首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 通知公告
关于杂多县冬虫夏草交易管理规定的通告
杂多县政府网站:http://www.zaduo.gov.cn    来源:    创建时间:2018/5/12 14:27:59    

༄༅།།རྫ་སྟོད་རྫོང་གི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་སྐོར་གྱི་དོ་དམ་གཏན་འབེབས་བྱེད་པའི་བརྡ་ཁྱབ།
关于杂多县冬虫夏草交易管理规定的通告

རྫ་སྟོད་རྫོང་གི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་གི་བྱེད་སྒོ་ཚད་ལྡན་དུ་གཏོང་ཕྱིར་དང་།ཉོ་ཚོང་ཕྱོགས་གཉིས་ཀའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་ཁྲིམས་སྤྱིའི་རྩ་དོན》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གན་རྒྱའི་སྐོར་གྱི་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོབ་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སྲོལ་ཡིག་》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་ཆད་པ་གཅོད་ཕྱོགས་སྐོར་གྱི་་བཅའ་ཁྲིམས།》སོགས་བཅའ་ཁྲིམས་དང་།ཁྲིམས་སྲོལ་བརྩི་དགོས་པ་སོགས་རྫ་སྟོད་རྫོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།ད་ལྟ་རྫ་སྟོད་རྫོང་གི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་སྲིད་གཞུང་གིས་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དོ་དམ་སྐོར་གྱི་འབྲེལ་ཡོད་བརྡ་ཁྱབ་གཏན་འབེབས་བྱེད་པའི་བརྡ་ཐོ།
  为了规范杂多县冬虫夏草交易活动,维护交易双方的合法权益,促进虫草交易市场合法、健康、有序发展。根据《中华人民共和国民法总则》、《中华人民共和国合同法》、《中华人民共和国消费者权益保护法》、《中华人民共和国野生动植物保护条例》、《中华人民共和国道路交通安全法》、《中华人民共和国治安管理处罚法》等法律、法规。结合杂多县实际,现就杂多县冬虫夏草交易,政府监督管理的相关规定做如下通告:
༡རྫ་སྟོད་རྫོང་ས་ཁོངས་ཀྱི་དབྱར་རྩྭ་དགུན་འབུའི་ཉོ་ཚོང་གི་བྱེད་སྒོ་སྤེལ་མཁན་དང་།བགྲོད་ལམ་འགྲིམ་འགྲུལ་ལ་བརྩི་སྲུང་བྱ་དགོས་པ་དང་།གྲོང་ཁྱེར་བདག་སྐྱོང་ཁྲོམ་རའི་ལྟ་སྐུལ་སོགས་སྡེ་ཁག་གིས་འབྲེལ་ཡོད་ཀྱི་གཏན་འབེབས་དང་།ཁེ་ལས་གཉེར་སྐྱོང་བྱེད་པའི་ལག་ཁྱེར་འཛིན་མཁན་ཡིན་པའམ་ཡང་ན་མི་སྒེར་གྱིས་བཟོ་ཚོང་གི་ལས་གཉེར་ལག་ཁྱེར་སོགས་ཚད་མཐུན་པའི་ལག་ཁྱེར་ཡོད་པར་བྱ་དགོས་པ།དེ་དག་ལས་རྫ་སྟོད་རྫོང་གི་ས་ཁོངས་སུ་དབྱར་རྩྭ་དགུན་འབུའི་ཉོ་ཚོང་བྱེད་ཆོག་པ།
༢དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་བྱེད་སའི་གནས་ཞིག་གཏན་ཁེར་བྱེད་དགོས་པ་དང་།གཏན་འཇགས་ཀྱི་གཉེར་སྐྱོང་བྱེད་ས་ཞིག་ཡོད་དགོས།དབྱར་རྩྭ་དགུན་འབུའི་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་དཔྱད་སྤྲོད་བྱས་ནས་ཉོ་སྒྲུབ་ཆོག་པའི་ལས་གཉེར་ལག་འཁྱེར་རམ་འཁྲོལ་འཛིན་གྱི་རུས་མིང་དང་ཐོབ་ཐང་དཔང་ཡིག་ཨང་གྲངས་དང་ཉེ་ཆར་གྱི་ཞྭ་མེད་འདྲ་པར། ཉོ་སྒྲུབ་ཀྱི་ས་གནས་དང་་དུས་བཅད་སོགས་འགོད་དགོས་པ།
༣དབྱར་རྩྭ་དགུན་འབུའི་ཉོ་ཚོང་བྱེད་གནས་ནི་སྲིད་གཞུང་གིས་དམིགས་འཛུགས་བྱས་ནས་ཉོ་སྒྲུབ་བྱེད་མཁན་གྱིས་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་དང་།ས་གནས་དེ་གའི་སྲིད་གཞུང་གི་འགན་ནུས་སྡེ་ཚན་གྱིས་ལྟ་སྐུལ་དང་དོ་དམ་སོགས་ལ་དང་ལེན་བྱ་དགོས་པ།
༤རྒྱལ་ཁབ་ཀྱི་ལས་ཁུངས།བྱ་ལས་སྡེ་ཚན་དང་རྒྱལ་ཁབ་ཀྱི་ལས་བྱེད་མི་སྣ་སོགས་ཀྱིས་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་མི་ཆོག་པ།
༥དབྱར་རྩྭ་དགུན་འབུ་ཉོ་ཚོང་སྐོར་གྱི་མི་ཆོག་པའི་གཏན་འགོག་གི་བྱ་སྤྱོད་ནི།
(1)ས་གནས་སྲིད་གཞུང་གིས་དམིགས་བཙུགས་བྱས་པའི་ཉོ་ཚོང་བྱེད་ས་གནས་མ་ཡིན་པའི་ས་ཁོངས་སུ་ཉོ་ཚོང་བྱས་མི་ཆོག་པ།
(2)ལག་ཁྱེར་མེད་བཞིན་དུ་དབྱར་རྩྭ་དགུན་འབུའི་ཉོ་ཚོང་གཏན་འགོག་བྱ་རྒྱུ་མི་ཆོག་པ།
(3)མི་གཞན་ལ་གནོད་སྐྱེལ་བ་དང་བཀག་འགོག་བྱེད་མི་ཆོག་པ་དང་།རྒྱུན་ལྡན་གྱི་ཉོ་འཚོང་བརྗེ་རེས་དང་།གཡོ་འཚོང་ཧམ་གཉེར་དང་སྒེར་སྡེམ་གཉེར་སྐྱོང་བྱས་མི་ཆོག་པ།
བཙན་ཉོ་བཙན་ཚོང་དང་སླུ་ཉོ་སླུ་ཚོང་བྱེད་མི་ཆོག་པ།ལྷད་བསྲེས་རྫུན་བཟོ་དང་སྤུས་ཞན་བཟང་བརྫུས་བྱེད་མི་ཆོག་སོགས་ཚུལ་མི་མཐུན་པའི་ཉོ་ཚོང་སྤྱོད་ངན་གྱི་བྱ་སྤྱོད་སོགས་ལ་གཏན་འགོག་བྱེད་དགོས་པ།
(4)བཀག་སྡོམ་དང་ཞིབ་དཔྱད་གཏན་ཁེལ་བྱས་པའམ་དཔྱད་ཞིབ་བྱས་མཐར་ཚད་མ་ལོན་པའི་ཚད་འཇལ་ཡོ་བྱད་བེད་སྤྱོད་བྱེད་མི་ཆོག་པ།
(5)འགྲིམ་འགྲུལ་ལ་འགོག་རྐྱེན་དང་གཏོར་བཤིག་འཕྲོད་བསྟེན།གྲོང་ཁྱེར་གྱི་རྣམ་པར་ཤན་ཤུགས་ཐེབས་པ་སོགས་མི་མཐུན་པའི་་བྱ་སྤྱོད་ལ་གཉེར་སྐྱོང་བྱེད་པར་གཏན་འགོག་བྱ་དགོས།
(6) བཅའ་ཁྲིམས།ཁྲིམས་སྲོལ་དང་སྒྲིག་སྲོལ་ནང་བྱ་སྤྱོད་གཞན་དག་བཀག་སྡོམ་བྱེད་མི་ཆོག་པ།་
1.在杂多县区域内从事虫草交易活动者,应当遵守道路交通,城市管理,市场监管部门等有关的规定,并持有企业营业执照或个体工商户营业执照等合法有效证件,方可在杂多县区域内从事虫草交易。
2.虫草收购者,应当具有固定的经营场所,应当持有市场监督管理部门核发的允许经营虫草项目的营业执照或者虫草收购许可证。虫草收购许可证明应当载明持证人姓名、身份证号码、近期免冠照片、收购地点、收购期限等内容。
3.虫草收购者在政府指定的交易点收购虫草,并服从当地政府职能部门的监督和管理。
4.国家机关,事业单位的国家工作人员不得从事虫草收购。
5.从事虫草交易行为,禁止下列行为:
 (1)禁止在地方政府指定的交易场所以外的区域进行交易;
(2)禁止无证无照从事虫草交易;
(3)禁止妨害或阻碍他人正常交易,禁止垄断经营、禁止欺行霸市、禁止强买强卖、禁止骗买骗卖、禁止掺杂使假、以假充真、以次充好、弄虚作假等不正当交易行为;
(4)禁止使用,未经鉴定或者鉴定不合格的计量器具;
(5)禁止占道经营,妨害交通,破坏卫生,影响市容等不良行为。
(6)法律,法规和规章禁止的其他行为。
༦ཚོང་རར་ལྟ་སྐུལ་དོ་དམ་སྡེ་ཁག་གིས་ཁྲིམས་ལྟར་དབྱར་རྩྭ་དགུན་འབུའི་ཉོ་ཚོང་གི་ལས་སྒོ་སྤེལ་བའི་རིང་།འཁྲོལ་འཛིན་མེད་པར་གཉེར་སྐྱོང་དང་ཁྱབ་ཁོངས་ལས་བརྒལ་ནས་ ཚོང་རའི་སྒྲིག་ལམ་དཀྲུགས་པའི་ཁྲིམས་འགལ་གྱི་ཉོ་ཚོང་སྤྱོད་ངན་ལ་ལྟ་སྐུལ་དང་ཞིབ་བཤེར་དང་རྩད་གཅོད་སོགས་བྱེད་དགོས་པ།
༧ཕྱི་སྐོར་གྱི་འགྲིམ་འགྲུལ་ཐད་གཏོང་དང་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གིས་འགན་འཁུར་བ།ཉོ་ཚོང་བྱེད་ས་ལ་འགན་སྲུང་ལས་དོན་གྱིས་ཐག་གཅོད་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་གང་ས་གང་དུ་འཇོག་པ་ལ་ཐག་གཅོད་བྱེད་དགོས་པ།
༨གྲོང་ཁྱེར་དོ་དམ་ཚན་པས་གཙང་བཤེར་ལམ་བཟུང་གཉེར་སྐྱོང་བྱེད་པར།ཁྲིམས་ལྟར་གཅིག་བསྡུས་བྱས་ནས་ཆེད་དོན་བཅོས་སྒྲིག་དང་ལམ་བཟུང་གཉེར་སྐྱོང་བྱེད་པར་གཙང་བཤེར་དང་གཙང་སེལ་ལམ་བཟུང་དངོས་རྫས་སོགས་ལ་ཆད་པ་གཅོད་རྒྱུ་ཐག་གཅོད་བྱ་དགོས།
༩ཁྲིམས་སྒྱུར་མི་སྣས་གཞུང་དོན་སྒྲུབ་པར་འགལ་རྐྱེན་དང་།སྤྱི་བདེའི་སྡེ་ཁག་གིས་《བདེ་འཇགས་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བདེ་སྐྱོང་ཉེས་ཆད་གཅོད་རྒྱུ་དང་།ཉེས་ཚད་ལོན་རིགས་ལ་ཁྲིམས་ལྟར་ཉེས་འགན་ལྟར་འདེད་གཏོང་གི་ལས་འགན་སྒྲུབ་པ།
6.市场监管部门依法对虫草交易活动中无照经营,超范围经营以及扰乱市场秩序和违法违规的交易行为进行监督检查和查办;
7.交警部门负责对交易场所外围的交通疏导和保障工作,对乱停乱放的违章行为进行处理;
8.城市管理部门负责对占道经营的清理,依法集中开展专项整治,清理占道经营,清除占道物品,并依法进行处罚。
9.对妨害执法人员执行公务的,公安机关依照《治安处罚法》的有关规定予以治安处罚,构成犯罪的,依法追究刑事责任。             
 

རྫ་སྟོད་རྫོང་མི་དམངས་སྲིད་གཞུང་།
༢༠༡༨ལོ་ཟླ་༥ པའི་ཚེས་༡༡
杂多县人民政府
2018年5月11日


 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网