首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 图片新闻
省政协副主席王绚赴杂多调研精准扶贫工作
杂多县政府网站:http://www.zaduo.gov.cn    来源:    时间:2018年06月05日    

ཟླ་དྲུག་པའི་ཚེས་གསུམ་ནས་ཚེས་བཞི་ཉིན། རྒྱལ་ཡོངས་ཀྱི་སྲིད་གྲོས་རྒྱུན་ཨུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཞོན། ཞིང་ཆེན་སྲིད་གྲོས་ཀྱི་སློབ་གསོ་ཚན་རིག རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཏུའུ་ཅུན་ཀྲུང་འཁོར་དང་བཅས་པས་ཡུས་ཧྲུའུ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཧྲའོ་ཁྲོན་ཕིན་གྱི་འགྲོ་རོགས་འོག སྔ་གཞུག་ཏུ་དབུལ་ཕོངས་ཁྱིམ་ཚང་དུ་སོང་ནས་རང་རྫོང་གི་གནད་འཁེལ་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། ཟླ་དྲུག་པའི་ཚེས་བཞི་ཉིན་གྱི་སྔ་དྲོར་གནད་འཁེལ་དབུལ་སྐྱོར་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས། རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་འགྲུབ།  རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་སའོ་ཧི། རྫོང་དམངས་ཆེན་གྱི་ཀྲུའུ་རིན་ཁང་ཐོ། རྫོང་སྲིད་གྲོས་ཀྲུའུ་ཞི་རྒྱལ་མཚན། རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཐན་ཁུའུ་ཡུག རྫོང་སྲིད་གཞུང་གིི་རྒྱུན་ལས་རྫོང་དཔོན་གཞོན་པ་ཁང་ཅིན། རྫོང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བིན་ཡ། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དཀོན་མཆོག་ཆོས་དབང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སྐལ་བཟང་ཉི་མ། བསོད་ནམས་ཚེ་རིང་། ཤང་དང་གྲོང་རྡལ་སོ་སོའི་ཧྲུའུ་ཅི། ཤང་གཙོ་དང་གྲོང་གཙོ། འབྲེལ་ཡོད་ལས་ཁུངས་སོ་སོའི་མགོ་ཁྲིད་དག་བཞུགས་མོལ་ཚོགས་འདུར་ཞུགས། བཞུགས་མོལ་ཚོགས་འདུ་ནི་རྫོང་ཏང་ཨུའི་ཧྲུའུ་ཅི་ཚེ་དོན་འགྲུབ་ཀྱིས་མགོ་འཛིན་བྱས།
  6月3日—4日,全国政协常委、省政协副主席王绚,省政协教科文卫体委员会主任杜金忠一行在州政协副主席邵春鹏同志的陪同下,先后前往贫困户家中走访入户调研我县精准扶贫工作,并于6月4日上午召开了精准扶贫工作座谈会。县委书记才旦周,县委副书记、县长索河,县人大主任康托,县政协主席江才,县委副书记田库有,县政府常务副县长康军,县政法委书记文雅,县纪委书记公却求旺,县政府副县长尕松尼玛、索南才仁,各乡(镇)书记、乡(镇)长,及各相关单位领导参加了座谈会。座谈会由县委书记才旦周主持。


ཧྲུའུ་ཅི་ཚེ་དོན་འགྲུབ་ཀྱིས་ཐོག་མར་ཀྲུའུ་ཞི་གཞོན་པ་ཝང་ཞོན་འཁོར་དང་བཅས་ཀྱིས་རང་རྫོང་གི་གནད་འཁེལ་དབུལ་སྐྱོར་བྱ་བར་རྟོག་ཞིབ་བྱས་པར་བཀའ་དྲིན་ཞུས་པ་དང་དགའ་བསུ་བྱས། བཞུགས་མོལ་ཚོགས་འདུའི་སྟེང་རང་རྫོང་གི་གནད་འཁེལ་དབུལ་སྐྱོར་བྱ་བའི་དངོས་བཤུས་བརྙན་འཕྲིན་ལ་བལྟས་པ་དང་། རྫོང་དཔོན་དང་རྫོང་གནད་འཁེལ་དབུལ་སྐྱོར་མཐུན་སྦྱོར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་སའོ་ཧི་ཡིས་རྟོག་ཞིབ་ཚན་ཆུང་ལ་རང་རྫོང་གི་གནད་འཁེལ་དབུལ་སྐྱོར་བྱ་བ་སྤེལ་བའི་གནས་ཚུལ་ཡར་ཞུ་བྱས་ཤིང་། བཞུགས་མོལ་ཚོགས་འདུའི་སྟེང་རང་རྫོང་གི་འགྲིམ་འགྲུལ་དང་སློབ་གསོ། འཕྲོད་བསྟེན་བདེ་ཐང་། སྡོད་ཁང་། ཆ་འཕྲིན་སོགས་ཀྱི་དཀའ་ངལ་དང་གནད་དོན་གྱི་ཐད་ནས་རྟོག་ཞིབ་ཚན་ཆུང་དང་བགྲོ་གླེང་བྱས།
  才旦周书记首先对王绚副主席一行调研我县精准扶贫工作表示了感谢和欢迎。座谈会上观看了我县精准扶贫纪录片;县长、县精准扶贫攻坚协调领导小组组长索河向调研组汇报了我县精准扶贫工作开展情况;座谈会上就我县在交通、教育、卫生健康、住房、通讯等方面存在的困难和问题与调研组进行了深刻、细致的探讨。

ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་བསྟན་དོན། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འབད་བརྩོན་བརྒྱུད། རྫ་སྟོད་རྫོང་གིས་དབུལ་ཐར་མཁྲེགས་གཏོར་བྱ་བར་གྲུབ་འབྲས་གལ་ཆེན་བླངས་ཡོད་པ་དང་། ལྷག་པར་དུ་ས་ཁུལ་གྱི་དྲ་མིག་ཅན་དོ་དམ་རྣམ་པ་ནི་ས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་འཚམ་ཞིང་། རིགས་དབྱེ་བྱེད་ཐབས་ལྟར་ས་གནས་ཀྱི་གནས་ཚུལ་ལ་གཞིགས་ནས། ཁྱོན་ཡོངས་ནས་དབུལ་སྐྱོར་བྱ་བར་སྐུལ་འདེད་བྱས་པས། འདི་ནི་གསར་གཏོད་གལ་ཆེན་ཞིག་ཡིན་པ་དང་། དུས་མཚུངས་སུ་དབུལ་ཐར་མཁྲེགས་གཏོར་བྱ་བར་ཕན་ཡོད་སྒོས་སྐུལ་འདེད་བྱས།
  王绚副主席指出,通过县委、县政府的努力,杂多县的脱贫攻坚取得了不错的成绩,尤其是片区作战“网格化”管理模式非常切合实际,根据分类划片的方式能够因地制宜,全方位推进扶贫工作,这是很好的创举,同时也能有效地推进脱贫攻坚步伐。
ཀྲུའུ་ཞི་གཞོན་པ་ཝང་ཞོན་གྱིས་བསྟན་དོན། རྫ་སྟོད་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་འགྲོ་བ་དང་དེང་རབས་ཅན་གྱི་འཚོ་བ་རོལ་ཐུབ་པའི་བྱ་བ་སེམས་སུ་དམ་པོར་བཟུང་ནས་འགན་འཁྲི་ལག་བསྟར་གང་ལེགས་བྱས། སློབ་གསོ་དང་སྨན་བཅོས་འཕྲོད་བསྟེན། སྡོད་ཁང་དང་ཆ་འཕྲིན་སོགས་དམངས་ཚིས་བྱ་བའི་ཐད་ནས་འཆར་འགོད་གང་ལེགས་བྱས་ཤིང་། དུས་སྔོན་ནས་སྔོན་འགོག་དང་འོས་འཚམ་གྱིས་འཆར་འགོད་བྱས་པ་དང་། དུས་མཚུངས་སུ་བྱ་བ་དངོས་ཁྲོད་ཀྱི་གནད་དོན་ཐག་གཅོད་ལ་ཤུགས་སྣོན་བྱས་ཤིང་། ཐབས་ཇུས་རབས་དང་རིམ་པ་ལག་བསྟར་བྱས་པ་བརྒྱུད། རྫ་སྟོད་རྫོང་གི་དམངས་ཚིས་བཟོ་སྐྲུན་ལ་མཐོར་འདེགས་ཆེན་པོ་བྱུང་།
  王绚副主席指出,杂多县委、县政府把老百姓过上好日子,过上现代化的生活真正地放在了心上、扛在了肩上。在教育、医疗卫生、住房、通讯等民生工作上做到了超前谋划,提前预防、合理规划,同时也下大力气解决了实际工作中存在的问题,通过一系列举措,杂多县的民生工程有了很大的提高。 

ཀྲུའུ་ཞི་ཝང་ཞོན་གྱིས་བསྟན་དོན། རྫ་སྟོད་རྫོང་ནི་རིག་གནས་ཀྱི་རྨང་མཐུག་ཅིང་ངོ་མཚར་གྱི་གནས་མཆོག་ཅིག་ཡིན། རྗེས་ཕྱོགས་བདག་གིས་རྫ་སྟོད་རྫོང་མི་དམངས་དང་མཉམ་དུ་དབུལ་སྐྱོར་བྱ་བར་འབད་བརྩོན་བྱས་ནས། མཉམ་དུ་རྫ་སྟོད་རྫོང་གི་འཕེལ་རྒྱས་ལས་དོན་ལ་འཆར་འགོད་གང་ལེགས་བྱ་རྒྱུ་ཡིན་པས། རྫ་སྟོད་རྫོང་གིས་ཞིང་ཆེན་དང་ཁུལ་གྱི་རྒྱབ་སྐྱོར་འོག རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་འགྱུར་མེད་ཀྱི་མགོ་ཁྲིད་འོག་དབུལ་ཐར་མཁྲེགས་གཏོར་ལས་འགན་བདེ་བླག་ངང་ལེགས་འགྲུབ་འབྱུང་ཐུབ་པར་ཡིད་ཆེས་ཡོད། 
  王绚副主席表示,杂多是一个富有文化底蕴同时也是一个神奇的地方,以后我将和杂多县人民一起在扶贫的战车上共同奋斗,共谋杂多发展;相信杂多县在省、州的支持下,在县委、县政府的坚强领导下一定会顺利完成脱贫攻坚任务。

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网