首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 图片新闻
杂多县首届格萨尔文化活动周开幕
来源:    时间:2018年09月27日    

སྟོན་ཟླ་དགུ་བའི་ནང་རྫ་ཆུའི་འབྱུང་ཡུལ་གྱི་བཀྲ་ཤིས་གཡང་གི་ར་བ་རྫ་སྟོད་དུ་དོན་སྙིང་ལྡན་པའི་བྱ་འགུལ་མང་པོ་སྤེལ་བཞིན་པའི་དུས་ཡིན་ལ། ཉེ་ཆར་རྫ་སྟོད་རྫོང་གི་གེ་སར་རིག་གནས་བྱ་འགུལ་གཟའ་འཁོར་སྐབས་ཐོག་མའང་དུས་འདིར་སྤེལ་བཞིན་འདུག

ཐེངས་འདིའི་བྱ་འགུལ་ནི་གེ་སར་རིག་གནས་ཀྱི་ཐོན་ཁུངས་སྔར་ལས་ལྷག་པའི་སྒོ་ནས་སྔོན་འདོན་བྱེད་ཆེད་ཡིན་ལ།  ཚོགས་ཡུན་ཉིན་ལྔའི་འགྲེམ་སྟོན་དང་འགྲན་བསྡུར་ལ་སོགས་པའི་རྣམ་གྲངས་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྫ་སྟོད་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གེ་སར་རིག་གནས་ཀྱི་ཐོན་ཁུངས་མངོན་མཚོན་དང་། རྫ་སྟོད་རྫོང་གིས་ཉེ་བའི་ལོ་འགའི་ནང་གེ་སར་རིག་གནས་ཀྱི་ཁྱབ་ཁོངས་ནས་ལོན་པའི་བྱ་བའི་གྲུབ་འབྲས་གཅིག་བསྡུས་སྒོས་མངོན་མཚོན་བྱས་ཡོད། བྱ་འགུལ་ལས་རྣམ་པ་ཕུན་སུམ་ཚོགས་པའི་གེ་སར་སྙན་རྩོམ་རིང་མོ་གར་སྟེགས་ནས་འཁྲབ་སྟོན་བྱེད་པ་དང་། རྫོང་ཡོངས་ཀྱི་སློབ་མ་ཡོངས་ལ་ཁ་གཏད་ནས་སྤེལ་བའི་གེ་སར་རིག་གནས་ཀྱི་ཤེས་བྱ་འགྲན་བསྡུར་སྣ་མང་པོ་སྤེལ་བ་མ་ཟད། ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གེ་སར་རིག་གནས་སྔོག་འདོན་དང་འཕེལ་རྒྱས་སུ་གཏོང་བར་སྟག་གཟིག་རིག་གནས་དཔྱད་གླེང་ཚོགས་འདུ་བསྡུས་པ་དང་། བྱ་འགུག་གྱི་གོ་རིམ་སོ་སོར་ཁ་གཏད་རང་བཞིན་ཤུགས་དྲག་ལྡན་ཡོད་ལ། རིག་གནས་ཀྱི་གཞི་རྐང་འཛུགས་སྐྲུན་དང་རྒྱུན་འཛིན་དར་སྤེལ་ཐད་ལ་ནུས་ལྡན་གྱི་བྱེད་ཐབས་བེད་སྤྱོད་གང་ལེགས་བཏང་ནས་གེ་སར་རིག་གནས་རྒྱུན་འཛིན་དར་སྤེལ་བཏང་ཡོད།

      在秋高气爽的九月,在澜沧江源头的宝地杂多,一场深有意义的活动正在拉开帷幕,即杂多县首届格萨尔文化活动周。

      此次活动旨在进一步挖掘格萨尔文化资源,通过为期五天的展演、竞赛,全面展现杂多特有的格萨尔文化资源,集中展现我县在近几年在格萨尔领域所取得的成就。活动周既有精彩纷呈的格萨尔史诗舞台展演,又有面向全县学生的格萨尔文化知识竞赛,既有为进一步营造格萨尔习乐艺术圣地而进行的格萨尔习乐艺人大赛,又有进一步挖掘发展区域特色格萨尔文化的达赛文化研讨会。每项活动的设置非常具有针对性,致力于文化的本真建设,回归乡土、寻根溯源,用最实在的方法传承最真的格萨尔事实文化。




ཚེས་ཉེར་ལྔ་ཉིན།   བྱ་འགུལ་གྱི་མགོ་རྩོམ་མཛད་སྒོ་དབྱར་རྩྭ་ཐང་ཆེན་དུ་སྤེལ་ལ།  རྫ་སྟོད་རྫོང་ལ་གངས་ལྗོངས་སྟག་གཟིག་ཕ་སའི་མཚན་སྙན་ཐོབ་ཡོད་ཅིང་། ལོ་ངོ་མང་པོའི་རིང་ཚགས་དམ་པོའི་སྒོ་ནས་གསར་རྩོམ་གནང་བའི་རིག་རྩལ་ཟློས་གར་སྟེ་སྟག་གཟིག་ནོར་མཛོད་འཁྲབ་སྟོན་བྱས་ཤིང་། གེ་སར་རྒྱལ་བོའི་མཁས་མཛངས་དང་གླིང་གི་དཔའ་རྟུལ་སུམ་བཅུའི་གཞུང་དཀར་དཔའ་སྤོབས་ལ་སོགས་པས་ཡུལ་དངོས་ཀྱི་ལྟད་མོ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག  ནོར་མཛོད་རྫ་སྟོད་ཀྱི་གདངས་དབྱངས་སྙན་མོའི་ཁྲོད་མགོ་རྩོམ་བྱ་འགུལ་མཇུག་སྒྲིལ།  

      25日,开幕式在县虫草广场举行,杂多县被誉为“雪域达赛故里”,数年来精心打造的文艺剧目达赛宝地正式上演,在格萨尔的英明神武中,在三十将相的浩然正气里,在岭国贤女的温婉婀娜中,格萨尔史诗文化的独有魅力宛如迸发的光和热,点燃了现场观众的激情,开幕式最后在宝地杂多的优美旋律中落下帷幕。




གེ་སར་རིག་གནས་བྱ་འགུལ་གཟའ་འཁོར་སྤེལ་བཞིན་པའི་སྒང་ཡིན་ཞིང་། བྱ་འགུལ་ལེགས་པོར་སྤེལ་བ་དང་བསྟུན་ནས་ནོར་མཛོད་རྫ་སྟོད་སྟག་གཟིག་ཕ་སའི་རིག་གནས་ཀྱི་མཛོད་ལྟ་བུ་ཡིན་པའི་ངོས་ནས་མ་འོངས་བར་སྔར་ལས་ངོ་མཚར་ལྡན་པར་ཡིད་ཆེས་ཡོད།

      格萨尔文化活动周目前正在进行中,相信随着活动的深入,宝地杂多作为达赛故里的文化魅力将会更加璀璨。




རྗེས་མར་མུ་མཐུད་དུ་གེ་སར་རིག་གནས་ཀྱི་ཤེས་བྱའི་རྟིང་བརྩོད་འགྲན་བསྡུར་དང་གེ་སར་སྒྱུ་རྩལ་པའི་འཁྲབ་སྟོན། གེ་སར་སྟག་གཟིག་ཕ་སའི་དཔྱད་གླེང་ཚོགས་འདུ་སོགས་བྱ་འགུལ་མང་པོ་བསྟུད་མར་སྤེལ་ངེས་རེད། 

      接下来,格萨尔吉荣羊宗舞台剧、格萨尔文化知识决赛、格萨尔习乐艺人大赛、格萨尔神授艺人展演、格萨尔达赛故里研讨会、等活动将会为您持续呈上。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网