首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 通知公告
致全省农牧民党员和城镇居民党员的一封信
杂多县政府网站:http://www.zaduo.gov.cn    来源:    创建时间:2017/11/9 16:27:33    

༼ཀྲུང་གོ་གུང་ཁྲང་ཏང་གི་གཞི་རིམ་རྩ་འཛུགས་འདེམས་བསྐོའི་ལས་དོན་སྐབས་སྤྱོད་སྲོལ་ཡིག༽དང་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་དམངས་ཨུ་ཡོན་ཚོགས་པའི་རྩ་འཛུགས་བཅའ་ཁྲིམས༽དང་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་སྡོད་དམངས་ཨུ་ཡོན་ཚོགས་པའི་རྩ་འཛུགས་བཅའ་ཁྲིམས༽དང༼མཚོ་སྔོན་ཞིང་ཆེན་གྲོང་དམངས་ཨུ་ཡོན་ཚོགས་པའི་འདེམས་བསྐོའི་བཅའ་ཁྲིམས༽གཏན་འབེབས་ལྟར། ཞིང་ཆེན་ཡོངས་ཀྱི་གྲོང་སྡེའི༼སྡེ་ཁུལ༽ཏང་རྩ་འཛུགས་དང་གྲོང་སྡེ༼སྡོད་ཁུལ༽དམངས་ཨུ་ཡོན་ལྷན་ཁང་གིས་ཟླ༡༡པ་ནས་བཟུང་སྐབས་བརྗེའི་འདེམས་བསྐོ་བྱེད་རྒྱུ་རེད། འདི་ནི་ཞིང་ཆེན་ཡོངས་ཀྱི་མཁར་ཤང་གཞི་རིམ་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་དག་གལ་ཆེན་ཞིག་རེད། གྲོང་སྡེའི་༼སྡེ་ཁུལ༽ཨུ་ཡོན་གཉིས་ཀྱི་སྐབས་བརྗེ་འདེམས་བསྐོའི་ལས་དོན་ལ་རྩ་འཛུགས་དང་ལག་བསྟར་ཡག་པོ་བྱེད་རྒྱུ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙིང་དོན་ལག་བསྟར་གཏིང་ཟབ་སྤེལ་བ་དང་གཞི་རིམ་མང་ཚོགས་ཀྱི་དམངས་གཙོ་འདུ་ཤེས་དང་ཁྲིམས་ལུགས་འདུ་ཤེས་ལ་ཤུགས་སྣོན།གཞི་རིམ་ཏང་ཡོན་མང་ཚོགས་ཀྱི་དམངས་གཙོ་ཁེ་དབང་ལ་འགན་སྲུང་། ཏང་གི་སྲིད་སྐྱོང་རྨང་གཞི་མཁྲིགས་གཏོར་བྱེད་པ། གོམ་གང་མདུན་སྤོས་ཀྱིས་ཏང་དམངས་འབྲེལ་འདྲིས་ཇི་ཟབ་གཏོང་བ་དང་མཁར་ཤང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན། རྒྱ་ཆེན་ཞིང་འབྲོག་དམངས་ཏང་ཡོན་དང་གྲོང་རྡལ་སྡོད་དམངས་ཏང་ཡོན་ནི་གྲོང་སྡེའི་༼སྡེ་ཁུལ༽ཏང་རྩ་འཛུགས་སྐབས་བརྗེ་འདེམས་བསྐོའི་གཞི་མ་ཡིན་ལ། གྲོང་སྡེ༼སྡེ་ཁུལ༽དམངས་ཨུ་ཡོན་ལྷན་ཁང་སྐབས་བརྗེ་འདེམས་བསྐོའི་གལ་ཆེན་གྲུབ་ཆ་ཡིན། ཁྱེད་ཅག་གི་མཉམ་ཞུགས་བྱེད་ཚད་དང་འགན་འཁྲི་དང་སྒྲིག་ཁྲིམས་འདུ་ཤེས་དེས་སྐབས་བརྗེ་འདེམས་བསྐོའི་ལས་དོན་གྱི་སྤུས་ཀ་དང་གྲུབ་འབྲས་ལ་ཐད་ཀར་འབྲེལ་བ་ཡོད།
མེ་འཁོར་མྱུར་ཚད་ཆེ་བ་ནི་ཁ་ལོ་ལ་བརྟེན་དགོས་པས།གྲོང་སྡེ༼སྡེ་ཁུལ༽༼ཨུ་གཉིས༽ཚན་ཁག་གི་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་འབྲེལ་འདྲེས་བྱེད་པའི་ཟམ་པ་དང་རྒྱུད་ཐག་ཡིན་ལ། ཏང་གི་ལམ་ཕྱོགས་ཇུས་གཞི་སྲིད་ཇུས་དེ་གཞི་རིམ་གྱི་ལག་བསྟར་པ་དེ་ཡིན། གྲོང་སྡེ༼སྡེ་ཁུལ༽༼ཨུ་གཉིས༽ཚན་ཁག་སྒྲིག་བཀོད་ནན་
མོ་བྱ་རྒྱུ་ནི་སྐབས་བརྗེ་འདེམས་བཀོ་བྱ་བའི་གལ་ཆེན་ལས་འགན་ཞིག་ཡིན། དམངས་གཙོ་ཁེ་དབང་ལ་གཅེས་སྐྱོང་བྱས་ནས་ཏང་གཤིས་དང་བདག་པོའི་སྙིང་སྟོབས་བརྟན་པོ་དགོས་ལ། ནན་ཏན་སྒོས་རང་གི་ལག་ནང་གི་འདེགས་ཤོག་དེ་འཕང་ནས་ཏང་དང་སྲིད་གཞུང་ཡིད་ཆེས་པ་དང་མི་དམངས་མང་ཚོགས་ཀྱི་ཡིད་སེམས་མཐུན་པའི་སྣེ་ཁྲིད་པ་ཞིག་འདེམས་ཐུབ་དགོས། དེ་དང་ཆབས་ཅིག་ཏུ་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་ནུས་པ་གང་ཡོད་འདོན་ཐུབ་དགོས། ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་ལྟར། ཧུར་གྱིས་མང་ཚོགས་ཀྱི་བསམ་བློའི་ལས་དོན་སྒྲུབ་ནས་མང་ཚོགས་རྣམས་སྐབས་བརྗེ་འདེམ་བསྐོ་བྱ་བའི་ཁྲོད་དུ་སྣེ་ཁྲིད་དང་ཁ་ཕྱོགས་སྟོན་དགོས། ཡུལ་གཞན་ལ་ལས་ཀར་སོང་བ་དང་ཚོང་གཉེར་བྱེད་དུ་སོང་བའི་ཏང་ཡོན་རྣམས་ཀྱིས་རང་འགུལ་དུ་རང་ཉིད་ཡོད་སའི་གྲོང་སྡེ༼སྡེ་ཁུལ༽ཏང་རྩ་འཛུགས་ལ་འབྲེལ་བ་བྱོས། རྣམ་པ་འདྲ་མིན་གྱི་སྒོ་ནས་ནན་ཏན་སྒོས་སྐབས་བརྗེ་འདེམས་བསྐོའི་བྱ་བའི་སྲིད་ཇུས་གཏན་འབེབ་འདྲ་མིན་ལ་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས་ནས་༼ཏང་གི་སྒྲིག་ཡིག༽ལ་བརྩི་སྲུང་བྱས་ཤིང་། ཧུར་བརྩོན་གྱིས་ཏང་ཡོན་ཁེ་དབང་ལག་བསྟར་དང་ཏང་ཡོན་འགན་འཁྲི་ནན་བསྟར་བྱས་ནས་དུས་ལྟར་རང་ཡུལ་དུ་ལོག་ནས་སྐབས་བརྗེ་འདེམས་བསྐོའི་ལས་དོན་ལ་ཞུགས་དགོས།
སྒྲིག་ལམ་མེད་ན་ཚད་ལྡན་དུ་མི་འགྲོ་བས།སྐབས་བརྗེ་འདེམས་བསྐོ་ནི་གཟབ་ནན་ཅན་གྱི་ཆབ་སྲིད་བྱ་འགུལ་ཞིག་ཡིན་ལ། བྱ་འགུལ་དེའི་ཁྲོད་དུ་ཞུགས་མཁན་གྱིས་ལམ་ལུགས་ལ་བརྩི་སྲུང་དང་སྒྲིག་ཁྲིམས་ནན་སྲུང་དགོས། ཁྲིམས་ལྟར་འདེམས་བསྐོ་བྱ་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་སྲོལ་ཏང་ཁྲིམས་དང་སྐབས་བརྗེའི་སྒྲིག་ལམ་གྱི་རེ་བ་ལ་ནན་སྲུང་དགོས་ལ། བྱ་སྤྱོད་འདྲ་མིན་གྱིས་སྐབས་བརྗེ་འདེམས་བསྐོའི་བྱ་བའི་སྒྲིག་ཁྲིམས་ལ་གཏོར་རླག་གཏོང་བར་ནན་འགོག་བྱས་ནས་རང་འགུལ་དུ་སྐབས་བརྗེ་འདེམས་བསྐོའི་བྱ་བར་རྒྱུན་ལྡན་ཡོང་བར་འགན་སྲུང་དགོས། འདེམས་ཤོག་འགུག་པ་དང་འདེམས་ཤོག་ཉོ་བའི་ཁྲིམས་འགལ་གནས་ཚུལ་བྱུང་བར་ཤེས་ན་དེ་མ་ཐག་ཏུ་གོང་རིམ་ཏང་རྩ་འཛུགས་དང་འབྲེལ་ཡོད་སྡེ་ཁག་ལ་ཐེར་འདོན་བྱེད་རྒྱུ་དང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་འབྲེལ་ཡོད་གནས་ཚུལ་མཁོ་འདོན་བྱས་ནས་སྐབས་བརྗེ་ཁོར་ཡུག་ལེགས་པོ་སྐྲུན་དགོས།
ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་དབུ་ཁྲིད་འོག རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་ཞིབ་ཕྲའི་འཛུབ་སྟོན་འོག རྒྱ་ཆེན་ཞིང་འབྲོག་དམངས་ཏང་ཡོན་དང་མཁར་གྲོང་སྡོད་དམངས་ཏང་ཡོན་རྣམས་ཀྱི་ཟབ་ཞུགས་དང་མཐུན་སྦྱོར་འོག ཁྲིམས་ལུགས་ནང་ལྟར་དམངས་གཙོ་དང་གོ་རིམ་ལྡན་པ། འཆམ་མཐུན་ཡིན་པའི་སྒོ་ནས་སྐབས་བརྗེ་འདེམས་བསྐོའི་ལས་འགན་ལེགས་འགྲུབ་ཡོང་བ་མ་ཟད། རྩ་འཛུགས་ཡིད་སེམས་ཁེངས་པ་དང་མང་ཚོགས་བློ་ཁེལ་ཡོད་པའི་གྲོང་སྡེའི༼སྡེ་ཁུལ༽སྐབས་གསར་པའི་༼ཨུ་གཉིས༽འདེམས་ཐོན་བྱུང་བའི་ཡིད་ཆེས་ང་ཚོ་ལ་ཡོད། བློ་སེམས་མཐུན་པ་དང་ཁ་ཚིག་སྙོམ་པ། ལས་དོན་ལ་ནུས་ཤུགས་འདོན་མཁན་གྱི་རྣམ་པ་གསར་པ་ཞིག་ཆགས་ངེས་རེད། དབུལ་སྐྱོར་མཁྲིགས་གཏོར་ལས་དོན་རྒྱལ་ཁ་ལོན་ཆེད་དང་མཉམ་གཅིག་ཏུ་ཁྱོན་ཡོངས་སུ་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་དམིགས་འབེན་དངོས་འགྱུར་ཐུབ་པ་དང་། སྔར་བས་འབྱོར་ཕྱུག་དཔལ་ཡོན་མཛེས་སྡུག་འཆམ་མཐུན་ལྡན་པའི་མཚོ་སྔོན་གསར་པ་ཞིག་འཛུགས་སྐྲུན་བྱ་བར་སྲ་བརྟེན་གྱི་རྩ་འཛུགས་འགན་དཔང་བྱས་ཡོད།
མཇུག་མཐར་ཁྱེད་ཅག་གི་ཁྱིམ་ཚང་བདེ་སྐྱིད་ལྡན་པ་དང་ཅི་བསམ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།
                      ཀྲུང་གུང་མཚོ་སྔོན་ཞིང་ཨུའི་རྩ་འཛུགས་པུའུ། 
                       ༢༠༡༧ལོའི་ཟླ༡༡པའི་ཚེས༢ཉིན།

 根据《中国共产党基层组织选举工作暂行条例》《中华人民共和国村民委员会组织法》《中华人民共和国城市居民委员会组织法》和《青海省村民委员会选举办法》规定,全省村(社区)党组织和村(居)民委员会将于11月起进行换届选举,这是全省城乡基层政治生活中的一件大事。组织实施好村(社区)“两委”换届选举工作,对于深入贯彻落实党的十九大精神,强化基层群众的民主意识和法治观念,保障基层党员群众的民主权利,巩固党的执政基础,进一步密切党群干群关系,加强城乡基层社会治理,促进经济社会发展,都具有十分重要的意义。广大农牧民党员和城镇居民党员是村(社区)党组织换届选举的主体,也是村(居)民委员会换届选举的重要参与者,你们的参与度、责任心和法纪观直接关系到换届选举工作的质量和成效。
 “火车跑得快,全凭车头带”。村(社区)“两委”班子是党和政府联系群众的桥梁和纽带,是党的路线方略政策在基层的贯彻执行者。选优配强村(社区)“两委”班子是这次换届选举工作的重要任务。要珍惜民主权利,以坚强的党性和主人翁精神,认真负责地投好自己神圣的一票,选出让党和政府放心,让群众满意的“领头雁”。同时,要充分发挥党员的先锋模范作用,根据党组织的安排,积极做好群众的思想工作,引导和带动群众正确对待和积极参加换届选举。外出务工经商的流动党员要主动与所在村(社区)党组织联系,通过多种方式认真学习掌握换届选举的各项政策规定,遵守《党章》要求,积极行使党员权利,严格履行党员义务,按时回乡参加换届选举。
 “没有规矩,不成方圆”。换届选举是严肃的政治活动,参与换届选举必须讲规矩、守纪律。要增强依规依法选举的意识,严守党规党纪和换届纪律要求,坚决抵制各种干扰破坏换届选举的违纪违法行为,自觉维护正常的换届选举秩序。发现拉票贿选等违纪违法行为的,要及时向上级党组织和有关部门反映,实事求是提供有关情况,努力营造风清气正的换届环境。
 我们坚信,在省委、省政府的正确领导下,在各级党委、政府的具体领导下,在广大农牧民党员和城镇居民党员的积极参与和支持配合下,一定能够依法民主、有序和谐地完成换届选举任务,一定能够选出组织满意、群众拥护的新一届村(社区)“两委”班子,一定能换出心齐、气顺、劲足的好面貌,为打赢脱贫攻坚战,实现同步建成全面小康社会目标,建设更加富裕文明和谐美丽新青海提供坚强的组织保证。
最后,祝你们家庭幸福,生活愉快,万事如意! 

                     中共青海省委组织部 
                       2017年11月2日

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网