首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 通知公告
政府通告 在三江源头这种放生行为将被禁止!
来源:    时间:2019年01月09日    

                       玉树藏族自治州人民政府

           关于在三江源头水域禁止外来鱼种随意放生的通告

      为了有效保护三江源头水域生态环境,保持水生生物多样性和资源禀赋性,根据《中华人民共和国渔业法》《中华人民共和国野生动物保护法》《中华人民共和国农业部水生生物增殖放流管理规定》等法律法规,现将三江源头水域禁止外来鱼种放生活动的有关事宜通告如下:

    一、外来鱼种:指本地土著鱼种外,所有外地引进的鱼种亲体、苗种等活体水生生物品种。

    二、禁止范围:本州境内长江、黄河、澜沧江干流、支流及湖泊、水库等公共水域。

    三、禁止时间:从2019年1月1日开始永久性禁止。

    四、相关要求:

    1.从严控制鱼类物种。由农牧渔政部门负责,除玉树境内土著鱼种外,禁止一切个人或团体开展外来鱼种放生活动。

    2.加强执法监管力度。由渔政、水政、环保、市场监管等部门联合执法,落实“河长制”、“湖长制”,加强水产养殖管理,掌握外地进货鱼类销售行情,防止土著鱼类生态环境遭到破坏。

    3.加强宣传教育。以各级党委宣传部门为主,联合民宗、教育、乡镇和寺管干部力量,在学生、民兵、家庭、寺院、僧侣、森林草原管护员等群体中宣传科学放生、环保放生的重要性和必要性。

    4.处罚措施。凡违反本《通告》的个人或团体,将依据《中华人民共和国渔业法》、《中华人民共和国野生动物保护法》、《中华人民共和国生态环境保护法》及有关法律法规予以处罚。造成严重后果者,将移送司法机关依法追究刑事责任。

    特此通告。


玉树藏族自治州人民政府

2019年1月1日


举报地址:玉树藏族自治州农牧科技局渔政科

举报电话:0976—8820512

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་

སྲིད་གཞུང་ནང་འདྲེན་ཉ་རིགས་རང་མོས་ལྟར་སྲོག་བསླུ་བྱས་ཏེ་ཆུ་གསུམ་མགོ་ཁུངས་འབབ་རྒྱུན་དུ་མངགས་མི་ཆོག་པའི་སྐོར་གྱི་བརྡ་སྦྱོར།


   ཕན་འབྲས་ལྡན་པའི་ངང་ཆུ་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཆུ་སྐྱེས་སྲོགས་ཆགས་ཀྱི་སྣ་མང་རང་བཞིན་དང་ཐོན་ཁུངས་རང་སྤུས་རང་བཞིན་རྒྱུན་སྲིང་བྱེད་ཆེད།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིང་ལས་པུའུ་ཡི་ཆུ་སྐྱེས་སྲོག་ཆགས་རྒྱུད་འཕེལ་དོ་དམ་གཏན་འབེབས་ཞེས་པ་སོགས་འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་ནས། ད་ལྟ་ཆུ་གསུམ་མགོ་ཁུངས་འབབ་རྒྱུན་དུ་ནང་འདྲེན་ཉ་རིགས་སྲོག་བསླུ་བྱ་སྤྱོད་བཀག་འགོག་སྐོར་གྱི་བརྡ་སྦྱོར་གཤམ་གསལ།

  གཅིག  ནང་འདྲེན་ཉ་རིགས་ཞེས་པ་ནི་རང་ས་གནས་ཀྱི་ཉ་རིགས་མ་གཏོགས་ས་གནས་གཞན་ནས་ནང་འདྲེན་བྱས་པའི་ཉ་དང་ཉེའུ་སོགས་ཆུ་སྐྱེས་ལུས་སྲོག་ལྡན་པའི་སྐྱེ་དངོས་རིགས་ལ་གོ་དགོས།

  གཉིས།  བཀག་འགོག་བྱ་ཡུལ་ནི་རང་ཁུལ་མངའ་ཞབས་ཀྱི་འབྲི་ཆུ་དང་རྫ་ཆུ།   རྨ་ཆུ་བཅས་དང་དེའི་ཆུ་ལག    ད་དུང་མཚེའུ་དང་ཆུ་མཛོད་སོགས་ཀྱི་འབབ་རྒྱུན་ཡིན།

  གསུམ།  བཀག་འགོག་བྱེད་ཡུན་ནི་༢༠༡༩ལོའི་ཟླ་༡་པའི་ཚེས་༡ནས་བཟུང་གཏན་འགོག་བྱ་རྒྱུ་ཡིན།

  བཞི །  འབྲེལ་ཡོད་ཀྱི་དགོས་འདུན།

    ༡   ཉ་རིགས་སྲོག་ཆགས་ནན་གྱིས་ཚོད་འཛིན་བྱ་བ།   ཞིང་ཕྱུགས་ཉ་སྲིད་སྡེ་ཁག་གིས་ཡུས་ཧྲུའུ་ས་གནས་ཀྱི་ཉ་རིགས་མ་གཏོགས་མི་སྒེར་རམ་ཚོགས་པ་གང་གིས་ཀྱང་ས་ཆ་གཞན་ནས་ནང་འདྲེན་པའི་ཉ་རིགས་སྲོག་བསླུ་བྱེད་པའི་བྱ་འགུལ་སྤེལ་བར་བཀག་འགོག་བྱེད་པར་འགན་འཁུར་དགོས།

    ༢  ཁྲིམས་བསྟར་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། ཉ་སྲིད་དང་ཆུ་སྲིད།  ཁོར་སྲུང་།  ཚོང་ར་ལྟ་སྐུལ་དོ་དམ་སོགས་ཀྱི་སྡེ་ཁག་དག་ཁྲིམས་བསྟར་མཉམ་འབྲེལ་བྱེད་པ་དང་།  ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་དངོས་སུ་སྒྲུབ་ནས།  ཆུ་ཐོན་གསོ་སྤེལ་དོ་དམ་ལ་ཤུགས་སྣོན་དང་ནང་འདྲེན་ཉ་རིགས་ཕྱིར་འཚོང་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ།  ས་གནས་ཉ་རིགས་ཀྱི་སྐྱེས་ཁམས་ཁོར་ཡུག་གཏོར་བཤིགས་འགྲོ་བར་བཀག་འགོག་བྱ་དགོས།  

    ༣  དྲིལ་སྒྲོག་སློབ་གསོ་བྱེད་ཤུགས་ཆེ་རུ་གཏོང་བ།   ས་གནས་རིམ་པ་སོ་སོའི་ཏང་ཨུ་དྲིལ་སྒྲོག་སྡེ་ཁག་གིས་གཙོ་ཁྲིད་ངང་ཆོས་ལུགས་ཅུས་དང་སློབ་གསོ་ཅུས། ཡུལ་ཚོ་གྲོང་རྡལ་དང་དགོན་པ་དོ་དམ་ལས་བྱེད་བཅས་ཀྱི་ནུས་ཤུགས་མཉམ་འབྲེལ་བྱས་ཏེ་སློབ་མ་དང་སྡེ་དམག །  ཁྱིམ་ཚང་།  དགོན་པ་དང་གྲྭ་བཙུན།  ནགས་ཤིང་དང་རྩྭ་ཐང་ལྟ་སྐྱོང་མཁན་སོགས་ལ་ཚན་རིག་དང་ཁོར་སྲུང་ལ་མཐུན་པའི་སྒོ་ནས་སྲོག་བསླུ་བྱེད་པའི་གལ་འགངས་རང་བཞིན་དྲིལ་བསྒྲགས་བྱ་དགོས།
   ༤ ཆད་པ་གཅོད་ལུགས།  བརྡ་སྦྱོར་འདི་དང་འགལ་མཁན་གྱི་མི་སྒེར་རམ་ཚོགས་པ་སུ་དང་གང་ཡིན་ཡང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉ་ལས་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཞེས་པ་སོགས་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་གཞིར་བཟུང་ནས་ཆད་པ་བཅད་རྒྱུ་ཡིན། གནས་ཚུལ་ཚབས་ཆེན་བཟོ་མཁན་ཡིན་ན་ཁྲིམས་འཛིན་སྡེ་ཁག་ལ་བསྐྱལ་ཏེ་ཉེས་དོན་རྩད་གཅོད་བྱ་རྒྱུ་ཡིན།
    ཆེད་དུ་བརྡ་སྦྱོར།

        ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།

                ༢༠༡༩ལོའི་ཟླ་༡པའི་ཚེས་༡ཉིན།            

ཐེར་འདོན་བྱ་ཡུལ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས་ཉ་སྲིད་ཚན་ཁག།

ཐེར་འདོན་ཁ་པར། ༠༩༧༦   ༨༨༢༠༥༡༢


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网