首 页 壮美杂多 领导之窗 组织机构 新闻聚焦 政务公开 政策法规 专题专栏
 
您的位置:首页 > 新闻聚焦 > 通知公告
关于在全县范围内捕捉收容流浪牲畜的公告
杂多县政府网站:http://www.zaduo.gov.cn    来源:    创建时间:2017/9/26 17:34:48    

རྫོང་ཡོངས་ཀྱི་ཁྱབ་ཁོངས་ནས་ཕྱུགས་ཟོག་ཡན་པ་འཛིན་བཟུང་བསྡུ་ཉར་བྱེད་པའི་སྤྱི་བསྒྲགས།
关于在全县范围内捕捉收容流浪牲畜的公告
རྫོང་ཡོངས་ཀྱི་རྒྱ་ཆེ་བའི་མི་དམངས་མང་ཚོགས་ལ།
全县广大人民群众:
རྫ་སྟོད་རྫོང་གི་ཕྱུགས་ཟོག་ཡན་པ་དོ་དམ་བྱ་བར་ཤུགས་སྣོན་དང་།སྤྱི་དམངས་ཀྱི་བདེ་ཐང་དང་མིའི་ལུས་ཁམས་བདེ་འཇགས་ལ་འགན་སྲུང་།དེ་མིན་སྤྱི་པུའི་འཕྲོད་བསྟེན་དང་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོང་བྱས་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྫ་ཆུའི་མགོ་ཁུངས་གླིང་ཁུལ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོང་སྐུལ་འདེད་གཏོང་ཕྱིར།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ནང་ཚན་ཨང༡༠༡པའི་《གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིག》དོན་ཚན་སོ་ལྔ་པ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》 དོན་ཚན་བདུན་བཅུ་དོ་ལྔ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་འགོག་བཅོས་རྩ་ཁྲིམས་》(ལེའུ་བཞི་པའི་དོན་ཚན་ཞེ་གཉིས)ལེའུ་བརྒྱད་པའི་དོན་ཚན་བདུན་བཅུ་དོན་ལྔ་པ།《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྲོང་རྡལ་དང་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་དོ་དམ་དོན་ཚན།》(དོན་ཚན་ཉེར་གསུམ་པ། )《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་སྒོ་ཕྱུགས་རིམས་ནད་སྔོན་འགོག་སྐོར་གྱི་སྲོལ་ཡིག་》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར། རང་རྫོང་གི་དོན་དངོས་ལ་འབྲེལ་ནས་ད་ལ་འབྲེལ་ཡོད་ལས་དོན་སྤྱི་བསྒྲགས་གཤམ་གསལ་ལྟར་ཡིན།
  为加强杂多县城流浪牲畜管理,保障公民健康和人身安全,维护公共卫生和社会秩序,促进三江源国家公园澜沧江源园区区域生态保护,根据中华人民共和国国务院令第101号《城市市容和环境卫生管理条例》(第三十五条)、《中华人民共和国治安管理处罚法》第七十五条、《中华人民共和国传染病防治法》(第四章四十二条、第八章七十五条)、《玉树藏族自治州城镇市容和环境卫生管理条例》(第二十三条)、《玉树藏族自治州畜禽防疫条例》等有关法律法规,结合本县实际,现将有关事宜公告如下:
གཅིགསྤྱི་བསྒྲགས་ལས་ཕྱུགས་ཟོག་ཡན་པ་ཞེས་འབོད་པ་དེ་ནི་དམིགས་བསལ་དུས་ཚོད་ཀྱི་དུས་བཅད་ནང་རྫོང་ནང་ཁུལ་གྱི་ཕྱུགས་ཟོག་ཡན་པ་ལ་ཟེར།
གཉིས།  ༢༠༡༧ལོའི་ཟླ་༩ཚེས་༢༦ཉིན་ནས་བཟུང་རྫོང་གྲོང་ཁྱེར་དོ་དམ་ཅུའུ་ཡིས་ ཆེད་ལས་འཛིན་བཟུང་རུ་ཁག་ རྩ་འཛུགས་བྱས་ཏེ་རྫོང་གྲོང་ས་ཁུལ་ནས་གཅིག་གྱུར་ངང་ཕྱུགས་ཟོག་ཡན་པ་འཛིན་བཟུང་ལས་དོན་ཁྱབ་སྤེལ་གཏོང་རྒྱུ་ཡིན་པས།རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་རང་འགུལ་ངང་ལས་དོན་དེ་ལ་གཞོགས་འདེགས་བྱེད་དགོས་ལ་འཛིན་བཟུང་ལས་དོན་ལ་ཁ་གཡར་ནས་དཀྲོག་གཏམ་བཟོ་བ་དང་དཀྲོག་གཏམ་བཤད་པ་སོགས་བཀག་འགོག་བྱེད་པའམ། ཡང་ན་འགལ་རྐྱེན་བཟོས་ན་ཉེས་ཆད་ཚད་ལྕི་ཡང་སྒོས་སློབ་གསོ་གཏོང་རྒྱུ་ཡིན།སློབ་གསོ་བཏང་བས་མ་ཕན་ན་《བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ་ཡིན།
གསུམ།སྤྱི་ཟླ་༡༠པའི་ཚེས་༨་ཉིན་ནས་བཟུང་རྫོང་མཁར་སྤྱིའི་ས་ཁོངས་ནས་བྱུང་བའི་ཕྱུགས་ཟོག་ཡན་པ་ཤེས་རྟོགས་བྱུང་མ་ཐག་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་གཅིག་གྱུར་ངང་གནོད་འཚེ་མེད་པར་ཐག་གཅོད་བྱེད་ངེས་ཡིན།
一、公告所称流浪牲畜,是指在特定的时间期限内,县城区域内的流浪牲畜。
二、自2017年9月26日起至10月7日,县城市管理局将组织专业抓捕队在县城区集中开展流浪牲畜捕捉工作,请广大干部群众主动配合抓捕工作,对借机造谣、散布谣言、阻碍或干扰捕捉收容工作的将视情节轻重予以批评教育,经批教无效的,将按照《治安管理处罚法》的有关规定进行处罚。
三、10月8日起,凡在县城公共区域出现的流浪牲畜,一经发现,由政府有关部门统一做无害化处理。
བཞི།ཚེ་སྲོག་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོ།དེ་མིན་ཡང་ཁྱི་གསོས་པའི་བདག་པོ་དག་གིས་ངེས་པར་རང་ཉིད་ཀྱི་ཕྱུགས་ཟོག་དང་ཁྱི་ལ་དོ་དམ་ལེགས་པོ་བྱེད་དགོས།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོས་ནད་ཀྱི་འགོག་བཅོས་བཅའ་ཁྲིམས》ལྟར་ རྫོང་ཕྱུགས་ལས་ཅུའུ་སྨན་ལས་ས་ཚིགས་ནས་ཕྱུགས་ཟོག་ལ་འགོག་སྨན་རྒྱབ་ནས་འབྲེལ་ཡོད་ཚད་ལོན་ཡིག་ཆ་སྒྲུབ་དགོས་པ་མ་ཟད་མི་ཕྱུགས་བར་གྱི་ནད་ཡམས་འབྱུང་བར་སྔོན་འགོག་བྱེད་དགོས།
ལྔ།མང་ཚོགས་རྣམས་ཀྱིས་རང་འགུལ་དུ་གང་སར་ཕྱུགས་ཟོག་སྐྱུར་བའི་རྣམ་པ་མཐོང་དུས་ཐེར་འདོན་བྱ་རྒྱུར་སྐུལ་མ་བྱས་ནས་ཐེར་འདོད་བྱེད་མཁན་དང་ལས་དོན་ཆེན་པོ་འགྲུབ་མཁན་ལ་ཐེངས་གཅིག་ལ་སྒོར༢༠༠ནས་༥༠༠བར་དགའ་རྟགས་སྟེར་ངེས་ཡིན།
དྲུགཤང་སོ་སོའི་སྲིད་གཞུང་ཡོད་སའི་ས་ཆ་དང་འབྲོག་ཁུལ་གྱི་ཕྱུགས་ཟོག་ཡན་པ། ཤང་སོ་སོའི་སྲིད་གཞུང་དང་རྫོང་ནད་ཡམས་སྔོན་འགོག་སྡེ་ཁག་གིས་རིམ་འགོག་དང་རྒྱུད་བཀག་ཐོ་འགོད་དོ་དམ་སྒྲུབ་ནས་ནད་ཡམས་འགོ་བར་ཉེན་ཁ་སེལ་དགོས།
བདུན།དགོན་སྡེ་དང་ས་གནས་མང་ཚོགས་བཅས་ཀྱི་ཚོགས་པ་དང་མི་སྒེར་གྱིས་རང་འགུལ་བསྡུ་ཉར་གསོ་བ་ནི་སྲིད་གཞུང་གིས་བསྡུ་ཉར་བྱས་པའི་ཕྱུགས་རིགས་ཡན་པ་བརྒྱུད་གཙོ་བོར་སྐྱོང་ཏེ་སྡེ་ཁག་ལ་བསྡུ་ཉར་ཐོ་འགོད་ཁས་ལེན་བྱས་པའི་རྗེས་ཆོག་ལེན་དགོས།དེས་རང་འགུལ་གྱིས་བསྡུ་ཉར་འཁྱམ་པའི་ཕྱུགས་རིགས་ཀྱི་ཚོགས་པ་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས། དེ་མིན་གལ་ཏེ་གནས་ཚུལ་ཧ་གོ་ན་ཚོགས་པ་དང་མི་སྒེར་ལ་སྒོར༥༠༠ཡན་ནས་སྒོར༡༠༠༠མན་ཆད་གཅོད་བྱད་དགོས།དོ་དམ་བྱེད་ལུགས་མ་བཟང་ན་དོ་དམ་མཁན་གྱི་མི་སྒེར་དང་ཚོགས་པ་ཡིས་གླ་རིན་ཡོད་ཚད་འགན་ཁུར་དགོས།རང་འགུལ་དུ་ཕྱུགས་ཟོག་ཡན་པ་གསོ་མཁན་ཡོད་ན་དེ་ལ་གཟེངས་རྟགས་སྤྲད་ངེས་ཡིན།
四、本着“对生命负责”的态度,各单位、各部门以及养犬人士必须要加强对牲畜的管理。根据《中华人民共和国传染病防治法》规定到县畜牧兽医站给牲畜注射疫苗,办理《动物防疫合格证》,防范人畜共患病的发生。
五、鼓励居民主动举报和制止随意遗弃牲畜的行为,对举报和制止有功者,一次性给予200至 500 元奖励。
六、各乡(镇)政府所在地和牧区流浪牲畜,由各乡(镇)政府及县疾控部门分别进行防疫、绝育和登记管理,密切监控疾病传播风险和种群变化。
七、允许寺庙、当地群众等团体和个人主动收容饲养已由政府收容的流浪牲畜,收养团体或个人及时到主管部门进行收容登记确认,领取牲畜准养证并注射疫苗。收养团体或个人不得随意遗弃所收养牲畜,一经发现查实,相关部门将对收养团体或个人处以500元以上1000元以下罚款。如因牲畜管理不当造成意外事故,所有费用均由收养团体或个人承担。对主动收容流浪牲畜的团体与个人进行表彰和奖励。
བརྒྱད།འཛིན་བཟུང་རུ་ཁག་གིས་ལུགས་མཐུན་ངང་འཛིན་པ་དང་ད་རྗེས་སྐྱེལ་འདྲེན་བྱས་ནས་བདེ་འཇགས་གནས་ཚུལ་མི་འབྱུར་བ་བྱེད་དགོས།འཛིན་བཟུང་བྱས་པའི་ཕྱུགས་ཡན་པ་ཡོད་ཚད་དུས་ཐོག་ཏུ་རྩི་ཆུ་ཁ་ཕྱུགས་ཡན་ཉར་སའི་ལྟ་གནས་ལ་སྐྱེལ་རྒྱུ་ཡིན།རྒྱ་ཆེན་མང་ཚོགས་རྣམས་པ་དེ་རུ་ཕེབས་ནས་ལྟ་སྐུལ་བྱེད་པར་དགའ་བསུ་ཞུ།
དགུ།གོ་རིམ་ལྡན་པའི་སྒོ་ནས་སྤྱི་ཚོགས་ནུས་ཤུགས་འདོན་སྤྲོད་བྱ་བའི་རྩ་དོན་ལྟར་དམངས་ཁྲོད་རྩ་འཛུགས་རྫ་སྟོད་ཀྱི་ཕྱུགས་ཟོག་ཡན་པ་དོ་དམ་བྱ་བའི་ནང་ཞུགས་པར་སྐུལ་འདེད་དགོས།
八、抓捕队将进行科学合理地捕捉、运送,以防止引发各类安全事故。所有捕捉的流浪牲畜将及时送往子曲河流浪牲畜收容中心进行收容,欢迎广大群众前往该收容中心参观和监督。
九、遵循有序扩大社会力量参与的原则,鼓励民间组织参与杂多流浪牲畜管理。

    རྫ་སྟོད་རྫོང་མི་དམངས་སྲིད་གཞུང་གིས།

༢༠༡༧ལོའི་ཟླ༩པའི་ཚེས༢༦ཉིན།

杂多县人民政府

2017年9月26日

 

 

 

 

 

 
Copyright 2013 www.zaduo.gov.cn
All Rights Reserved
版权所有:杂多县人民政府网