首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 图片新闻
瑞士·中国世界丝路促进会助力玉树杂多 启航“一带一路”新征程
来源:    时间:2018年11月22日    

ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན།  སུའེ་ཙེར་དང་ཀྲུང་གོའི་འཛམ་གླིང་དར་གོས་ཚོང་ལམ་སྐུལ་འདེད་ཚོགས་པ་བཙུགས་པའི་ཁྱབ་བསྒྲགས་མཛད་སྒོ་ཀྲུང་གོར་སྡོད་པའི་སུའེ་ཙེར་གཞུང་ཚབ་ཁང་དུ་སྤེལ་བ་དང་། སྐུལ་འདེད་ཚོགས་པའི་མཉམ་ཞུགས་ཀྲུའུ་ཞི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འབུམ་རམས་པ་ལིས་ཧྲན་དང་། སྐུལ་འདེད་ཚོགས་པའི་ཀྲུའུ་ཞི་སུའེ་ཙེར་མནའ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་མི་འབུམ་རམས་པ་ཁུག་ལོད་ཏིག་པེ་ཀུག་ལིས། ཀྲུང་གོར་སྡོད་པའི་སུའེ་ཙེར་གཞུང་ཚབ་པ་སྐུ་ཞབས་ཏེད་ཧྲང་ཞན།  ཀྲུང་གུང་ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་མཐུན་པུའུ་ཡི་པུའུ་ཀྲང་གཞོན་པ་ཟུར་པ་སྐུ་ཞབས་ཡུས་ཧུང་ཅིན། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་རྒྱལ་སྤྱིའི་མཉམ་ལས་ལྟེ་གནས་ཀྱི་སྐུ་ཞབས་ཀའོ་ཅན་མིན། ཀྲུང་གོ་མི་དམངས་ཕྱི་ཕྱོགས་མཛའ་འབྲེལ་མཐུན་ཚོགས་ཀྱི་འཐུས་ཚབ་དང་། དེ་མིན་ཀྲུང་གོ་དང་སུའེ་ཙེར་ཡི་རྒྱུད་གཅིག་ལམ་གཅིག་འཕེལ་རྒྱས་ཀྱི་འཛུགས་སྐྲུན་བྱ་བར་ཐུགས་ཁུར་གནང་བཞིན་པའི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣ་དག་མཛད་སྒོར་ཞུགས། ཀྲུང་གོར་སྡོད་པའི་སུའེ་ཙེར་གཞུང་ཚབ་ཁང་གི་གདན་ཞུ་ལྟར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ཆོད་པདྨ་ཚེ་རིང་དང་རྫ་སྟོད་རྫོང་ཏང་ཨུའི་ཧྲུའུ་ཅི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྫ་ཆུའི་འབྱུང་ཡུལ་གླིང་ཁུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་གྲུབ་ཁྱབ་བསྒྲགས་ཚོགས་འདུར་ཞུགས།

 

    11月14日,瑞中世界丝路促进会成立发布仪式在瑞士驻华大使官邸成功举行。促进会联席主席、全国政协委员李山博士,促进会主席、瑞士联邦国会议员克劳德·贝格里博士,瑞士驻华大使戴尚贤阁下,中联部原副部长于洪君先生,国家发改委国际合作中心郭建民先生,中国人民对外友好协会代表及其他关心瑞中“一带一路”发展建设的各界人士共同见证了这一重要时刻。应瑞士驻华大使馆邀请,玉树州政府秘书长乔万玛才仁,杂多县委书记、三江源国家公园澜沧江源园区管委会党委书记才旦周参加发布会。




ཁྱབ་བསྒྲགས་ཚོགས་འདུའི་སྟེང་ཀྲུང་གོར་སྡོད་པའི་སུའེ་ཙེར་གཞུང་ཚབ་པ་སྐུ་ཞབས་ཏེད་ཧྲེང་ཞན་གྱིས་ཤིས་ཚིག་ཕུལ་བ་དང་།  ཁོང་གིས་སུའེ་ཙེར་དང་ཀྲུང་གོའི་མཛའ་འབྲེལ་གྱི་ལོ་རྒྱུས་རྒྱུན་རིང་ལ།  སུའེ་ཙེར་ནི་ཀྲུང་གོ་གསར་བར་ཆེས་སྔོན་དུ་མཉམ་ལས་འབྲེལ་བ་བཙུགས་པའི་རྒྱལ་ཁབ་གྲས་ཀྱི་གཅིག་ཀྱང་ཡིན་པ་དང་། ཡོ་རོབ་གླིང་གི་རྒྱལ་ཁབ་ཁྲོད་སྔོན་དུ་ཡ་གླིང་དངུལ་གཏོང་དངུལ་ཁང་དུ་ཞུགས་པ་མ་ཟད་ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལ་རྒྱབ་སྐྱོར་བྱེད་པའི་རྒྱབ་ཁབ་ཡང་ཡིན་པར་བསྟན་ལ། རྗེས་ཕྱོགས་དར་གོས་ཚོང་ལམ་སྐུལ་འདེད་ཚོགས་པའི་སྟེགས་བུ་འདིར་བརྟེན་ནས་སྔར་ལས་མང་ཞིང་བཟང་བའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་མང་པོ་ལག་བསྟར་བྱས་ཏེ། སུའེ་ཙེར་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་འབྱོར་ཚོང་དང་མི་ཆོས་སོགས་ཁྱབ་ཁོངས་ནས་སྔར་ལས་ལྷག་པའི་མཉམ་ལས་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་ཐོན་དགོས་པའི་རེ་བ་བཏོན། 

     发布会上,瑞士驻华大使戴尚贤阁下发表致辞,他表示,瑞士和中国的友好关系源远流长,瑞士是最早同新中国建交的西方国家之一。瑞士也是在欧洲国家中率先加入亚投行并积极支持中国“一带一路”倡议的国家之一。希望今后能够借助丝路促进会这一平台,让更多更好的“一带一路”项目落地,推动瑞中两国在经贸、人文等领域的进一步合作。




 གྲོས་མི་ཁུག་ལོད་ཏིག་པེ་ཀུག་ལིས་ཡིས་བརྗོད་དོན་གཏམ་བཤད་ཁྲོད་དར་ཧུར་ཐག་སྒོས་གོས་ཚོང་ལམ་སྐུལ་འདེད་ཚོགས་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་གཉིས་དང་དེ་མིན་ཀྲུང་གོ་དང་ཡོ་རོབ་གླིང་བར་གྱི་དཔལ་འབྱོར་དང་ཚན་རྩལ།  རིག་གནས་བཅས་ཕྱོགས་ཀྱི་མཉམ་ལས་འབྲེལ་འདྲིས་ལ་ཤུགས་ཆེན་པོའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་དང་། རྗེས་ཕྱོགས་དར་གོས་ཚོང་ལམ་སྐུལ་འདེད་ཚོགས་པས་ཕྱི་ཕྱོགས་ལ་དུས་ཡུན་རིང་པོའི་མཛའ་བརྩེའི་མཉམ་ལས་ཀྱི་སྒྲིག་གཞི་བཙུགས་ནས།  རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་འབྱུང་ཡུལ་གླིང་ཁུལ་གྱི་མི་སྣའི་འབྲེལ་འདྲིས་དང་གསོ་སྦྱོང་བརྗེ་རེས་སོགས་ཀྱི་ཐབས་ལམ་ལ་བསྟེན་ནས། ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་ཆུ་རྒྱུན་དོ་དམ།  གནས་སྐོར་འཕེལ་རྒྱས་བཅས་ཀྱི་ཐད་ནས་བྱས་རྗེས་འཇོག་དགོས་པར་བསྟན། 

      克劳德·贝格里议员在主题演讲中表示,将努力发挥丝路促进会这一平台优势,大力推动并开展两国及中欧之间的经济、科技和文化方面的合作交流。今后,丝路促进会将与对外友协建立长期的合作机制,与三江源国家公园澜沧江源园区通过人员互访、培训交流等方式,为当地生态环保建设、河流管理和旅游发展贡献智慧和力量。




རྒྱུས་ལོན་པ་ལྟར་ན།  ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞིར་བསྟུན་ཆེད་གྲོས་མི་ཁུག་ལོད་ཏིག་པེ་ཀུག་ལིས་ཀྱིས་སུའེ་ཙེར་མནའ་འབྲེལ་གྲོས་ཚོགས་ནས་སུའེ་ཙེར་དང་ཀྲུང་གོའི་གྲོས་ཚོགས་ཀྱི་དར་གོས་ཚོང་ལམ་མཛའ་འབྲེལ་ཨུ་ཡོན་ལྷན་ཁང་བཙུགས་པ་མ་ཟད་ཀྲུའུ་ཞིའི་འགན་གཞེས་པ་དང་།   ད་ལོའི་ཟླ་གཉིས་པར་ཁོང་གིས་ཡང་བསྐྱར་སྣེ་ཁྲིད་ནས་སུའེ་ཙེར་ནས་རང་ཚུགས་ཁྲིམས་མིའི་ཐོབ་དབང་ཡོད་པའི་སུའེ་ཙེར་དང་ཀྲུང་གོའི་འཛམ་གླིང་དར་གོས་ཚོང་ལམ་གྱི་སྐུལ་འདེད་ཚོགས་པ་བཙུགས།  ད་ལོའི་ཟླ་བཅུ་བའི་ཟླ་དཀྱིལ་ལ་རྒྱལ་ཡོངས་མཛའ་གྲོགས་མཐུན་ཚོགས་ཀྱི་བཀོད་སྒྲིག་འོག་ཁུག་ལོད་ཏིག་པེ་ཀུག་ལིས་ཀྱིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་དང་རྣམ་སྲས་ཡུལ་ཚོ་རུ་ཡོང་ནས། རྫ་ཆུའི་འབྱུང་ཡུལ་གླིང་ཁུལ་གྱི་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། རྟོག་ཞིབ་གོ་རིམ་ཁྲོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་འཛུགས་སྐྲུན་དང་སྐྱེ་ཁམས་སྲུང་སྐྱོབ། བོད་ལུགས་གསོ་རིག་དང་སྲོལ་རྒྱུན་རིག་གནས་སོགས་ཀྱི་སྐོར་ལ་ཁོང་རང་སྤྲོ་བ་སྐྱེས་ཤིང་མཉམ་ལས་ཀྱི་རེ་འདུན་ཡང་བཏོན།  ཆོད་པདྨ་ཚེ་རིང་གིས་ཀྱང་སུའེ་ཙེར་དང་ཀྲུང་གོའི་འཛམ་གླིང་དར་གོས་ཚོང་ལམ་སྐུལ་འདེད་ཚོགས་པའི་སྟེགས་བུར་བརྟེན་ནས་ཕྱོགས་གཉིས་ཀྱིས་མཉམ་ལས་བརྗེ་རེས་ཐད་ལ་སྔར་ལས་ཤུགས་བསྣན་ནས་ཕུན་ཚུན་སྐུལ་འདེད་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་པའི་རེ་བ་ཡོད་པར་བསྟན། ཉེ་ཆར། བསམ་ཚུལ་བརྗེ་རེས་དང་གྲོས་བསྡུར་ཞིབ་མོ་བརྒྱུད་ཕྱོགས་གཉིས་ཀྱིས་སུའེ་ཙེར་དང་ཀྲུང་གོའི་འཛམ་གླིང་དར་གོས་ཚོང་ལམ་སྐུལ་འདེད་ཚོགས་པ་དང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་ཕྱོགས་མང་པོའི་མཉམ་ལས་འབྲེལ་འདྲིས་ཐད་ནས་གཅིག་མཐུན་གྱི་ལྟ་བ་བྱུང་ཡོད་པ་མ་ཟད། རྗེས་ཕྱོགས་ཀྱི་མཉམ་ལས་བྱ་བའི་ཐད་ནས་གྲོས་མོལ་བྱས།

       据悉,为响应中国的“一带一路”倡议,克劳德•贝格里议员在瑞士联邦议会发起组建了瑞中议会丝路友好委员会并出任主席。今年2月份,他又牵头发起并在瑞士注册成立了具有独立法人资格的瑞中世界丝路促进会。今年10月中旬,在全国友协的安排下克劳德·贝格里访问了青海玉树州杂多县和昂赛乡,考察了澜沧江源园区的建设情况,考察访问中他对三江源国家公园建设、生态保护、藏医藏药、传统文化等方面产生了浓厚的兴趣并表达了合作愿望。乔万玛才仁也讲到,希望借助瑞中世界丝路促进会这个平台,双方进一步加强交流合作,实现互促共赢。当日,经过认真交流讨论,双方就瑞中世界丝路促进会与玉树杂多多个方面的交流合作事宜达成了一致意见和共识,并就下一步合作进行了磋商。






རྫ་སྟོད་རྫོང་ལ་མཚོན་ན་མཚོ་བོད་མཐོ་སྒང་གི་དཀྱིལ་སྙིང་ས་ཁུལ་དུ་ཡོད་ཅིང་མཚོ་སྔོན་དང་བོད་ལྗོངས་ཀྱི་འདྲེས་མཚམས་སུ་ཆགས་ཡོད་སྟབས།  དར་གོས་ཚོང་ལམ་ལྷོ་མའི་ཐང་བོད་གནའ་ལམ་གྱི་གནས་ཐིག་གལ་ཆེན་ཡིན་པ་དང་།  རྫ་ཆུའི་མེ་གོང་གཙང་བོ་དང་འབྲི་ཆུའི་ལྷོ་ཁུངས་ཀྱི་འབྱུང་ཡུལ་ཡང་ཡིན་པས་རྫ་ཆུའི་འབྱུང་ཡུལ་གྱི་རྫོང་དང་པོ་དང་ཀྲུང་གོའི་གསའ་ཡི་ཕ་ས་སོགས་ཀྱི་མཚན་མིང་ཀྱང་ཐོགས་ཡོད་ལ།  འཛམ་གླིང་མཐོ་སྒང་གི་སྐྱེ་ཁམས་ཚད་གཞི་དང་ཆུ་ཁུངས་ཀྱི་གནད་ས་གལ་ཆེན་ཡང་ཡིན། གནས་འདི་རུ་ལོ་ངོ་སྟོང་ཕྲག་དུ་མར་བརྒྱུད་ཡོང་བའི་རུ་སྤོར་རིག་གནས་དང་གེ་སར་རིག་གནས། རི་གླུ་རིག་གནས་ཡོད་པ་མ་ཟད་བརྗིད་ཆགས་ཡིད་འོང་གི་རི་ཀླུང་དང་མཐོ་སྒང་བརླན་ས། འཁྱགས་ཀླུང་དང་གངས་རི་སོགས་ཡོད་པ་མ་ཟད། ཁྱད་མཚར་གྱི་དབྱར་རྩྭ་དགུན་འབུ་དང་མཐོ་སྒང་གི་གསའ། གངས་ལྗོངས་ནོར་གནག་སོགས་ཀྱང་ཡོད།  རྒྱལ་ཁབ་ཀྱི་རྒྱུད་གཅིག་ལམ་གཅིག་གི་ཐབས་ཇུས་དང་ཀྲུང་གོའི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་གི་ཚོད་ལྟའི་ལས་གཞི། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རབས་གསར་བའི་སྲུང་སྐྱོབ་བྱ་བ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་བོད་ནང་དུ་བསྐྱོད་པའི་བགྲོད་ལམ་བརྒྱད་པ་དང་དགུ་བའི་འཛུགས་སྐྲུན་བཅས་དང་བསྟུན་ནས་རྫ་སྟོད་ཀྱི་འཕེལ་རྒྱས་ཐད་ལ་སྔར་མེད་ཀྱི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་ལེགས་ཤོས་དང་འཕྲད། 

  杂多县地处青藏高原腹地,青海西藏交界处,是“南丝绸之路”之唐蕃古道重镇,是澜沧江·湄公河和长江南源的发源地,素有“澜沧江源第一县”,“中国雪豹之乡”等美誉,是“世界屋脊”上的生态高地和水源重地。这里有千古传承的游牧文化、格萨尔文化、山歌文化;雄奇壮美的丹霞地貌、高原湿地、冰川雪山;神奇稀有的冬虫夏草、高山雪豹、雪域牦牛。随着国家“一带一路”战略、中国首个国家公园试点、新一轮三江源保护、东西部扶贫协作、进藏第八、第九通道的建设,杂多的发展遇到了千载难逢的历史机遇。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网