学习习近平总书记对杂多的重要批示、党中央国务院的重大决策部署、四个扎扎实实的重大要求,从学、干、查、补四个方面全面贯彻落实到行动上。二是坚定信心、优化思路、推进工作不断上台阶,从牢牢抓住党建这个核心、发展这个主题、民生改善这个关键、生态保护这个基础、民族团结这个主线,进一步提升杂多形象。三是扎扎实实迎接省级考核工作,要再对照、补短板、赶进度、早整改,确保全面完成省级考核任务。四是扎扎实实谋划下一年的重点工作,做到早谋划、早列项、早对接、早筹备。并对教育教学、安全生产工作做了进一步的安排。




 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网