首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 图片新闻
杂多县完成2018年脱贫攻坚省级考核验收工作
来源:    时间:2018年12月23日    

 ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ནས་ཉེར་གཅིག་ཉིན་བར།  མཚོ་སྔོན་ཞིང་ཆེན་དབུལ་ཐར་མཁྲེགས་གཏོར་དཔྱད་ཞིབ་ཚད་ལེན་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་སློབ་གསོའི་ལས་གཞི་ལྟེ་གནས་ཀྱི་ཀྲུའུ་རིན་ཝང་ཧན་མིན་གྱི་སྣེ་ཁྲིད་དང་།  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་སྐལ་བཟང་དང་ཁུལ་དབུལ་སྐྱོར་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི་བློ་མཐུན་ཟླ་བའི་འགྲོ་རོགས་འོག་རྫ་སྟོད་རྫོང་གི་ཉིས་སྟོང་བཅོ་བརྒྱད་ལོའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་གནས་ཚུལ་ཐད་ལ་དཔྱད་ཞིབ་ཚད་ལེན་བྱས།

12月18日至21日,省脱贫攻坚考核验收组在省教育厅教育项目中心主任王汉民的带领下,在州政协主席尕桑同志、州扶贫局党组书记达哇同志的陪同下莅临我县对2018年脱贫攻坚工作进行了考核验收。





ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར།  བྱ་བའི་ཚན་ཆུང་རྫ་སྟོད་རྫོང་ལ་ཐོན་རྗེས་དབྱང་རླུང་དཀོན་ཞིང་གྲང་ངར་ཆེ་བའི་དཀའ་ཁག་ལའང་མ་འཛེམ་པར་རྫ་སྟོད་རྫོང་གིས་ཞིང་ཆེན་རིམ་པས་དབུལ་ཐར་མཁྲེགས་གཏོར་བྱ་བར་དཔྱད་ཞིབ་ཚད་ལེན་བྱེད་པར་སྔོན་བསུ་བྱེད་པའི་ཚོགས་ཆེན་ལ་ཞུགས་པ་དང་།   ཚོགས་ཐོག་ཏུ་རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་གྲུབ་ཀྱིས་ཚན་གཙོ་ཝང་ཧན་མིན་དང་བཅས་པ་རྫ་སྟོད་རྫོང་དུ་དཔྱད་ཞིབ་ཚད་ལེན་ལ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས། ཚན་གཙོ་ཝང་ཧན་མིན་གྱིས་ཐེངས་འདིའི་དཔྱད་ཞིབ་ཚད་ལེན་བྱ་བའི་ཐད་ནས་རྫ་སྟོད་རྫོང་ལ་བྱེ་བྲག་གི་བླང་བྱ་སྣ་གསུམ་བཏོན་པ་དང་།  རྗེས་སུ་དཔྱད་ཞིབ་ཚད་ལེན་ཚན་ཆུང་གིས་རྫ་སྟོད་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་དངོས་པར་གློག་བརྙན་ལ་བལྟས།  ཚོགས་འདུའི་མཇུག་མཐར་རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་སའོ་ཧི་ཡིས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་ནས་སེམས་ཁུར་བྱེད་མི་དགོས་པ་གཉིས་ནས་འགན་སྲུང་གསུམ་འགན་སྲུང་བྱེད་པ། བླངས་པའི་ཕན་འབྲས་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་བྱེད་ཐབས། རྗེས་ཕྱོགས་ཀྱི་བྱ་བའི་འཆར་འགོད་སོགས་ཀྱི་ཐད་ནས་ཉིས་སྟོང་བཅོ་བརྒྱད་ལོའི་རྫ་སྟོད་རྫོང་གི་དབུལ་ཐར་མཁྲེགས་གཏོར་བྱ་བའི་སྙན་ཞུ་ཕུལ།

18日下午,工作组抵达我县后,不顾高原缺氧、寒冷带来的反应就立即参加了“杂多县迎接省级脱贫攻坚考核大会”,会上县委书记才旦周对王汉民组长一行莅临我县考核表示了热烈欢迎,王汉民组长就此次考核验收工作对我县提出了三项具体要求,之后考核组观看了我县脱贫攻坚纪录片,会议最后县委副书记、县长索河从提高政治站位、实现“两不愁三保障”、取得的成效、脱贫攻坚措施和下一步打算等方面汇报了2018年杂多县脱贫攻坚工作。




ཚེས་བཅུ་དགུ་ནས་ཉི་ཤུའི་བར་དཔྱད་ཞིབ་ཚད་ལེན་ཚོགས་ཆུང་གིས་ཚན་ཁག་དང་རིགས་བགར་བའི་རྣམ་པ་སྤྱད་སྟེ་རྫ་སྟོད་རྫོང་གི་ཡིག་ཚགས་ཟིན་ཐོ་དང་། སྡེ་བ་དང་ཁྱིམ་ཚང་གི་ཡིག་ཚགས།  དབུལ་ཐར་ཁྱིམ་ཚང་གི་དངོས་ཡོད་གནས་ཚུལ་དང་དབུལ་ཕོང་སྡེ་བ་དབུལ་བོ་ལས་ཐར་བའི་ཚད་གཞི།   རྫོང་ཏང་ཨུ་དང་སྲིད་གཞུང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བའི་གཙོ་འགན་ལག་བསྟར་བྱས་པའི་གནས་ཚུལ་སོགས་ལ་ཡུལ་དངོས་ནས་དཔྱད་ཞིབ་ཚད་ལེན་བྱས།  ཚེས་ཉེར་གཅིག་ཉིན་གྱི་སྔ་དྲོར།  ཞིང་ཆེན་རིམ་པའི་དཔྱད་ཞིབ་ཚད་ལེན་ཚན་ཆུང་གིས་རྫ་སྟོད་རྫོང་གི་ཉིས་སྟོང་བཅོ་བརྒྱད་ལོའི་དབུལ་ཐར་མཁྲེགས་གཏོར་བྱ་བའི་དཔྱད་ཞིབ་ཚད་ལེན་གནས་ཚུལ་སྐོར་ནས་གནས་ཚུལ་ཕྱིར་ལྡོག་བྱས་པ་དང་། དེས་རྫ་སྟོད་རྫོང་གིས་ཞིང་ཆེན་རིམ་པའི་དཔྱད་ཞིབ་ཚད་ལེན་བྱ་བ་བདེ་བླག་ངང་ཡོངས་སུ་གྲུབ་པ་མཚོན་ཡོད།

19日-20日考核组按照分组分类的形式对我县的档案资料、村档户档、脱贫户实际情况及贫困村退出标准和县委、县政府履行脱贫攻坚主体责任落实等情况进行了实地考核验收。21日上午,省级考核组对我县2018年脱贫攻坚工作考核情况进行了反馈,标志着我县顺利完成了省级考核验收工作。





དཔྱད་ཞིབ་གོ་རིམ་ཁྲོད་དཔྱད་ཞིབ་ཚད་ལེན་ཚན་ཆུང་ཚན་ཁག་བཞི་རུ་བགོས་པ་མ་ཟད་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་སའོ་ཧི་དང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སྐར་མ་བསམ་འགྲུབས། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧིག་ཅོད་ཡ། དེ་མིན་ད་རུང་ད་ལོའི་དབུལ་ཐར་ལས་འགན་སྡེ་བའི་ཧྲུའུ་ཅི་དང་པོ་དང་དབུལ་སྐྱོར་ཅུའུ་ཡི་ལས་བྱེད། སྡེ་བའི་ལས་བྱེད་དང་སྡེ་སྡོད་བྱ་བའི་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱི་འགྲོ་རོགས་འོག་ཁྱིམ་ནང་དུ་བསྐྱོད་ནས་གནས་ཚུལ་རྩད་གཅོད་དང་ཡུལ་དངོས་ལྟ་ཞིབ་བྱས་ལ།  གནས་སྤོར་དབུལ་སྐྱོར་ལས་གཞིར་ཚུད་པའི་ཁྱིམ་ཚང་གི་གནས་ཚུལ་སེམས་ཁུར་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ་གྱི་ཚད་གཞིར་སླེབས་ཡོད་མེད་དང་། དབུལ་ཕོང་མི་གྲངས་ཀྱི་རྩིས་ལེན་དབྱེ་འབྱེད་བྱ་བ་ཡང་དག་ཡིན་མིན། དབུལ་སྐྱོར་ལས་གཞིའི་ལག་བསྟར་གནས་ཚུལ།  ཡོང་སྒོ་འཕར་བསྣོན་དང་མ་དངུལ་བཀོལ་སྤྱོད་དོ་དམ་བྱ་བ་སོགས་ཀྱི་སྐོར་ལ་འབྲེལ་ཏེ།   ཆུ་གློག་ལམ་གསུམ་དང་སྡོད་ཁང་།  བརྡ་སྐྱེལ་སོགས་རྨང་གཞིའི་སྒྲིག་ཆས་སྐོར་གྱི་འཛུགས་སྐྲུན། སྤྱི་བའི་ཞབས་ཕྱི་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་སོགས་ཀྱི་སྐོར་ནས་ཞིབ་བཤེར་ཚད་ལེན་བྱས

考核过程中考核组分为四小组,并在县委副书记、县长索河,县政府副县长尕玛桑周、县政协副主席贺娇雅及今年脱贫及减贫任务村第一书记、扶贫局干部、村干部、驻村工作站站长的陪同下进行了入户调查和实地查看,围绕易地搬迁户是否达到“两不愁,三保障”,贫困人口精准识别(漏评、错评、错退)、扶贫政策落实(产业增收、饮水安全、教育、培训、社保、医疗救助、住房、低保)、扶贫项目实施、增收及资金使用管理,路、水、电、房、通讯等基础设施建设,公共服务和基层组织建设等进行了检查验收。






རྫ་སྟོད་རྫོང་གིས་ཐེངས་འདིའི་དཔྱད་ཞིབ་བྱ་བ་གོ་སྐབས་སུ་བཟུང་ནས་ལས་འགན་ཁག་ཁུར་སྔར་ལས་ཤུགས་ཇེ་དྲག་ཏུ་བཏང་སྟེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་དགོངས་དོན་ལ་སློབ་སྦྱོང་ཞིབ་མོ་བྱས་ཏེ། ཉིས་སྟོང་བཅོ་བརྒྱད་ལོར་ཡང་བསྐྱར་རྒྱལ་ཁ་ལོན་པ་དང་ཉིས་སྟོང་བཅུ་དགུ་ལོར་དབུལ་བོ་ལས་ཐར་དགོས་པའི་སྤྱིའི་བཀོད་སྒྲིག་དང་འབྲེལ་ནས་དམིགས་འབེན་གཅིག་བསྡུས་ཀྱིས་སྐུལ་འདེད་དམ་འཛིན་དང་བྱ་བའི་ཁག་ཁུར་ལ་ཤུགས་བསྣན་ནས་དངོས་འབེབས་དམ་འཛིན་བྱེད་པ།  འགུལ་བསྐྱོད་དངོས་ལ་བརྟེན་ནས་དབུལ་སྐྱོར་བྱེད་ཐབས་སྣ་སོ་སོ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་ཀྱིས་རྫ་སྟོད་རྫོང་གི་དབུལ་སྐྱོར་བྱ་བར་རྣམ་པ་གསར་བ་གསར་སྐྲུན་བྱས་ཏེ། ཉིས་སྟོང་བཅུ་དགུ་ལོར་རྫ་སྟོད་རྫོང་ཁྱོན་ཡོངས་ནས་དབུལ་བོ་ལས་ཐར་དགོས་པའི་ལས་འགན་མངོན་འགྱུར་བྱེད་པར་ཁག་ཐེག་བྱེད་དགོས།

我县将以本次考核为契机,进一步强化责任担当,将认真学习贯彻十九大精神,围绕“2018年再战再胜、2019年脱贫摘帽”的总体部署,聚焦目标抓推进,强化担当抓落实,以实际行动丰富各项扶贫措施,以出色成绩开创杂多扶贫工作新局面,确保我县2019年全面实现脱贫摘帽任务。



 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网