首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 图片新闻
杂多县召开纪念“三八”国际劳动妇女节 表彰大会
杂多县政府网站:http://www.zaduo.gov.cn    来源:    创建时间:2018/3/12 23:29:03    
  ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་སྔ་དྲོར། རྫ་སྟོད་རྫོང་ཚོགས་འདུ་ལྟེ་གནས་སུ་གསུམ་བརྒྱད་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལོ་འཁོར་བརྒྱ་དང་བརྒྱད་ལོན་པའི་གཟེངས་བསྟོད་ཚོགས་འདུ་བསྡུས་པ་དང་། རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཐེན་ཁའོ་ཡུག་དང་རྫོང་ཏང་ཨུའི་རྒྱུན་ཨུ། རྫོང་རྩ་འཛུགས་པུའུ་ཡི་པའུ་ཀྲང་རིན་ཞུས་ཁྲིན། རྫོང་ཏང་ཨུའི་རྒྱུན་ཨུ་ལྷ་མོ་མཚོ་དང་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སྐར་མ་ཕུན་ཚོགས། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཀྲུང་པོད་ཅེ་དང་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧིག་ཅོད་ཡ་སོགས་མགོ་ཁྲིད་རྣམས་ཚོགས་འདུར་ཞུགས་ལ། རྫོང་ཏང་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་རིན་ཞུས་ཁྲིན་གྱིས་ཚོགས་འདུར་མགོ་འཛིན་བྱས།
  3月8日上午,在杂多县中心会议室召开了纪念“三八”国际劳动妇女节108周年表彰大会,县委副书记田库有、县委常委、组织部部长任喜春、县委常委拉毛措、县人大副主任尕玛朋措、县政府副县长钟宝杰、县政协副主席贺娇雅等领导参加了会议,会议由县委常委组织部部长任喜春主持。



 ཚོགས་ཆེན་ལས་ཉིས་སྟོང་བཅུ་བདུན་ལོར་རྫ་སྟོད་རྫོང་གིདཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བྱས་རྗེས་ཆེན་པོ་བཞག་ཡོད་པའི་གསུམ་བརྒྱད་དར་དམར་ཐོབ་མཁན་མི་བཅུ་བདུན་དང་གསུམ་བརྒྱད་དར་དམར་ཐོབ་མཁན་གྱི་ཐུན་མོང་གསུམ། ཡ་རབས་ཁྱིམ་ཚང་ཉེར་དགུ་ལ་གཟེངས་བསྟོད་བྱས
 大会表彰了在2017年度为杂多的经济社会发展做出优异贡献的17名“三八红旗手”、3个“三八红旗集体”、29户“最美家庭”。



 ཚོགས་ཐོག་ནས་རྫ་སྟོད་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པདྨ་སྒྲོལ་མས་ཤིས་ཚིག་ཕུལ་ལ། མོས་བསྟན་དོན། རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་དུས་རབས་གསར་བ་དང་ལས་འགན་གསར་བའི་མདུན་དུ་དཀྱིལ་སྙིང་ལ་ཕྱོགས་ཤིང་ཕྱོགས་ཡོངས་ལ་ཞབས་ཞུ་སྒྲུབ་དགོས་པ་དང་། རྫོང་ཡོངས་ཀྱི་བུད་མེད་རྣམས་མཐུན་སྒྲིལ་སྒོས་རྫ་སྟོད་འཕེལ་རྒྱས་ཐད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་དགོས་པར་བསྟན་ལ། མོས་ལས་རིགས་སོ་སོའི་བུད་མེད་རྣམས་ཀྱིས་མུ་མཐུད་ནས་བུད་མེད་ཀྱི་རང་བརྩི་དང་རང་ཉིད་ལ་ཡིད་ཆེས་བྱེད་པ། རང་ཚུགས་ཡོད་ཅིང་རང་སྟོབས་སྤེལ་བ་བཅས་ཀྱི་རང་ཉིད་བཞི་ཡི་འདུ་ཤེས་དར་སྤེལ་བཏང་ནས།  ཧུར་ཐག་སྒོས་དཀའ་སྤྱད་མདུན་སྐྱོད་བྱས་ཏེ་མཉམ་དུ་མཛེས་སྡུག་ལྡན་པའི་རྫ་སྟོད་ཀྱི་མ་འོངས་པ་སྐྲུན་པར་འབད་པ་ལྷུར་ལེན་བྱེད་དགོས་པའི་རེ་བ་བཏོན།
  会上,杂多县妇联主席白玛卓玛致辞,她指出,各级妇联组织在新时代、新任务面前要围绕中心,服务大局,把全县的妇女同胞团结起来,为杂多的发展做出更大贡献。她希望,各行各业的妇女同胞们继续发扬女性自尊、自信、自立、自强的“四自”精神,努力拼搏、锐意进取,携手建设更加美好的杂多而奋斗。
 མཇུག་མཐར་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཐེན་ཁའོ་ཡུག་གིས་གཏམ་ཤད་གལ་ཆེན་གནང་ཞིང་། ཁོས་ནན་གྱིས་བསྟན་དོན། ང་ཚོ་ཏག་ཏག་ལ་རླབས་ཆེ་བའི་དུས་རབས་ཤིག་ལ་འཁེལ་ཡོད་པས་རྒྱ་ཆེའི་བུད་མེད་བློ་མཐུན་རྣམས་ཀྱིས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ལ། སློབ་སྦྱོང་ལ་ཤུགས་བསྣན་ནས་རང་ཉིད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་པ་དང་།དེར་བསྟུན་སྒོས་ཧུར་རྩོན་ཡར་ཐོན་དང་འགན་ཁུར་ཕོད་པ། མུ་མཐུད་དུ་ཧུར་བརྩོན་འབད་འབུངས་བྱེད་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ་རང་རང་སོ་སོའི་ལས་གནས་ནས་སྔར་ལས་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་པ་དང་། དཔལ་ཡོན་ལྡན་པའི་སྲོལ་བཟང་དར་སྤེལ་དང་ཁྱིམ་སྲོལ་ལེགས་པོ་སྐྲུན་ནས་སྔར་ལས་མང་པོའི་དྲང་ཕྱོགས་ནུས་ཚད་གཅིག་བསྡུས་བྱས་ཏེ། འཕེལ་རྒྱས་དང་དབུལ་ཐར་མཁྲེགས་གཏོར། འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་དཔེ་སྟོན་པ་བཟང་བོ་ཞིག་དུ་འགྱུར་བར་འབད་པ་བྱེད་དགོས་པར་བསྟན།
  最后县委副书记田库有作重要讲话,他强调,我们正处在一个伟大的时代,广大妇女同志要发挥“半边天”作用,在加强学习、提升个人素质的同时,保持积极向上的精神风貌,勇于担当、敢于作为,生命不息、奋斗不止,在各自工作岗位上发挥更大作用。要弘扬文明风尚,创造良好家风,带动形成健康向上、孝老爱亲、勤劳奉献的社会新风,凝聚更多发展正能量,努力成为助推发展、脱贫攻坚、促进和谐的巾帼英雄、巾帼模范。


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网