首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 通知公告
杂多县人民陪审员选任公告
来源:    时间:2019年04月16日    

སྤྱི་བསྒྲགས།

སྔར་ལས་ལྷག་པར་ཁྲིམས་འཛིན་ཡོངས་བསྒྲགས་སྐུལ་སྤེལ་གཏོང་བ་དང་། ཁྲིམས་འཛིན་དམངས་གཙོ་རྒྱ་སྐྱེད་གཏོང་བ། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་བ་བཅས་ཆེད་དུ། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་འདྲི་རོགས་པའི་བཅའ་ཁྲིམས༽ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར། ཡུལ་ཤུལ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁས་ལེན་དང་། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད་དེ། རྫོང་ཡོངས་ཁྱབ་ཁོངས་ནང་ཡོངས་བསྒྲགས་ངང་མི་དམངས་འདྲི་རོགས་པ་༢༠བསྐོ་གཞག་བྱ་རྒྱུ་ཐག་བཅད་ཡོད། ད་ལྟ་འབྲེལ་ཡོད་དོན་ཚན་གཤམ་གསལ་སྤྱི་བསྒྲགས་བྱེད་པ་ཡིན།

གཅིག མི་དམངས་འདྲི་རོགས་པའི་དབང་ཆ།

མི་དམངས་འདྲི་རོགས་པས་ཁྲིམས་ལྟར་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་བྱེད་སྒོར་ཞུགས་ཏེ། འདྲི་གཅོད་པ་ཆེ་བའི་འགན་ཁུར་མི་ཆོག་ཕུད་དེ་ཁྲིམས་དཔོན་དང་མཉམ་དུ་ཁེ་དབང་འདྲ་མཉམ་ཡོད།

གཉིས། མི་དམངས་འདྲི་རོགས་པ་བསྐོ་གཞག་བྱེད་པའི་ཆ་རྐྱེན།

༼༡༽ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བརྩི་བཀུར་བྱེད་དགོས།

༼༢༽ལོ་༢༨ལོན་དགོས།

༼༣༽སྒྲིག་བརྩི་ཁྲིམས་སྲུང་དང་། སྤྱོད་ལམ་ཡག་པོ། དྲང་གཞག་གཞུང་བཟང་ཡིན་དགོས།

༼༤༽ རྒྱུན་ལྡན་གྱིས་འགན་འཁྲི་སྒྲུབ་པའི་ལུས་པོ་ཆ་རྐྱེན་ཡོད་དགོས།

༼༥ སྤྱིར་བཏང་དུ་མཐོ་རིམ་སློབ་འབྲིང་དང་དེའི་ཡན་གྱི་རིག་གནས་ཆུ་ཚད་དགོས།

གསུམ། གཤམ་གསལ་མི་སྣས་མི་དམངས་འདྲི་རོགས་པའི་འགན་ཁུར་མི་ཆོག

༼༡༽ མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་། མི་དམངས་ཁྲིམས་ཁང་། མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་ལས་ཁུངས། རྒྱལ་ཁབ་བདེ་སྲུང་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱི་ལས་བྱེད་མི་སྣ།

༼༢༽ཁྲིམས་རྩོད་པ་དང་། གཞུང་དཔང་པ། འདུམ་གཅོད་བྱེད་མཁན། གཞི་རིམ་གྱི་བཅའ་ཁྲིམས་ཞབས་ཞུའི་ལས་བྱེད་མི་སྣ།

༼༣༽ ལས་གནས་ཀྱི་རྐྱེན་གྱིས་མི་དམངས་འདྲི་རོགས་པའི་འགན་ཁུར་མི་འཚམ་པའི་མི་སྣ་གཞན་དག

བཞི། གཤམ་གསལ་གནས་ཚུལ་ནང་གཅིག་ཡོད་ན། མི་དམངས་འདྲི་རོགས་པའི་འགན་ཁུར་མི་ཆོག

༼༡༽ ཉེས་དོན་གྱི་ཆད་པ་ཁུར་མྱོང་བ།

༼༢༽ ལས་ཁོངས་ནས་ཕྱིར་འབུད་གཏོང་བ།

༼༣༽ ཁྲིམས་རྩོད་པ་དང་།  གཞུང་དཔང་པའི་ལས་གཉེར་དཔང་ཡིག་ཕྱིར་བསྡུ་སོང་པ།

༼༤༽ མི་དམངས་ཁྲིམས་ཁང་གིས་ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་གྱི་མིང་ཐོའི་ནང་དུ་བཞག་སོང་པ།

༼༥༽ ཆད་བཅད་བསླབ་འདོམས་འཁེལ་བས་མི་དམངས་འདྲི་རོགས་པའི་ལན་འགན་མེད་པ་བཟོ་སོང་པ།

༼༦༽ ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཚབས་ཆེ་བ་ཡོད་དང་། ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་ལ་ཤུགས་རྐྱེན་ཐེབས་སྲིད་པ་མི་གཞན་དག

ལྔ། བསྐོ་གཞག་བྱེད་སྟངས།

༼༡༽ སྐབས་བསྟུན་འཐེན་འདེམས། རྫོང་ཁྲིམས་འཛིན་ཅུའུ་དང་མི་དམངས་ཁྲིམས་ཁང་། སྤྱི་བདེ་ལས་ཁུངས་དང་མཉམ་དུ་སྐབས་བསྟུན་རྫོང་ཁོངས་ནང་རྒྱུན་སྡོད་གྲོང་མི་ཁྲོད་མི་དམངས་འདྲི་རོགས་པ་འགན་ཁུར་བའི་ཆ་རྐྱེན་དང་མཐུན་ཡོད་པའི་མི་སྣ་ལྡབ་ལྔ་ཡན་འཐེན་འདེམས་ཏེ་བདམ་བྱའི་འོས་མི་བྱེད། དོ་བདག་གི་འཐད་པ་ཐོབ་ནས་༼མི་དམངས་འདྲི་རོགས་པ་བདམ་བྱའི་འོས་མིའི་རེ་ཞུ་རེའུ་མིག༽འབྲི་བ།

༼༢༽ རྩ་འཛུགས་ཀྱིས་འོས་སྦྱོར་བྱེད་པ། མི་དམངས་འདྲི་རོགས་པ་འགན་ཁུར་བའི་ཆ་རྐྱེན་དང་མཐུན་ཡོད་པའི་སྤྱི་དམངས་ནི། རང་ཉིད་ལས་ཁུར་བྱེད་སའི་ལས་ཁུངས་དང་། ཁྱིམ་ཐོ་གནས་ཡུལ་ལམ་ཡང་ན་དུས་རྒྱུན་སྡོད་གནས་ཀྱི་གཞི་རིམ་རྩ་འཛུགས་དང་། མི་དམངས་ཚོགས་པ་བཅས་ཀྱིས་དོ་བདག་རང་ཉིད་ཀྱི་འཐད་པ་ཐོབ་ནས། ཡིག་ཐོག་ནས་འོས་སྦྱོར་བྱེད་དང་༼མི་དམངས་འདྲི་རོགས་པ་བདམ་བྱའི་འོས་མིའི་རེ་ཞུ་རེའུ་མིག༽འབྲི་བ།

༼༣༽ རང་ཉིད་ཀྱིས་རེ་ཞུ་བ། མི་དམངས་འདྲི་རོགས་པ་འགན་ཁུར་བའི་ཆ་རྐྱེན་དང་མཐུན་ཡོད་པའི་སྤྱི་དམངས་ནི། རང་ཉིད་ཀྱིས་ཐད་ཀར་དུ་རེ་ཞུ་འདོན་ཞིང་། ༼མི་དམངས་འདྲི་རོགས་པ་བདམ་བྱའི་འོས་མིའི་རེ་ཞུ་རེའུ་མིག༽འབྲི། བསྐོ་གཞག་བྱེད་དུས་ཉེ་དུས་རང་ཉིད་ཞྭ་མེད་འདྲ་པར་ཚོན་གཅིག་གི་ཆུང་བ་ལྔ༼ གློག་རྡུལ་ཅན།༽དང་། ཐོབ་ཐང་དཔང་ཡིག ཁྱིམ་ཐོ་དཔང་ཡིག འབྲེལ་གཏུག་བྱེད་སྟངས་བཅས་འབྲེལ་ཡོད་ཡི་གེའི་བསྐྱར་དཔར་ཡིག་ཆ་རེ་རེ་འབུལ་དགོས།

དྲུག མིང་ཐོ་འགོད་པའི་བྱེད་སྟངས།

སྤྱི་བསྒྲགས་བྱེད་པའི་ཉིན་ནས་བཟུང་༢༠༡༩ལོའི་ཟླ  པའི་ཚེས་  ཉིན་བར། གོང་གསལ་ཆ་རྐྱེན་དང་མཐུན་ཡོད་པའི་སྤྱི་དམངས་རྣམ། ཁྱིམ་ཐོ་ཡོད་ས་ཞང་༼གྲོང་རྡལ༽སྲིང་གཞུད་ཁྲིམས་འཛིན་ཁང་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་ནས་མིང་ཐོ་འགོད་ཆོག མངའ་ཁུལ་ཡོད་པའི་ལས་ཁུངས་ངམ་ཡང་ན་ཁྱིམ་ཐོ་གནས་ཡུལ་གྱི་གཞི་རིམ་རྩ་འཛུགས་དང་། མི་དམངས་ཚོགས་པ་བཅས་ཀྱིས་སྤྱི་དམངས་རང་ཉིད་འཐད་པ་ཐོབ་ཡོད་ན། འབྲེལ་ཡོད་ལས་ཁུངས་ངམ་ཡང་ན་གཞི་རིམ་རྩ་འཛུགས་དང་། མི་དམངས་ཚོགས་པ་བཅས་ཀྱིས་་ཡིག་ཐོག་ནས་ཐད་ཀར་དུ་རྫོང་ཁྲིམས་འཛིན་ཅུའུ་ལ་འོས་སྦྱོར་བྱེད། ཡང་ན་ཞང་༼གྲོང་རྡལ༽སྲིང་གཞུང་ཁྲིམས་འཛིན་ཁང་དང་གྲོང་མིའི་ཨུ་ཡོན་ལྷན་ཁང་བརྒྱུད་དེ་རྫོང་ཁྲིམས་འཛིན་ཅུའུ་ལ་འོས་མིའི་ཡིག་ཆ་འབུལ་བ།

བདུན།  ཐོག་མའི་ཞིབ་དཔྱོད་དང་། རྟོག་ཞིབ། བསྐྱར་ཞིབ། བསྐོ་གཞག

༢༠༡༩ལོའི་ཟླ་༥པའི་ཚེས་༡༣ཉིན་ནས་བཟུང་། རྫོང་ཁྲིམས་འཛིན་ཅུའུ་ཡིས་རྫོང་མི་དམངས་ཁྲིམས་ཁང་། སྤྱི་བདེ་ལས་ཁུངས་དང་མཉམ་དུ་སྐབས་བསྟུན་འཐེན་འདེམས་དང་། རང་ཉིད་ཀྱིས་རེ་ཞུ་བའམ་ཡང་ན་འོས་སྦྱོར་བྱས་སོང་པའི་སྤྱི་དམངས་ལ་འོས་བབ་ཞིབ་དཔྱོད་བྱ་རྒྱུ་ཡིན། ཐོག་མའི་ཞིབ་དཔྱོད་མཇུག་སྒྲིལ་རྗེས། རྫོང་ཁྲིམས་འཛིན་ཅུའུ་ཡིས་རྫོང་མི་དམངས་ཁྲིམས་ཁང་། སྤྱི་བདེ་ལས་ཁུངས་དང་མཉམ་དུ་མི་དམངས་འདྲི་རོགས་པའི་བདམ་བྱའི་འོས་མིར་རྟོག་ཞིབ་བྱ་རྒྱུ་ཡིན་ཞིང་། ༼མི་དམངས་འདྲི་རོགས་པ་ཞིབ་བཤེར་རེའུ་མིག༽འབྲི་དགོས། རྟོག་ཞིབ་མཇུག་སྒྲིལ་རྗེས། རྫོང་ཁྲིམས་འཛིན་ཅུའུ་ཡིས་རྫོང་མི་དམངས་ཁྲིམས་ཁང་དང་མཉམ་དུ་འོས་བབ་ཞིབ་གཅོད་འཕྲོད་སོང་པའི་མིང་ཐོ་ནང་ནས་སྐབས་བསྟུན་མི་དམངས་འདྲི་རོགས་པའི་བསྐོ་གཞག་འགོད་པའི་འོས་མི་འཐེན་འདེམས་རྒྱུ་ཡིན་ཞིང་། དེའི་ནང་རང་ཉིད་ཀྱིས་རེ་ཞུ་དང་རྩ་འཛུགས་ཀྱིས་འོས་སྦྱོར་བྱས་པའི་བསྐོ་གཞག་འགོད་པའི་འོས་མི། ཐེངས་འདིའི་མི་དམངས་འདྲི་རོགས་པ་བསྐོ་གཞག་བྱེད་པའི་ལྔ་ཆའི་གཅིག་ལས་མང་མི་ཆོག་སྟེ། གཏན་ཁེལ་འགོད་པའི་མི་དམངས་འདྲི་རོགས་པའི་འོས་མི་ནི་ཡོངས་བསྒྲགས་བྱ་རྗེས་རྫོང་དམངས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རེ་ཞུ་ནས་བསྐོ་གཞག་པ་ཡིན།

 

                                                   རྫ་སྟོད་རྫོང་ཁྲིམས་འཛིན་ཅུའུ།  

                                                  རྫ་སྟོད་རྫོང་མི་དམངས་ཁྲིམས་ཁང་།

                                    རྫ་སྟོད་རྫོང་སྤྱི་བདེ་ཅུའུ།

                                                  ༢༠༡༩ལོའི་ཟླ་༤པའི་ཚེས་༡༠ཉིན།   

          

公告

   为进一步推进司法公开,扩大司法民主,提升司法公信,根据《中华人民共和国人民陪审员法》有关规定,经玉树州中级人民法院确认、县人大常委会批准,现决定在全县范内公开选任20名人民陪审员,现将有关事宜公告如下:

一、人民陪审员的权利

人民陪审员依法参加人民法院的审判活动,除不得担任审判长外,同法官有同等权利。

二、人民陪审员选任条件;

1、拥护中华人民共和国宪法;

2、年满28周岁;

3、遵纪守法、品行良好、公道正派;

4、具有正常履行职责的身体条件;

5、一般应具备高中以上文化程度。

三、下列人员不能担任人民陪审员:

1、人民代表大会常务委员会的组成人员、监察委员会、人民法院、人民检察院、公安机关、国家安全机关、司法行政机关的工作人员;

2、律师、公证员、仲裁员、基层法律服务工作者;

3、其他因职务原因不适宜担任人民陪审员的人员;

四、有下列情形之一的,不得担任人民陪审员:

1、受过刑事处罚的;

2、被开除公职的;

3、被吊销律师、公证员执业证书的;

4、被纳入失信被执行人名单的;

5、因受惩戒被免除人民陪审员职务的;

6、其他有严重违法违纪行为,可能影响司法公信的。

五、选任方式

1、随机抽选:由县司法局会同县人民法院、公安机关从辖县内常住居民中随机抽选五倍以上符合担任人民陪审员条件的人选作为候选人,在征得本人同意后填写《人民陪审员候选人申请表》;

2、组织推荐:符合担任人民陪审员条件的公民,由其所在单位、户籍所在地或经常居住地的基层组织、人民团体在征得本人同意后,以书面形式推荐,并填写《人民陪审员候选人申请表》;

3、个人申请:符合担任人民陪审员条件的公民,由本人直接提出申请,并填写《人民陪审员候选人申请表》,选任时应提交本人近期免冠一寸彩照五张(含电子版),身份证、学历证书、户籍证明、联系方式等有关材料的复印件各一份。

六、报名方法:

从自公告之日起至2019年5月10日,凡符合上述条件的公民,到户籍所在乡(镇)政府司法所、居委会报名;辖区所在单位或户籍所在地的基层组织、人民团体征得公民个人同意的,由相关单位或基层组织、人民团体以书面形式直接向县司法局推荐,或通过乡(镇)政府司法所、居委会将推荐人选材料递交县司法局。

七、初审、考察、复审、任命

   从2019年 5月13日起,由县司法局会同县人民法院、公安机关对随机抽选、个人申请或被推荐的公民进行资格初审,并填写《人民陪审员候选人申请表》初审结東后,由县司法局会同县人民法院,公安机关对人民陪审员候选人进行考察,考察结束后进行复审,并填写《人民陪审员审核表》.复审结束后,由县司法局会同县人民法院从通过资格复审的候选人名单中随机抽选确定人民陪审员拟任人选,其中通过个人申请和组织推荐的拟任人选,不超过本次选任人民陪审员名额数的五分之一,拟确定的人民陪审员人选,经公示后报请县人大常委会任命。


         

                        杂多县司法局                                      杂多县人民法院

                                                      杂多县公安局

                                                      2019年4月11日  


      



 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网